འོས་གྲངས་ཚང་མེད་པས་ཕྱི་དྲིལ་བཀའ་བློན་འདེམས་ཐུབ་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༢༦ཉིན་སྤེལ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ལྔ་པའི་སྐབས་སྤྱི་འཐུས་༤༣གྱིས་འོས་ཤོག་འཕངས་བ་བརྒྱུད་མོས་མཐུན་གནང་མཁན་༡༤ལས་བྱུང་མེད་པས་འོས་གྲངས་ཚང་མེད་པར་རྟེན་ཕྱི་དྲིལ་བཀའ་བློན་འདེམས་ཐུབ་མེད།

ཕྱི་ལོ་༢༠༡༦ཟླ་༩ཚེས་༢༤རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་༡༠ཙམ་ལ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ལྔ་པའི་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཕྱི་དྲིལ་བཀའ་བློན་གྱི་འོས་མིར་མིང་འདོན་གནང་སྐབས་སྤྱི་འཐུས་གཉིས་ཀྱིས་འགག་བྱ་བྱུང་བར་བརྟེན། སྤྱི་འཐུས་ངོ་ཡོད་གྲངས་༤༣ཚང་འཛོམས་ཐོག འོས་གྲངས་ ༢ རྩིས་མེད་དང་། སྤྱི་འཐུས་གྲངས་༢༧གྱིས་མོས་མཐུན་གནང་མེད། མོས་མཐུན་གནང་མཁན་༡༤ལས་བྱུང་མེད་པས་འོས་གྲངས་ཚང་མེད་པར་རྟེན་ཕྱི་དྲིལ་བཀའ་བློན་འདེམས་ཐུབ་མེད།alt

སྤྱིར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ནི། ཕྱི་ལོ་༡༩༨༡ལོར་སྐྱེས་ཤིང་། གསར་འགྱུར་རིག་པའི་ཐོག་ M.A.ཐོན་རྗེས་སླར་ཡང་དབྱིན་ཡུལ་ནས་M.A.ཐོན་པ་དང་། ད་ལྟ་འབུམ་རམས་པའི་སློབ་གཉེར་བྱེད་མུས། ཕྱི་ལོ་༢༠༠༩ནས་༢༠༡༢བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ལས་དོན་གནང་བ་དང་། ཕྱི་ལོ་༢༠༠༩ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་ཚོགས་གཙོ་སྦྲེལ་པོའི་ལས་འཁུར་ཞུ་བཞིན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་སྤྱི་འཐུས་དང་། སྐབས་༡༦ པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།