ང་ཚོ་ལ་ཨ་སྒོར་ས་ཡ༢༣གྱི་རོགས་དངུལ་ཐོབ་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༠༣ཉིན་སྤེལ། ང་ཚོས་ལོ་རེར་ཨ་སྒོར་ས་ཡ་ལྔ་ནས་དྲུག་ལྷག་གི་ལས་འཆར་ལེན་ཐུབ་ན་བསམ་གྱི་ཡོད་ལ། ལག་བསྟར་བྱེད་སྐབས་སུ་ཆ་སྙོམས་ཀྱིས་ལས་གཞི་སྤེལ་བར་རེ་བ་རྒྱག་གི་ཡོད།

altདེ་རིང་སྔ་དྲོའི་ཚོུད་༡༢།༣༠ཐོག བཞུགས་སྒར་ངྷ་སར་ཡོད་པའི་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཨ་རི་རྒྱལ་ཁབ་གཞུང་ནས་བཙན་བྱོལ་བོད་གཞུང་ལ་ལོ་ལྔའི་རིང་ཨ་སྒོར་ས་ཡ་༢༣གནང་གཏན་འཁེལ་བའི་སྐོར་གྱི་གསར་འགོད་གསལ་བསྒྲགས་བསྐྱང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་ལོན་རྣམས་གཉིས་ཀྱིས་རོགས་དངུལ་གནང་བར་བརྟེན་ནས་ང་ཚོའི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་དང་འགྲོ་བཞིན་པས་ན་བཀའ་ཤག་གི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུང་སོང་།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནས་ཚུལ་འདིའི་སྐོར་ནས་གསུངས་དོན། དེ་རིང་གཙོ་ཆེ་ཤོས་ནི་ཨ་རིའི་གཞུང་གིས་བཙན་བྱོལ་གཞུང་ལ་ལོ་ལྔའི་རིང་ཨ་སྒོར་ས་ཡ་༢༣གནང་བར་ཞལ་བཞེས་ཐོབ་མ་ཟད་ཡིག་ཐོག་ནས་ལན་འབྱོར་སོང་། ལས་གཞི་འདི་ནི་སྤྱི་ཟླ་༡༠བ་ནས་འགོ་བཙུགས་བྱེད་ཀྱི་རེད་ཅེས་དང་།

གཞན་ཡང་། ཁོང་གིས་ཚང་མས་མཁྱེན་གསལ་ལྟར། ཨ་རིའི་གཞུང་གི་ངོས་ནས་ངྷ་སར་ཕེབས་ཏེ་རྟོག་ཞིབ་གང་མང་བྱས་མཐར་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་མང་ཤོས་ཞལ་བཞེས་གནང་སྟེ་ལག་བསྟར་བྱེད་འགོ་བཙུགས་པ་དང་། ལས་གཞི་འདི་ནི་རྒྱ་བལ་འབྲུག་གསུམ་ན་ཡོད་པའི་གཞིས་ཆགས་སྲ་བརྟན་དང་འཚོ་སྣོན་རོགས་རམ། བོད་མིའི་སྒྲིགས་འཛུགས་རྩ་དོན་གྱི་ནུས་སྟོབས་སྤེལ་བ་གཉིས་གཙོས་དེ་འབྲེལ་གྱི་དོན་ཚན་བརྒྱད་ཅིག་ཡོད་པ་རེད་ཅེས་དང་།

བྱས་ཙང་གཅིག་ནས་གཞི་ཆགས་སྲ་བརྟན་ནི་སྔོན་ཆད་དང་མ་འདྲ་བར། ལོ་ལྔའི་རིང་ལ་འཆར་གཞི་འཐེན་སྟེ་ཤེས་ཡོན་དཔལ་འབྱོར་རིག་གཞུང་ཆ་ཚང་ཐོག་ཏུ། གཞི་ཆགས་དེའི་ད་ལྟའི་གནས་བབས་ནས་ལོ་ལྔའི་རིང་གི་ཡར་རྒྱས་སུ་འགྲོ་བ་ཞིག  གཉིས་ནས་དངུལ་ཁང་འཛུགས་པར་གྲ་སྒྲིག་བྱེད་ཀྱི་ཡོད། འདིའི་སྐོར་༢༠༡༧ནས་འགོ་བཙུགས་ཀྱིས་༢༠༡༩བར་དུ་རྒྱ་གར་གཞུང་ནས་ང་ཚོར་དངུལ་ཁང་བཙུགས་ཆོག་པའི་མཆོག་མཆན་ཐོབ་པར་རྩིས་རྒྱག་གིན་ཡོད་ཅེས་དང་།

དེ་མིན། ཁོང་གིས་ལས་འཆར་འདིའི་སྒང་ལ་བཙན་བྱོལ་གྱི་ས་གནས་ས་ཐོག་ནས་ཆ་ཤས་གང་མང་ལེན་པ་གལ་ཆེན་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་འགོ་ཁྲིད་ཀྱི་ནུས་སྟོབས་སྤེལ་བར་འཆར་གཞི་ཁག་གཉིས་བསྒྲུབས་ཚར་ཡོད་པ་དང་གསུམ་ཕྱི་ཟླ་༡༡ནང་སྤེལ་རྩིས་ཡོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་སྤྱི་ཚོགས་སྤྱི་ཡོངས་སུ་མིའི་ནུས་སྟོབས་སྤེལ་བར་འབད་བརྩོན་བྱེད་ཀྱིན་ཡོད་ལ། ཤེས་ཡོན་གྱི་སྒང་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱོར་ག་མང་རུ་གཏོང་བར་འགོ་བཙུགས་ཀྱི་ཡོད་པས་ན། ལས་གཞི་ཁག་བརྒྱད་འདིར་ཆ་ཤས་མང་ཞིག་ལེན་རོགས་གནང་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།