རྩེད་འགྲན་རུ་ཁག་རེར་དངུལ་མང་ཙམ་མ་བསྡུས་ག་མེད་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༡༩ཉིན་སྤེལ། ལོ་སྔོན་མ་དག་ལས་ད་ལོར་རུ་ཁག་རེར་དངུལ་མང་ཙམ་མ་བསྡུས་ག་མེད་ཆགས་སོང་བ་ནི། གངས་སྐྱིད་རྩེད་ཐང་བཟོ་བར་འགྲོ་སོང་མང་པོ་ཤོར་སོང་ཞེས་བརྗོད་སོང་།

altཁ་སང་ཉིན་རྒྱབ་ཀྱི་ཚོུད་༣།༠༠ཐོག བཞུགས་སྒར་ངྷ་རམ་ས་ལར་ཡོད་པའི་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ་དྷ་ས་ས་གནས་གཞོན་ནུའི་བཀོད་སྒྲིག་བྱས་ཏེ།  གཞོན་སྐྱེས་ཕོ་མོ་རྣམས་ཀྱི་འཕྲོད་བསྟེན་དང་མཐུན་ལམ། དེ་བཞིན་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་བཅས་ཀྱི་ཆེད་དུ་སིལ་སྤོལ་འགྲན་བསྡུར་དབུ་བཙུགས་བྱས་སོང་།

འདི་ག་གསར་འགོད་པས་རྩེད་འགྲན་སྐོར་ལ་ས་གནས་གཞོན་ནུའི་ལས་བྱེད་མཚོ་ཆེན་ཉི་མ་ལགས་སུ་བཅར་འདྲི་བྱས་པར།  མཚོ་ཆེན་ལགས་ཀྱིས་ང་ཚོའི་ངྷ་སའི་སྤོ་ལོའི་འགྲན་བསྡུར་འདི་ནི་ལོ་རེ་བཞིན་བྱེད་ཀྱི་ཡོད་པ་དང་། རྩེད་མོ་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་ཆེད་ཡིན་པ་དང་། དེ་མིན་གཞོན་སྐྱེས་ཕོ་མོ་ཚོའི་འཕྲོད་བསྟེན་དང་མཐུན་ལམ། རྩེད་མོ་དང་བསྟུན་ནས་མི་མང་པོ་འདུ་འཛོམས་བྱུང་སྐབས་ཕན་ཚུན་ངོ་ཤེས་མཐུན་ལམ་ཡག་པོ་བྱུང་བ་བཅས་ཀྱི་ཆེད་དུ་བཀོད་བསྒྲིག་བྱེད་ཀྱི་ཡོད་ལ། གཞོན་ནུ་དབུ་བརྙེས་པའི་ཉིན་མོར་རྩེད་མོ་འདི་མཇུག་སྒྲིལ་བའི་འཆར་གཞི་ཡོད་ཅེས་དང་།

དེ་རྗེས་མོས་མུ་མཐུད་བརྗོད་དོན་བུ་དང་བུ་མོའི་རུ་ཁག་རྩེ་ཕུད་ལ་བྱ་དགའི་གསོལ་དངུལ་ག་ཚོད་ཕུལ་གྱི་ཡོད་མེད་བཅར་འདྲི་ཞུས་པར། མཚོ་ཆེན་གྱིས་དེའི་སྐོར་ང་ཚོས་གཏན་འཁེལ་བྱུང་མེད་ལ་དཔལ་འབྱོར་གྱི་གནས་བབ་ལ་ལྟོས་ཏེ་སྤྲད་ཀྱི་ཡིན། ཞེས་དང་།  

ཡང་རྩེད་མོ་འདིར་རྡ་ས་ས་གནས་གཞོན་ནུའི་ངོས་ནས་འགྲོ་སོང་གཏོང་གི་ཡོད་མེད་དྲིས་པར། སྤྱིར་བཏང་ང་ཚོས་རྩེད་འགྲན་པ་ཚོ་མཉམ་ཞུགས་བྱེད་དུས་ཕོའི་རུ་ཁག་རེར་ཧིན་སྒོར་བཞི་སྟོང་དང་བུ་མོའི་རུ་ཁག་རེར་ཧིན་སྒོར་སུམ་སྟོང་བསྡུ་ཡི་ཡོད། ཕོའི་རུ་ཁག་རྩེ་ཕུད་ལ་ཆིག་ཁྲི་ལྷག་ཅིག་དང་བུད་མེད་ཀྱི་རུ་ཁག་རྩེ་ཕུད་ལ་དེ་བཞིན་ལོ་སྔོན་མ་ལས་མཐོ་བ་ཕུད་ཐུབ་པའི་འཆར་གཞི་ཡོད་ཅེས་བརྗོད་སོང་།

གཞན་ཡང་། ལོ་སྔོན་མ་དག་དང་མ་འདྲ་བར་སྤོ་ལོ་རྩེད་འགྲན་རུ་ཁག་རེས་འཛུལ་ཞུགས་བྱེད་པའི་དངུལ་མཐོ་རུ་བཏང་ཡོད་པ་དེ་ནི་བྱ་དགའི་གསོལ་དངུལ་སྔོན་མ་དག་ལས་མང་རུ་གཏོང་བའི་འཆར་གཞི་ཡོད་མེད་ཀྱི་སྐོར་དྲིས་པར། ཡིན་ད་ཡིན། ཁོང་ཚོར་མང་པོ་ཞིག་ཕུལ་ཐུབ་པའི་འཆར་གཞི་ཡོད། ཡིན་ནའང་། ང་ཚོས་དངུལ་དེ་ལྟར་བསྡུ་དོན་ནི་རྩེད་ཐང་བཟོ་བར་འགྲོ་སོང་མང་པོ་ཤོར་སོང་བས་དངུལ་ཡང་ཅུང་ཙམ་མང་ཙམ་མ་བསྡུས་ག་མེད་ཆགས་སོང་ཞེས་བརྗོད་སོང་བ་དང་།

དེ་ནས་ཡང་སྤོ་ལོ་རྩེད་འགྲན་འདིའི་ཁྲོད་ནས་ཨང་རིམ་ག་ཚོད་བར་དུ་བྱ་དགའ་སྤྲད་ཀྱི་ཡོད་པ་དྲིས་པར། བུ་དང་བུ་མོ་གཉིས་ཀར་ཨང་རིམ་གསུམ་པ་བར་དུ་སྤྲོད་ཀྱི་ཡིན་པ་དང་། བུ་དང་བུ་མོའི་རྩེད་མཁན་ཡག་ཤོས་གཅིག་རེ་བྱ་དགའ་ཡོད་ཅེས་བརྗོད་སོང་།

ཐེངས་འདིའི་དཔའ་བོ་དཔའ་མོའི་རྗེས་དྲན་སིལ་སྤོལ་འགྲན་བསྡུར་ནང་ཕོ་ཡི་རུ་ཁག་ ༡༢ དང་། བུད་མེད་ཀྱི་རུ་ཁག་༦  འཛུལ་ཞུགས་བྱས་འདུགད་པ་དང་། ཕོའི་རུ་ཁག་རྣམས་ནི། ཤེས་རབ་དགའ་ཚལ་སློབ་གླིང་། སྨན་རྩིས་ཁང་མཐོ་སློབ། རུང་རྟ་རུ་ཁག གླག་རྒོད་རུ་ཁག མི་རབས་གསར་པ། ནོར་གླིང་སྤུན་ཟླ། ཆོལ་གསུམ་རུ་ཁག ཐུ་བྷོད་རུ་ཁག  རྨི་ལམ་རུ་ཁག ས་རཱ་མཐོ་སློབ། ཟློས་གར་ཁང་རུ་ཁག འབྲོག་པ་རུ་ཁག་བཅས་དང་། བུད་མེད་ཀྱི་རུ་ཁག་རྣམས་ནི། སྨན་རྩིས་ཁང་མཐོ་སློབ། སུ་ཇཱ་སློབ་ཟུར། ངྷ་སའི་བོད་ཁྱིམ་གྱི་སློབ་ཟུར། ནོར་གླིང་། ས་རཱ། ཟློ་གར་ཁང་བཅས་དྲུག་རེད་འདུག


ཕྱི་ཚེས་ ༡༨ ་ལག་རྩེད་སྤོ་ལོ་རྩེད་ཐང་དུ་༼དཔའ་བོ་དཔའ་མོ་རྗེས་དྲན་སིལ་སྤོལ་འགྲན་བསྡུར།༽ ཞེས་པ་འགོ་འཛུགས་དང་། ཕྱི་ཟླ་ ༡༠ བའི་ཚེས་ ༧ ཉིན་གྱི་གཞོན་ནུའི་ཉིན་མོར་ཕོ་མོ་རུ་ཁག་གཉིས་ཀྱི་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱེད་རྒྱུ་རེད།

ངྷ་ས་སིལ་སྤོལ་འགྲན་བསྡུར་འདི་ནི་སྤྱི་ལོ་ ༡༩༨༠ ལོ་ཡས་མས་ནས་མགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ༢༠༡༠ ལོར་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་ ༼དཔའ་བོ་དཔའ་མོ་རྗེས་དྲན་སིལ་སྤོལ་འགྲན་བསྡུར་༽ ལ་བསྒྱུར་སྟེ་ལོ་རེར་ལག་རྩལ་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།