བོད་ཀྱི་གསོ་བ་རིག་པའི་རྒྱུན་ལས་གསར་རྙིང་རྩིས་སྤྲོད་རྩིས་ལེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༢༥ཉིན་སྤེལ།  བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བཞི་པ་དང་ལྔ་པའི་རྒྱུན་ལས་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཚོགས་པ།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༠༠སྟེང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བཞི་པ་དང་ལྔ་པའི་རྒྱུན་ལས་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་དེ་གངས་ཅན་སྐྱིད་གཤོངས་གཉའ་ཁྲི་ཚོགས་ཁང་ནང་ཚོགས་གནང་སོང་།

altལྷན་ཚོགས་སྟེང་ཕེབས་གནང་མཁན་གྱི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཨ་འབྲུག་ཚེ་བསྟན་མཆོག སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག  ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟོད་པ། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ཚོགས་མི་གསར་རྙིང་བཅས་ཁྱིམ་མི་གྲངས་བཞི་བཅུ་ལྷག་མཉམ་ཞུགས་གནང་འདུག

དེ་ཡང་ཐོག་མར་སྐབས་བཞི་པའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟོད་པ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་། སྐབས་བཞི་པའི་ཚོགས་མིའི་ལས་བསྡོམས་སྙན་སྒྲོན་ཞུས་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་པ་༼ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་ལ་༽གཡུ་ཐོག་གཟེངས་རྟགས་འབུལ་བཞེས་གནང་བ་དང་། དམིགས་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་མཆོག་ནས་༧རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡི་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང་དེབ་སྐྱེལ་ལས་འཁྱེར་བསྩལ་བ་དང་། སྨན་རི་གླིང་གསོ་རིག་འབུམ་བཞིའི་མཐོ་སློབ་དེབ་སྐྱེལ་ལག་འཁྱེར་བསྩལ། དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་ནད་གཞི་སྔོན་འགོག་ཐོག་གཏམ་བཤད་བགྲོ་གླེང་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་གནང་སོང་། དེ་རྗེས་དམིགས་བསལ་སྐུ་མགྲོན་༧རྒྱལ་བའི་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ནས་ལྷན་ཚོགས་ཀྱི་ས་གནས་འབྲེལ་མཐུད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལག་འཁྱེར་བསྩལ་བ་དང་།  ལྷན་ཚོགས་ཀྱི་འོས་བསྡུ་ཚོགས་ཆུང་ནས་སྐབས་ལྔ་པའི་ཚོགས་མིའི་འོས་བསྡུའི་གསལ་བསྒྲགས་གནང་བ་དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་སྐབས་བཞི་པའི་ཚོགས་མི་རྣམས་ལ་ལག་འཁྱེར་བསྩལ་གནང་སོང་།

དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་མཆོག་གོས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བའི་ནང་སྤྱི་ཡོངས་ཀྱི་སྨན་པའི་ལྷན་ཚོགས་ཀྱི་གནས་སྟངས་དང་། སྒྲིག་གཞི། ལས་དོན་དོན་བཅས་ཀྱི་བརྒྱུད་རིམ་ངོ་སྤྲོད་དང་གསལ་བཤད་གནང་སོང་བ་དང་།  དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་སྐུ་ཚབ་མཆོག་གིས་གསོ་རིག་གི་རྒྱབ་རྟེན་དེ་ནང་བསྟན་ཡིན་པར་བརྟེན་སྨན་པ་ཞིག་གི་ངོས་ནས་ངེས་པར་དུ་བྱམས་དང་སྙིང་རྗེ་གཞི་རྩར་བཟུང་བའི་ཐོག་ནས་ནད་པར་བརྟག་དཔྱད་དང་སྨན་བཅོས་གནང་དགོས་པ། སྨན་བཅོས་གནང་སྐབས་ཕན་སེམས་ཀྱི་རྣམ་པའི་ཐོག་ནས་ཡིན་ཐུབ་དགོས་པ་རེད། དེ་མ་ཡིན་ན་གསོ་བ་རིག་པའི་གྲུབ་མཐའ་ལས་བརྒལ་གྱི་ཡོད་པ་རེད་ཅེས་དང་། སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་མི་གཅིག་གི་ནུས་པར་སྒུག་ནས་བསྡད་ན་དུས་ཡིན་རིང་པོ་འགོར་རྒྱུ་དང་། ཚང་མས་མཐུན་མོང་གིས་འབད་བརྩོན་བྱས་ནས་ལས་དོན་སྒྲུབ་ན་མདུན་ཕྱོགས་སུ་མགྱོགས་མྱུར་གོམ་སྟབས་སྤོ་ཐུབ་ཀྱི་རེད་ཅེས་གསུངས་གནང་སོང་། མཇུག་ཏུ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཐོག་མེད་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་བ་དང་འབྲེལ་སྨན་རྩིས་བསྟན་རྒྱས་སྨོན་ལམ་འུར་འདོན་དང་བཅས་མཛད་སྒོ་མཇུག་སྒྲིལ་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།