ཞི་ཅིན་ཕིན་རྒྱ་གར་ལ་བཅར་བར་ངོ་རྒོལ་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༡༧ཉིན་སྤེལ། བོད་ཀྱི་གཞོན་ནུ་དང་ཏ་ལའི་མཐོ་སློབ་གྱི་སློབ་བཅས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ལྷོ་ཕྱོགས་གྷོ་བ་རུ་ཚོང་དོན་ཚོགས་འདུར་བཅར་བར་ངོ་རྒོལ་བྱས་ཡོད་འདུག

འདི་གར་གནས་ཚུལ་འབྱོར་བར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ལྷོ་ཕྱོགས་གྷོ་ཝར་རྒྱལ་ཁབ་བདུན་གྱི་ཚོང་དོན་ཚོགས་འདུར་བཅར་སྐབས་བོད་ཀྱི་གཞོན་ནུའི་ཚོགས་མི་དང་ཏ་ལའི་བླ་མ་མཐོ་སློབ་ཀྱི་སློབ་ཕྲུག་༤༠ལྷག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༡༧ བར་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་ (Goa) རུ་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ། བྷ་ར་རྫེལ། ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་བདུན་ཐུན་མོང་གི་བཟོ་ལས་དཔལ་འབྱོར་མཉམ་ལས་སྐོར་གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ (BIMSTEC Summit) ཟེར་བ་ཞིག་འཚོགས་བཞིན་ཡོད་པ་ལྟར། ཁ་སང་ས་གནས་བོད་ཀྱི་གཞོན་ལྷན་གྱི་ངོས་ནས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་སྟེ། རྒྱ་གར་ཉེན་རྟོགས་པས་བོད་མི་༡༠༠ ལྷག་བཀག་བསྐྱིལ་དང་། དེ་བཞིན་ལའི་བླ་མ་མཐོ་སློབ་གྱི་སློབ་མ་༤༠ལྷག་གྷོ་བ་རུ་ངོ་རྒོལ་ལས་འགུལ་སྤེལ་དུ་སོང་ཡོད་པ་ལས་ཕྱེད་ཀ་རྒྱ་གར་ཉེན་རྟོགས་པས་བཀག་བསྐྱིལ་བྱས་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།