མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོ་ལཊ་སྐུ་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༠༦ཉིན་སྤེལ། མདོ་སྨད་སྤྱིར་ཟུར་བསྟན་འཛིན་མགོན་པོ་ལགས་སྙུང་གཞིའི་ནད་རྐྱེན་གྱིས་བཞུགས་སྒར་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

altའདི་གར་གནས་ཚུལ་འབྱོར་བར་གཞིགས་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༢༠ ཐོག་སྤྱི་ཟུར་བསྟན་འཛིན་མགོན་པོ་ལགས་སྙུང་གཞིའི་རྐྱེན་གྱིས་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོ་ལགས་ལ་ཡུན་རིང་ནས་སྙུང་གཞི་ཕོག་སྟེ་སྨན་བཅོས་བྱས་ཡོད་ཀྱང་ཕན་ཐོགས་མ་བྱུང་བར་འདི་ཟླའི་ཕྱི་ཚེས་༠༦ཉིན་་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

ཁོང་ཕྱི་ལོ་ ༡༩༦༠ ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་བྱ་གཞུང་དུ་ཕ་ཆོས་དཔལ་དང་མ་ཚེ་གཟུངས་སྐྱིད་གཉིས་ལ་བུ་སྤུན་གསུམ་ཡོད་པ་ལས་འབྲིང་བར་ཡིན་པ་དང་། རང་ལོ་ ༡༡ ཙམ་ནས་འབྲི་ཀློག་སྦྱངས་ཏེ་རིམ་གྱིས་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་པ་དང་། ༡༩༨༦ ཟླ་ ༡ པོའི་ནང་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ། བོད་མིའི་༼དམངས་གཙོ༽་ཚགས་ཤོག་དང་། མ་འོངས་པ་བོད་ཀྱི་གསར་འཕྲིན་ལས་ཁང་ནང་གསར་འགྱུར་དང་འབྲེལ་བའི་ཕྱག་ལས་གནང་ཡོད་པ་དང་། དེ་བཞིན་དྷ་ས་བདེ་དོན་ཚོགས་ཆུང་གི་དྲུང་ཆེ་དང་དྷ་སར་ཡོད་པའི་༼རྒྱལ་ཞེན་ལྷན་ཚོགས༽ནང་ཕྱག་ལས་གནང་།  གཞན་ཡང་། མདོ་སྨད་དབུས་རྒྱུན་གྱི་དྲུང་གཞོན་དང་དགེ་རྒན་གྱི་ཕྱག་ལས་སོགས་གནང་མྱོང་ཡོད་པ་མ་ཟད།  མདོ་སྨད་སྤྱི་འཐུས་ཀྱི་བར་བརྒལ་འོས་བསྡུ་བརྒྱུད་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་སྤྱི་འཐུས་དང་། ཕྱི་ལོ་ ༢༠༠༦ ནས་ ༢༠༡༡ བར་གྱི་སྐབས་བཞི་པའི་སྤྱི་འཐུས་བཅས་གནང་ཡོད་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།