རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གི་ཡིད་དབང་འཕྲོག་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༠༦ཉིན་སྤེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་བལྟ་རྒྱུ་དང་ཟུར་ཉན་དུ་བཅར་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། གྲོས་ཚོགས་ཀྱི་ལས་རིམ་མཐོང་དུས་ངོས་རང་ཧ་ཅང་ཡིད་དབང་འཕྲོག་བྱུང་ཞེས་བརྗོད་འདུག

altགཞུང་འབྲེལ་དྲ་བའི་བརྒྱུད་ལམ་བཀོད་པའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་གྲོས་ཚོགས་གཞན་ལྟར་ཟིང་འཁྲུག་དང་ངོ་རྒོལ་རིགས་རྩ་བ་ཉིད་ནས་མེད་པར་གྲོས་ཚོགས་ཀྱི་ལས་རིམ་མཐའ་དག་ཞི་བདེ་ལྷིང་འཇགས་དང་། སྒྲིག་མཐུན་ཐོག་འགྲོ་བཞིན་འདུག་ཅེས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གིས་ཕྱག་བྲིས་དཔལ་ལྡན་ཚོགས་གཙོའི་མིང་ཐོག་ནས་ཕྱག་བྲིས་འཕུལ་ཡོད་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ད་ལྟའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་ Shanta Kumar མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་བའི་ནང་འཁོད་དོན། ངོས་རང་ཕྱི་ལོ་ ༢༠༡༦ ཟླ་༩ ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་བལྟ་རྒྱུ་དང་ཟུར་ཉན་དུ་བཅར་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། གྲོས་ཚོགས་ཀྱི་ལས་རིམ་མཐོང་དུས་ངོས་རང་ཧ་ཅང་ཡིད་དབང་འཕྲོག་བྱུང་།

རྒྱ་གར་གྱི་གྲོས་ཚོགས་གཞན་ལྟར་ཟིང་འཁྲུག་དང་ངོ་རྒོལ་རིགས་རྩ་བ་ཉིད་ནས་མེད་པར་གྲོས་ཚོགས་ཀྱི་ལས་རིམ་མཐའ་དག་ཞི་བདེ་ལྷིང་འཇགས་དང་། སྒྲིག་མཐུན་ཐོག་འགྲོ་བཞིན་འདུག

བོད་ནས་དུས་ཡུན་དེ་འདྲ་རིང་པོར་བྲལ་དགོས་བྱུང་བ་ཡིན་ནའང་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སོ་སོའི་ལས་དོན་ཡོངས་རྫོགས་བྱེད་བཞིན་འདུག

མང་གཙོའི་ལམ་ལུགས་དང་འཚམས་པའི་སྒོ་ནས་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད། དེ་ནི་སྤྱི་ནོར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡོངས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། ཅེས་འཁོད་འདུག་པ་བཅས།།
འདི་ནི་བཙན་བྱོལ་གཞུང་གི་དྲ་བའི་སྟེང་ཧིན་ཡིག་གི་ཕྱག་བྲིས་བསྒྱུར་འགོད་བྱས་པ་ལ་ཚད་བཟུང་བ་ཡིན།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།