གྲོས་ཚོགས་ཚོགས་དུས་གཉིས་པ་འགོ་བཙུགས་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༢༠ཉིན་སྤེལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་འགན་འཁུར་ཤུགས་ཆེན་པོ་ལེན་དགོས་པའི་གནས་སྟངས་ཆགས་ཡོད་ཅེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་བཤད་གནང་སོང་།

altདེ་རིང་སྔ་དྲོའི་ཚོུད་༩།༣༠ཐོག  བཞུགས་སྒར་ངྷ་རམ་ས་ལར་ཡོད་པའི་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་། ཚོགས་ཆེན་ནི་ད་རེས་ཀྱི་ཕྱི་ཚེས་༢༩ཉིན་བར་ཚོགས་རྒྱུར་གཏན་འཁེལ་འདུག

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགསའདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་གྲུབ་མཚམས།  altདཔལ་ལྡན་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཚོགས་དུས་གཉིས་པའི་དབུ་འཛུགས་གསུང་བཤད་གནང་དོན། ཙན་བྱོལ་བོད་མིའི་གཞིས་ཆགས་ས་ཁུལ་ཁག་ཏུ་སྤྱི་འཐུས་རྣམ་པ་ཁག་བགོས་ཀྱིས་འཚམས་གཟིགས་སུ་ཕེབས་ཏེ། ༧གོང་ས་མཆོག་གི་མཛད་འཕྲིན་ཁག་དང་བོད་ནང་གི་ཛ་དྲག་གནས་སྟངས། བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས། གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་ཁག་བཅས་ངོ་སྤྲོད་གོ་རྟོགས་སྤེལ་ཡོད་པ་དང་འབྲེལ། ས་གནས་ཁག་གི་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་ལ་གཟིགས་ཞིབ་ཀྱི་ལས་རིམ་ལེགས་པར་གྲུབ་ཡོད་སྐོར་དང་། རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་ཇུས་འོག་འདས་པའི་ལོ་ངོ་ ༥༦ ལྷག་རིང་བོད་བཙན་བཟུང་དང་བཙན་གནོན། དམ་དྲག་འོག་གནས་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན་ལ། ཉེ་བའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས། ཁོར་ཡུག་སོགས་ཀྱི་ཐོག་སྔར་ལས་ཛ་དྲག་ཆེ་རུ་དང་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་པོ་ཡིན་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་འགན་འཁུར་ཤུགས་ཆེན་པོ་ལེན་དགོས་པའི་གནས་སྟངས་ཆགས་ཡོད་ཅེས་དང་།

བར་ལམ་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོད་རྙོག་དང་ཆོལ་ཁའི་འཐེན་འཁྱེར་གྱི་རྣམ་པ་བྱུང་སྟེ། ༧གོང་ས་མཆོག་གི་ཐུགས་དམ་སད་རྐྱེན་དང་། བློ་གཟུ་བོར་གནས་པའི་བོད་མི་མང་པོ་ཞིག་ལ་དོ་ཕོག་དང་བློ་ཕམ་བྱུང་ཡོད་ཀྱང་། ཉེ་སྔོན་༧གོང་ས་མཆོག་གིས་ཨ་རིའི་ནང་གི་བོད་མི་ཚོར་ད་ལྟའི་ཆར་འོས་བསྡུ་དང་འབྲེལ་བའི་གནད་དོན་ཐད་གནམ་མཁའ་གཡའ་དག་ཅིང་། ས་གཞི་རྡུལ་དག་ཡིན་པས་བློ་བདེ་བོ་བྱས་ནས་བཞུགས་ཞེས་བཀའ་གནང་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་གི་དམ་འབུལ་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་བོད་ཆོལ་ཁ་གསུམ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་ཡིན་ཞེས་བཀའ་སློབ་རིམ་པར་ཕེབས་པ་གཞིར་བཞག་སྟེ། འགན་འཁུར་མཁན་གྲོས་ཚོགས་ར་བའི་ནང་དུ་ཡོད་པའི་འཐུས་མི་རྣམ་པ་དང་མི་མང་། སྲི་ཞུ་ལས་བྱེད་རྣམ་པ་བཅས་ཚང་མས་བློ་གཟུ་བོར་གནས་པའི་ཐོག་ནས་འཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོའི་ནང་ནས་ཆེན་པོ་ཆགས་ཡོད་པར་འགྲེལ་བརྗོད་གནང་སོང་།


altདེ་མིན་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་བཞག གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྟེ་ཡིག་ཆ་ཨང་༣པ་ནི་བོད་མི་མང་མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོ་མཆོག་སྙུང་མནར་གྱིས་སྐུ་ཚེ་ཡིན་འཕེན་པ་ཚོགས་པར་གཞུང་འབྲེལ་མྱ་ངན་གུས་འདུད་དང་སྐར་མ་གཅིག་རིང་ངག་བཅད་བྱས་པ། བོད་ནང་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྟེ་ཡིག་ཆ་ཨང་༤པའི་ནང་དུ་གྲོས་ཆོད་དོན་ཚན་བདུན་ཡོད་པའི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་བྱེད་རྒྱུ་ཡིན་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།