ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལག་རྩེད་སྤོ་ལོའི་རྩེད་འགྲན་མཇུག་བསྡུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༡༠ཉིན་སྤེལ། བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལག་རྩེད་སྤོ་ལོའི་རྩེད་འགྲན་བསྡུ་རུབ་ཀྱིས་གཞོན་ནུའི་དུས་དྲན་ཉིན་འགྲན་བསྡུར་གྱི་ཆེས་མཐའ་མའི་རྟིང་རྩོལ་ལ་འཁེལ་གྱི་ཡོད།

ད་ལོ་ཡང་འདི་ཟླའི་ཕྱི་ཚེས་༠༧ཉིན་རྩེད་འགྲན་རུ་ཁག་གི་གཟེངས་རྟགས་དེ་བུ་རྩེད་འགྲན་པ་དང་པོ་འབྲོག་པ་རུ་ཁག་དང་། བུད་མེད་རྩེད་འགྲན་པ་སུ་ཇཱ་སློབ་ཟུར་རུ་ཁག་ལ་ཐོབ་ཡོད་པ་རེད།Tibet-Basketball Tournament-2016དེ་ཡང་དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག ལོ་ལྟར་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་དང་ན་གཞོན་ཚོ་ཕན་ཚུན་འབྲེལ་ལམ་ཡོང་ཆེད་ལག་རྩེད་སྤོ་ལོའི་འགྲན་སྡུར་ཞིག་བྱེད་ཀྱི་ཡོད་པ་ལྟར། འདི་ལོར་འགྲན་སྡུར་ནང་བུ་རུ་ཁག་༡༢ དང་བུད་མེད་རུ་ཁག་༦ མཉམ་ཞུགས་བྱས་ཡོད་པ་རེད། བུ་རུ་ཁག་དང་པོར་བྱ་དགའི་དངུལ་༡༣༠༠༠དང་ཨང་གཉིས་པར་༡༠༠༠༠། བུད་མེད་རུ་ཁག་དང་པོར་༡༠༠༠༠དང་ཨང་གཉིས་པར་༨༠༠༠ཡོད་སྤྲད་སོང་།

དེ་བཞིན་གོང་ཚེས་ཉིན་མོ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་༤༧ འཁོར་བའི་དུས་དྲན་དང་སྟབས་བསྟུན། རྩེད་འགྲན་གྱི་མཐའ་མའི་འགྲན་སྡུར་དང་གཟེངས་རྟགས་སྤྲོད་རྒྱུའི་མཛད་སྒོ་དེ་དྷ་ས་གངས་སྐྱིད་གཞོན་ལྷན་རྩེད་ཐང་དུ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ངག་དབང་ཡོན་ཏན་དང་། གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་འཇིགས་མེད། སྤྱི་འཐུས་ཟླ་བ་ཕུན་སྐྱིད། ངྷ་ས་ས་གནས་འགོ་འཛིན་སོགས་ཕེབས་ཡོད་པ་རེད།

མཐའ་མའི་འགྲན་སྡུར་ནང་བུ་རྩེད་འགྲན་པ་འབྲོག་པ་རུ་ཁག་དང་ཐུ་བྷོད་རུ་ཁག་གཉིས་འགྲན་སྡུར་བྱས་ཏེ། མཐའ་མའི་རྒྱལ་ཁ་འབྲོག་པ་རུ་ཁག་ལ་ཐོབ་སྟེ་ཨང་དང་པོའི་གཟེངས་རྟགས་སྤྲད་ཡོད་པ་རེད། བུད་མེད་རྩེད་འགྲན་པ་སྨན་རྩིས་ཁག་རུ་ཁག་དང་སུ་ཇཱ་སློབ་ཟུར་རུ་ཁག་གཉིས་འགྲན་སྡུར་བྱས་ཏེ། སུ་ཇཱ་སློབ་ཟུར་རུ་ཁག་ལ་རྒྱལ་ཁ་ཐོབ་སྟེ་ཨང་དང་པོའི་གཟེངས་རྟགས་སྤྲད་ཡོད་པ་རེད། དེ་བཞིན་བུ་རྩེད་འགྲན་པའི་ནང་ནས་སྤོ་ལོ་བླུགས་མང་ཤོས་ཐུ་བྷོད་རུ་ཁག་གི་བྱམས་པ་དང་། བུད་མེད་རྩེད་འགྲན་པའི་ནང་ནས་སུ་ཇཱ་སློབ་ཟུར་རུ་ཁག་གི་ཡེ་ཤེས་དབང་མོ་གཉིས་ལ་གཟེངས་རྟགས་སྤྲད་ཡོད་པ་རེད།

འདི་ག་གསར་འགོད་པས་འབྲོག་པ་རུ་ཁག་གི་རྟ་མགྲིན་ཚེ་རིང་ལགས་སུ་རྩེད་འགྲན་འདི་བརྒྱུད་དེ་ཁྱོད་ལ་ཚོར་བ་ག་རེ་བྱུང་སོང་དྲིས་དུས། ཁོང་གིས་བརྗོད་དོན།  ད་ཐེངས་ཀྱི་རྩེད་མོའི་གོ་རིམ་འདི་བརྒྱུད་དེ་བོད་པའི་སྤྱི་ཚོགས་ནང་དུ་གཞོན་སྐྱེས་རྩེད་མོར་དགའ་མཁན་དེ་ཚོར་འདི་འདྲའི་སྡིངས་ཆ་ཞིག་བསྐྲུན་པར་ཧང་སང་བའི་ཡག་པོ་ཞིག་རེད་ལ། རྩེད་མོ་རྩེད་སྟངས་དང་ལྟད་མོར་ལྟ་མཁན་ཉིས་ཆའི་ཁྲོད་ནས་ང་རང་ལ་ཚོར་སྣང་ཡག་པོ་ཞིག་བྱུང་སོང་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།