རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོཌ་ཀྱི་ཚོཌ་ཆུང་གྲོས་ཚོཌ་སུ་གཟིཌ་སྐོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༨ཚེས་༢༢ཉིན་སྤེལ། རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་ཆུང་ཞིག་བཞུགས་སྒར་དུ་གཟིགས་སྐོར་ལ་ཕེབས་ཏེ་བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་ཁག་དང་ལྷན་མཇལ་མོལ་གྱིས་ཕན་ཚུན་དབར་ངོ་སྤྲོད་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་རྒྱུས་ལོན་གནང་ཡོད་པ་རེད།

RSF-TPI-2016-16-08-2དེ་ཡང་༢༠༡༦ལོའི་ཟླ༨ཚེས་༡༦ཉིན་གུང་ཆུ་ཚོད་༡༢།༣༠ཙམ་ལ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་སྣེ་ཤན་འོག ཧྥི་རན་སི་ཡུལ་གྱི་རྒྱལ་ས་པེ་རེ་སིར་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་(Reporters Without Borders)ཀྱི་ཨེ་ཤེ་ཡའི་འགན་འཛིན་སྐུ་ཞབས་བྷེན་ཇ་མེན་ཨི་སི་མེལ་Benjamin Ismail ལགས་དང༌། ཁོང་གི་ཕྱག་རོགས་སྐུ་ཞབས་མ་ཤལ་ཊོ་ནེར་Martial Tourneurལགས་རྣམ་གཉིས་སྤྱི་ལྷན་དུ་ཕེབས་ནས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ལྷན་མཇལ་འཕྲད་ཞུས་ཡོད་པ་རེད།

ཁོང་རྣམ་པ་གཉིས་ནས་ཚོགས་གཞོན་མཆོག་ལ་གཞིས་བྱེས་གཉིས་ཕན་ཚུན་གྱི་གནས་ཚུལ་ཇི་ལྟར་བྱས་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་མེད་སོགས་བཀའ་འདྲི་ཞུ་གནང་ཡོད་ཅིང༌། ཚོགས་གཞོན་མཆོག་ནས་ཁོང་གཉིས་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་དང་འབྲེལ་མང་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་པའི་སྐོར་འགྲེལ་བཤད་བསྐྱོན་གནང་ཡོད་པ་མ་ཟད། ཁོང་རྣམ་པ་གཉིས་ཀྱིས་གང་ཅིའི་ཐོག་འདྲི་བ་ཞུས་པར་བཀའ་ལན་བཅས་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་གནང་ཡོད་པ་རེད།

ཐེངས་འདིའི་བཞུགས་སྒར་དུ་གཟིགས་སྐོར་སྐབས་བཙན་ཁོང་རྣམ་པ་གཉིས་ནས་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་རང་དབང་ཅན་གྱི་གསར་འགྱུར་ལས་ཁུངས་ཁག་གི་མཚོན་ཚོགས་པ་༢༠ཙམ་གྱི་ངོ་ཚབ་རྣམ་པ་དང་ལྷན་མཇལ་མོལ་གྱིས་ཕན་ཚུན་ངོ་སྤྲོད་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་རྒྱུས་ལོན་གནང་ཡོད་པ་རེད།

ཧྥི་རན་སིའི་རྒྱལ་ས་པེ་རེ་སིར་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ནི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གསར་འགོད་རང་དབང་ཐད་རྟོག་ཞིབ་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང༌། ལོ་ལྟར་རྒྱལ་སྤྱིའི་གསར་འགོད་དབང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་བཞིན་ཡོད་པ་དང༌། འཛམ་གླིང་གང་ས་ནས་ཚོགས་མི་གསར་འགོད་པ་༡༥༠་དང་ཡན་ལག་ཚོགས་པ་མང་པོ་ཡོད་པའི་ཚོགས་པ་ཞིག་ཡིན་པ་རེད།

ཚོགས་པ་དེ་གསར་འཛུགས་ཞུས་པ་ནས་ད་བར་སྔ་ཕྱི་བར་གསུམ་དུ་བཏོན་པའི་ཚོགས་པ་དེའི་སྙན་ཐོ་ཁག་གི་ནང་བོད་ནང་གི་གསར་འགོད་རང་དབང་སྐོར་གསལ་ཡོད་པ་དང་རྒྱ་ནག་གཞུང་གིས་བོད་མིའི་གསར་འགོད་རང་དབང་དང་སྨ་བརྗོད་རང་དབང་ཐོག་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་མུ་མཐུད་ནས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་ནས་ལུས་སྲོག་བློས་གཏོང་གིས་གསར་འགྱུར་མཁོ་སྤྲོད་གནང་མཁན་ཚོ་རྒྱ་ནག་གཞུང་གིས་འཛིན་བཙོན་འཇུག་བྱེད་སྐབས་སྐྱོན་བརྗོད་ཀྱི་སྙན་ཐོ་ཡང་འདོན་གྱི་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།