བསྟན་པ་སྤྱི་མཚན་དང་གང་ཟག་སྒེར་མཚན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༠༡ཉིན་སྤེལ།  གསང་སྔགས་ཀྱི་ཆོས་སྲུང་དང་མ་སྲུང་ཟེར་བ་ནི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་བསམ་བློ་ག་ཚོད་ཅིག་བཏང་ཡོད་མེད་ལ་རག་ལས་པ་རེད།

 དེ་རིང་སྔ་དྲོ་ཚོུད་༨།༠༠ནས་༧གོང་ས་མཆོག་གིས་གསུང་ཆོས་ཉིན་མཐའ་མ་སྟེ། ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་འཕགས་མཆོག་སྤྱས་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་ཉིན་འདིར་༧གོང་ས་མཆོག་གིས་བཀའ་དབང་དང་འབྲེལ་བའི་བཀའ་སློབ་ལལམ་སྟོན་སྩལ་དོན། བྱང་ཆུབ་སེམས་སྒོམ་པ་སོགས་ནི་རྒྱལ་བ་དགྱེས་པའི་མཆོད་པ་གཙོ་བོ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་གསང་སྔགས་ཀྱི་ཆོས་ནི་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྟོང་ཉིད་ཀྱི་ལྟ་བའི་ཉམས་ལེན་གལ་ཆེན་བྱས་ཏེ་གསང་སྔགས་ཉམས་ལེན་བྱེད་པ་རེད་མ་གཏོགས། ཚིག་རྗེས་སུ་འབྲངས་ནས་ཉམས་སུ་ལེན་པ་གཅིག་པུས་གོ་ཁག་པོ་རེད། ལོ་ནས་ལོ་བསྟུན་སྟེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་། མཐོང་བ། ཉན་པ་དང་ཐོས་བྱུང་གི་ཤེས་རབ་སྐྱེས། དེའི་རྗེས་ཡང་ཡང་བསམ་བློ་བཏང་ནས་སེམས་བྱུང་གི་ཤེས་རབ་སྐྱེས། དེ་ནི་སེམས་གཏིང་ནས་ངེས་པ་རྙེད་པ་ཞིག་ཡིན་པ་དང་དེ་ལ་ཉིན་མཚན་དུས་དྲུག་ཏུ་བསམ་བློ་བཏང་རྗེས། སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་བསམ་བློ་ནི་དེ་ཆགས་ཡོད་པ་ཞིག་བྱུང་ན་དངོས་ནས་རྒྱལ་བ་དགྱེས་པའི་མཆོད་པ་རེད་ལ་གསང་སྔགས་ཀྱི་ཆོས་ཡོང་གི་ཡོད་པ་རེད།

གསང་སྔགས་ཀྱི་ཆོས་ནི་ག་འདྲ་རེད་ཟེར་ན། རྡོ་རྗེ་ཐེག་པ་ཞེས་བརྗོད་ཀྱི་ཡོད་པ་རེད། ཚིག་དེ་ཡི་རྡོ་རྗེ་ནི་ཐབས་ཤེས་ཡལ་མི་ཟད་པ་ཞིག་ལ་ཟེར་བ་དང་། ཐབས་ཀྱིས་ཟིན་པའི་ཤེས་རབ། ཤེས་རབ་ཀྱིས་ཟིན་པའི་ཐབས་ཙམ་མ་རེད། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒང་ནས་ཡོང་གི་ཡོད་པ་ཞིག་དང་། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་ཐབས་ཤེས་ངོ་བོ་དབྱེར་མ་མཆིས་པ། ཐབས་ཤེས་ཟུང་འབྲེལ་སྟེ་བློ་རག་པའི་སྒང་གི་ཐབས་ཤེས་ཟུང་འབྲེལ་དང་སྒོ་ལྔའི་ཤེས་པ་དང་མཉམ་དུ་འགྲོ་བའི་ཡིད་ལུས་ཤིག དེ་འགག་པའི་གནས་སྐབས་ཀྱི་ཡིད་ལུས་ཤིག ཡིད་ལུས་དེ་ལ་ནང་གསེས་ཀྱིས་ཕྲ་རག་མང་པོ་ཡོད་པ་ཞིག ཐ་མར་ཡིད་ལུས་བརྟེན་བྱེད་པའི་ཀླད་པའི་བྱ་བ་འགག་པའི་སྐབས་ཀྱི་ཡིད་ལུས་དེ་ནི་ཤིན་ཏུ་ཕྲ་བ་ཆགས་པ་དང་། དེ་ལ་ཐོག་མ་དང་མཐའ་མ་ཞེས་བཤད་ཀྱི་ཡོད་ལ། སངས་རྒྱས་ཀྱི་ས་ལ་ཡིད་ལུས་ཕྲ་བ་དེས་འགྲོ་གི་ཡོད་པ་རེད།

བྱང་ཆུབ་སེམས་སྒོམ་པ་སོགས་ནི་རྒྱལ་བ་དགྱེས་པའི་མཆོད་པ་གཙོ་བོ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་གསང་སྔགས་ཀྱི་ཆོས་ནི་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྟོང་ཉིད་ཀྱི་ལྟ་བའི་ཉམས་ལེན་གལ་ཆེན་བྱས་ཏེ་གསང་སྔགས་ཉམས་ལེན་བྱེད་པ་རེད་མ་གཏོགས། ཚིག་རྗེས་སུ་འབྲངས་ནས་ཉམས་སུ་ལེན་པ་གཅིག་པུས་གོ་ཁག་པོ་རེད། ལོ་ནས་ལོ་བསྟུན་སྟེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་། མཐོང་བ་ཉན་པ་དང་ཐོས་བྱུང་གི་ཤེས་རབ་སྐྱེས། དེའི་རྗེས་ཡང་ཡང་བསམ་བློ་བཏང་ནས་སེམས་བྱུང་གི་ཤེས་རབ་སྐྱེས། དེ་ནི་སེམས་གཏིང་ནས་ངེས་པ་རྙེད་པ་ཞིག་ཡིན་པ་དང་དེ་ལ་ཉིན་མཚན་དུས་དྲུག་ཏུ་བསམ་བློ་བཏང་རྗེས། སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་བསམ་བློ་ནི་དེ་ཆགས་ཡོད་པ་ཞིག་བྱུང་ན་དངོས་ནས་རྒྱལ་བ་དགྱེས་པའི་མཆོད་པ་རེད་ལ་གསང་སྔགས་ཀྱི་ཆོས་ཡོང་གི་ཡོད་པ་རེད།

གསང་སྔགས་ཀྱི་ཆོས་ནི་ག་འདྲ་རེད་ཟེར་ན། རྡོ་རྗེ་ཐེག་པ་ཞེས་བརྗོད་ཀྱི་ཡོད་པ་རེད། ཚིག་དེ་ཡི་རྡོ་རྗེ་ནི་ཐབས་ཤེས་ཡལ་མི་ཟད་པ་ཞིག་ལ་ཟེར་བ་དང་། ཐབས་ཀྱིས་ཟིན་པའི་ཤེས་རབ། ཤེས་རབ་ཀྱིས་ཟིན་པའི་ཐབས་ཙམ་མ་རེད། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒང་ནས་ཡོང་གི་ཡོད་པ་ཞིག་དང་། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་ཐབས་ཤེས་ངོ་བོ་དབྱེར་མ་མཆིས་པ། ཐབས་ཤེས་ཟུང་འབྲེལ་སྟེ་བློ་རག་པའི་སྒང་གི་ཐབས་ཤེས་ཟུང་འབྲེལ་དང་སྒོ་ལྔའི་ཤེས་པ་དང་མཉམ་དུ་འགྲོ་བའི་ཡིད་ལུས་ཤིག དེ་འགག་པའི་གནས་སྐབས་ཀྱི་ཡིད་ལུས་ཤིག ཡིད་ལུས་དེ་ལ་ནང་གསེས་ཀྱིས་ཕྲ་རག་མང་པོ་ཡོད་པ་ཞིག ཐ་མར་ཡིད་ལུས་བརྟེན་བྱེད་པའི་ཀླད་པའི་བྱ་བ་འགག་པའི་སྐབས་ཀྱི་ཡིད་ལུས་དེ་ནི་ཤིན་ཏུ་ཕྲ་བ་ཆགས་པ་དང་། དེ་ལ་ཐོག་མ་དང་མཐའ་མ་ཞེས་བཤད་ཀྱི་ཡོད་ལ། སངས་རྒྱས་ཀྱི་ས་ལ་ཡིད་ལུས་ཕྲ་བ་དེས་འགྲོ་གི་ཡོད་པ་རེད།

ནམ་རྒྱུན་ང་ཚོས་གསང་སྔགས་ཀྱི་ཆོས་ཞེས་པ་དེ་ནི་ལྷ་སྒོམ་པ་དང་སྔགས་སྒོམ་པ་ལྟ་བུ་ཞིག་ཏུ་གོ་ཡི་འདུག སྔགས་ཉམས་ལེན་བྱེད་དུས་སྟོང་ཉིད་ཀྱི་ལྟ་བ་ཧ་ཅང་གིས་གལ་ཆེན་པོ་རེད། ང་ཚོའི་བོད་ལ་གསང་སྔགས་དར་སྲོལ་ཆེན་པོ་ཡོད་ཀྱང་། གསང་སྔགས་ཀྱི་ཆོས་སྲུང་དང་མ་སྲུང་ཟེར་བ་ནི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་བསམ་བློ་ག་ཚོད་ཅིག་བཏང་ཡོད་མེད་ལ་རག་ལས་པ་རེད། དེ་མེད་དུས་མུ་སྟེགས་པའི་གསང་སྔགས་བསྟེན་པ་འདྲ་བོ་འདུག དེ་འདྲ་ཡིན་དུས་ང་ཚོའི་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚོས། གསང་སྔགས་ཟབ་མོ་མདོ་ཡི་དྲིན་ཞེས་གསུངས་ཡོད་པ་རེད། གཙོ་བོ་བློ་གཟི་བོར་གནས་པ་དང་རིག་པས་དཔྱད་དགོས་པར་གསུངས་ཡོད་པ་མ་གཏོགས། རྣམ་དག་ལུང་གིས་དཔྱད་རྒྱུ་ཡོད་པར་གསུངས་མི་འདུག་པས། དཔྱད་པའི་འབྲས་བུ་གནད་ལ་ཕེབས་པ་ཞིག་འཚོལ་བ་གལ་ཆེན་རེད། རྒྱུ་མཚན་གལ་མེད་པར། ཕྱག་འཚལ་ལོ། སྐྱབས་སུ་འཆི་གཅིག་པུ་མ་ཡིན་པར་རྒྱུ་མཚན་གནས་ལུགས་ཡག་པོ་ཤེས་རྒྱུ་གལ་ཆེན་རེད།

ཆོས་ཡག་པོ་ཞིག་བྱས་པ་ཡིན་ན། ཧིན་ངྷུ། ཁ་ཆེས། ཡི་ཤུ་སོགས་ཆོས་ལུགས་སོགས་གང་ཡིན་ཡང་དངོས་ནས་མི་དེ་མ་འདྲ་བ་ཞིག་དང་མི་ལ་ཕན་གྱི་ཡོད་པ་དང་།  རྒྱུ་མཚན་ལ་བསམ་བློ་གཏོང་མཁན་དེ་སངས་རྒྱས་པའི་ཆོས་ཀྱི་ནང་ལོག་ནས། ན་ལེནྡའི་ཆོས་བརྒྱུད་འདི་ཚན་རིག་པ་རྣམས་སུ་ཡང་བློ་བསྐྱེད་ཡོང་བ་ཞིག་ཏུ་གྱུར་འདུག
བསྟན་པ་སྤྱི་མཚན་དང་གང་ཟག་སྒེར་མཚན་ཞེས་བོད་ཀྱི་མཁས་པ་ཞིག་གིས་གསུངས་འདུག་པ་དེ་ནི་ཧ་ཅང་གིས་ཡག་པོ་འདུག བཅོམ་ལྡན་འདས་ཀྱིས་ཡོངས་གྲགས་སུ་གསུངས་བཞག་པའི་མདོ་སྡེ་ཕྱོགས་ནི་བསྟན་པ་སྤྱི་མཚན་རེད། གསང་སྔགས་ཀྱི་ཆོས་དེ་ནི་གང་ཟག་བྱེ་བྲག་པ་ཞིག་གིས་ཁོང་གི་ཐུན་མོང་མ་ཡིན་པའི་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གསུངས་ཐུགས་ཀྱི་སྤྲུལ་བའི་ལྷ་ཚོགས་འཕྱར་བའི་རྣམ་པའི་ཐོག་བྱུང་བའི་གདམ་ངག་ཅིག གདམ་མངག་དེ་ནི་ལྷ་ཞིག་གི་ཞལ་ནས་དངོས་སུ་གསུངས་བ་ཡིན་པར་ཆ་མ་བཞག་པར། བསྟན་པ་སྤྱི་མཚན་དུ་གསུངས་བཞག་པ་དེར་མཐུན་གྱི་འདུག་དང་མི་འདུག་པར་བསམ་བློ་གཏོང་བ་གལ་ཆེན་པོ་རེད། སློབ་དཔོན་ཀླུ་སྒྲུབ་སོགས་ཀྱི་གཏན་ལ་ཕབ་པ་དང་མ་མཐུན་ན་ཐེ་ཚོམ་གྱི་གཞི་རེད། གཙོ་བོ་ནི་སྤྱིའི་གཞུང་དང་མཐུན་པ་ཞིག་གི་མན་ངག་དགོས་པ་མ་གཏོགས་གཞུང་དང་མ་མཐུན་པ་ཞིག་མན་ངག་ཡོད་ཀྱང་ཧ་ལས་རྒྱུ་མི་འདུག་ཅེས་བཀའ་སློབ་གནང་སོང་།

དེའི་རྗེས་དགེ་བསྙེན་གྱི་སྡོམ་པའི་འབོག་ཆོག་གནང་སྐབས་སུ།  བཤད་ཤོབ་དང་བཅས། ཁྱེད་རང་ཚོས་ཆང་རྩ་བ་སྤང་ཐུབ་ན་ཕྱག་མཐེབ་བསྟན་སྟེ་འདི་རེད་ཅེས་དང་། གལ་སྲིད་མ་ཐུབ་ན་ཉུང་འཐུང་བྱེད་རོགས། ར་བཟི་ནས་ཉེས་པར་བསམ་བློ་མི་འཁོར་རུང་། ངའི་དངུལ་འཕྲོ་བརླགས་རེད་བསམ་ནས་མཚམས་འཇོག་གནང་རོགས་ཞེས་བཞད་མོ་གནང་སོང་བ་དང་། ཆང་རག་གིས་མཆིན་པའི་ན་ཚ་བྱུང་གི་ཡོད་པ་རེད་ལ། བཅོམ་ལྡན་འདས་ཀྱིས་བཀའ་གནང་བའི་ཐར་བ་ཐོབ་པའི་ལམ་དུ་ཞུགས་མ་ཐུབ་ན་ཡང་། སོ་སོའི་གཟུགས་པོའི་འཕྲོད་བསྟེན་ལ་བསམ་བློ་བཏང་ནས་ཆང་རག་སྐོར་མང་པོ་མ་འཐུང་རོགས་ཞེས་བཀའ་སློབ་གནང་སོང་།

སྡོམ་པའི་འབོག་ཆོག་གནང་རྗེས་བཀའ་སློབ་གནང་དོན།  སྟོང་བ་ཉིད་ཀྱི་སྐོར་ལ་བསམ་བློ་གཏོང་དགོས་རེད། ང་ནི་ཨིནྜི་ནི་ཞིས་ཡ་ཡི་ཡིན་དང་ཀོ་རུ་ཡ་ཡི་ཡིན། མ་ལེ་ཞིས་ཡ་ཡི་ཡིན། སངྒ་པོར་གྱི་ཡིན། ཐའེ་ལན་ཊི་ཡི་ཡིན་སོགས་ཀྱི་ང་དེ་ལ་བསམ་བློ་གཏོང་དགོས་རེད། ང་ཞེས་པ་དེའི་བཏགས་དོན་བཙལ་ནས་མཐའ་མར་ཅི་ཡང་རྙེད་རྒྱུ་མེད་པ་དང་ཡུལ་གྱི་ངོས་ནས་མེད་པ། ཐ་སྙད་གཅིག་པུའི་ངོས་ནས་བཤད་ཐུབ་པ་ཙམ་ལས། བློ་ཡི་བདེན་རྫུན་གྱི་ལོག་རྟོག་འདིའི་ངོས་ནས་སྣང་བ་བདེན་པར་ངོས་འཛིན་བཟུང་བ་ལྟ་བུ་ཞིག་རེད། དེ་ནི་འཁྲུལ་བ་འཁྲུལ་ནག་ཡིན་པ་དང་ཐ་སྙད་ངོས་ནས་མི་འདུག་པའི་བསམ་བློ་གཏོང་དགོས་རེད། ད་ནས་བཟུང་སྟེ་ཁྱེད་རང་ཚོས་མི་བཟང་པོ་ཞིག་གི་མི་ཚེ་བསྐྱལ་བའི་དགོངས་པ་བཞེས་རོགས། ང་ཚོར་མི་ལུས་ཐོབ་པ་དང་སངས་རྒྱས་པའི་ཆོས་དང་མཇལ་བའི་སྐལ་བ་བཟང་པོ་ཐོབ་ཡོད་པ་འདི་ནི་སེམས་བཟང་པོ་གཅིག་པུ་མ་ཡིན་པར། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཟེར་བ་དེ་ནི་དོན་ཀྱིས་ལག་ལེན་དུ་བསྟར་བ་གལ་ཆེན་པོ་རེད་ཅེས་བཀའ་སློབ་བཀའ་དྲིན་ཆེ་སྩལ་གནང་སོང་།
མཇུག་མཐར་ཨེ་ཤ་ཡའི་ཆོས་ཞུ་བ་རྣམས་དང་མཉམ་དུ་དྲི་བ་དྲིས་ལན་དང་མཉམ་པར་སྒྲོན་རྒྱུ། གསུང་ཆོས་ཉིན་བཞིའི་རིང་བཀའ་དྲིན་ཆེ་སྩལ་བ་ལེགས་པར་འགྲུབ་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།