བཙན་བྱོལ་དང་འབྲེལ་བའི་དེབ་ཞིག་དབུ་འབྱེད་བྱས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།


༢༠༡༦།༡༡།༠༤ཉིན་སྤེལ། བསམ་ཚུལ་ཙམ་མིན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དངོས་ཡོད་གནང་སྟངས་གཞིར་བཟུང་གིས་ཞིབ་འཇུག་བྱས་ཡོད་ཅེས་རྩོམ་པ་པོས་བརྗོད་སོང་།

Tibet-launched a book-2016རྩོམ་པ་པོས་དེབ་ཀྱི་སྙིང་དོན་འཁོད་པ་པ་ལས་གལ་ཏེ་འབྱུར་འགྱུར་ལོ་ངོ་བཅུ་ཕྲག་གསུམ་ནས་ལྔ་ཙམ་བར་དུ་བོད་ཀྱི་དཀའ་རྙོག་མ་སེལ་བར་ལུས་ཚེ། སྐྱབས་བཅོལ་བོད་མི་སྤྱི་དང་དམིགས་བསལ་རྒྱ་གར་གནས་སྡོད་བོད་མི་ཚོར་མ་འོངས་པར་འཕྲད་སྲིད་པའི་དཀའ་ངལ་རྣམས་རགས་རིམ་ཞིག་དགོད་རྒྱུའི་འབོད་ཞུས་ཡོད་ཅེས་དང་། དེབ་འདིའི་བརྗོད་དོན་གཙོ་བོ་ནི་སྡེ་ཚན་ཆེ་ཁག་གསུམ་དུ་བགར་སྟེ། དང་པོའི་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་འདི་ཚོགས་པ་ཞིག་ཡིན་པ། གཉིས་པའི་ནང་དུ་གཞིས་ཆགས་མི་མང་། གསུམ་པའི་ནང་དུ་ཤེས་ཡོན་གྱི་ལྟེ་གནས་དང་མ་འོངས་པ་བཅས་ཀྱིས་གྲུབ་པ་ཞིག་རེད་འདུག

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་ཞེས་པའི་བོད་དབྱིན་གཉིས་ཀྱི་ཐོག་བརྩམས་པའི་དཔེ་དེབ་ཅིག་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཉིས་གཙོས་པའི་དེབ་ཀྱི་རྩོམ་པ་པོ། དོ་སྣང་ཅན་གྱི་ཕྱི་གླིང་བ་དང་བོད་མི་སེར་སྐྱ་མི་མང་བཅས་མི་གྲངས་ ༡༠༠ ལྷག་འཛོམས་འདུག

དཔེ་དེབ་དབུ་འབྱེད་ཐོག་རྩོམ་པ་པོ་ཚེ་དབང་རིག་འཛིན་ལགས་ནས་ཁོང་གི་དཔེ་དེབ་སྐོར་ངོ་སྤྲོད་གནང་སྐབས། ཁོང་གིས་དཔེ་དེབ་འདི་འབྲི་དོན་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་ཚོས་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བཀའ་སློབ་མང་པོ་ཕེབས་པ་ལྟར། ཁོང་གིས་བཙན་བྱོལ་བོད་མིའི་འདས་པ་དང་ད་ལྟའི་གནས་སྟངས་ལ་ཞིབ་འཇུག་བྱས་པ་བརྒྱུད་མ་འོངས་བཙན་བྱོལ་བོད་མིའི་གནས་སྟངས་ལ་རྒྱུས་ལོན་བྱས་ཡོད་པ་དང་། ཞིབ་འཇུག་བྱེད་སྟངས་ཐད་ནས་རྩོམ་པ་པོ་ཁོ་རང་སྒེར་གྱི་བསམ་ཚུལ་ཙམ་མིན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དངོས་ཡོད་གནང་སྟངས་གཞིར་བཟུང་གིས་ཞིབ་འཇུག་བྱས་ཡོད་སོགས་སྐོར་བརྗོད་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་ལོ་གཅིག་གི་སྔོན་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྩོམ་པ་པོ་ཚེ་དབང་རིག་འཛིན་ལགས་ལ་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ལ་ཉམས་ཞིབ་གནང་བའི་གོ་སྐབས་ཕུལ་བ་ནང་བཞིན། ཁོང་གིས་དཔེ་དེབ་འདིར་འགྲེལ་བཤད་སྐྱོན་སྐབས། བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་དེ་ཤེལ་སྒོའི་ནང་བལྟས་པ་ནང་ལྟར་ཞིག་བྱུང་ཡོད་པ་དང་། དེ་ཡང་སོ་སོའི་སྤྱི་ཚོགས་ནང་གི་བཟང་ཆ་གཅིག་པུ་མིན་པར་སྐྱོན་ཆ་དང་དེའི་འབྱུང་རྐྱེན་སོགས་འགྲེལ་བཤད་ཡག་པོ་གནང་འདུག

ཁོང་གི་ཞིབ་འཇུག་འདིའི་ཁྲོད་ཀྱི་ཉེན་ཁ་ཆེ་ཤོས་དེ་ཕྱི་སྡོད་བོད་མིའི་མི་འབོར་འཕེལ་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོ་ནས་ ༢༠༠༩ ལོའི་བར་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་བརྒྱ་ཆ་ ༤.༩ ཡིན་པ་དང་། ཕྱི་ལོ་ ༢༠༠༩ རྗེས་ནས་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་བརྒྱ་ཆ་ ༡.༡༨ ཡིན་པ་དང་། བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་དེ་སྔོན་དང་བསྡུར་ན་ཇེ་ཉུང་དུ་ཕྱིན་ཡོད་སྟབས། མ་འོངས་ལོ་ངོ་ལྔ་བཅུ་དང་བརྒྱ་ཡི་ནང་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་ཧ་ཅང་ཉེ་ཁ་ཆེན་པོ་ཆགས་རྒྱུ་ཡིན་པས། ང་ཚོས་ཉེན་ཁ་དེ་ལ་གདོང་ལེན་གནང་རྒྱུ་དཔེ་མི་སྲིད་པའི་གནད་འགག་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དེབ་འདིའི་ནང་དོན་གཙོ་བོ། བཙན་བྱོལ་བོད་མིའི་མ་འོངས་གནས་སྟངས་གང་འདྲ་ཆགས་སྲིད་པ་དང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་དབུ་མའི་ལམ་གྱི་སྲིད་ཇུས་ལ་ལམ་ལྷོང་བྱུང་བ་ཡིན་ན་གནས་སྟངས་ཅི་འདྲ་དང་། གལ་ཏེ་༧སྐྱབས་མགོན་རིན་པོ་ཆེ་ མཆོག་གི་དགོངས་གཞི་མ་འགྲུབ་པ་དང་༧སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་མ་བཞུགས་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། མ་འོངས་བཙན་བྱོལ་བོད་མིའི་གནས་སྟངས་གང་འདྲ་ཞིག་ཆགས་སྲིད་མིན་དང་། དེང་སྐབས་འཛམ་བུ་གླིང་ནང་འགྱུར་བ་ཤུགས་ཆེན་པོ་ཞེ་དྲགས་འགྲོ་བཞིན་པ་དང་བསྟུན་ནས། ང་ཚོར་བཟང་ཕྱོགས་ཀྱི་འགྱུར་བ་དེ་འདྲ་ཡང་ཡོང་སྲིད་པ་ཞིག་རེད་དེ། ང་ཚོས་རེ་བ་སྡུག་ས་ནས་རྒྱག་ཅེས་པ་ནང་བཞིན། གནས་སྟངས་སྡུག་པོ་བྱུང་ན་ཅི་བྱ་ཞེས་པ་དེ་ལ་ང་ཚོས་སྔ་ས་ནས་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བྲིས་འདུག ཅེས་སོགས་གསུངས་སོང་།

རྩོམ་པ་པོ་ཚེ་དབང་རིག་འཛིན་ལགས་ནི་དམའ་རིམ་དང་གཞི་རིམ་གྱི་ཤེས་ཡོན་བོད་ཁྱིམ་སློབ་གྲྭ་འགྲིམས་པ་དང་། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་མེང་ག་ལོར་གཙུག་ལག་སློབ་ཆེན་དུ་སྤྱི་ཚོགས་ཞབས་ཞུ་དང་ཡར་རྒྱས་ཀྱི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་ཐོན་བྱུང་བ་དང་། ཕྱིས་སུ་ཨ་རིའི་ཨེ་མོ་རི་གཙག་ལག་སློབ་ཆེན་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་རིགས་ལམ་ཐོག་སློག་ཐོན་བྱུང་ཡོད་པ་དང་། ད་ཆར་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་ཡོད་པའི་ཨ་རི་བོད་ཀྱི་ཐེབས་རྩ་ཁང་དུ་སྤྱི་ཚོགས་ཡར་རྒྱས་ཀྱི་གྲོས་སྟོན་པའི་ཕྱག་ལས་གནང་བཞིན་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།