ལྡི་ལི་རུ་ཆོལ་གསུམ་གསར་འབྱོར་ཚོགས་པ་བཙུགས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ །༨།༡༨ཉིན་སྤེལ། འདི་ཟླའི་ཚེས་༡༥ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཆོལ་གསུམ་གསར་འབྱོར་ཚོགས་ཞེས་པ་ཞིག་གསར་འཛུགས་གནང་བ་དང་དེའི་དམིགས་ཡུལ་དང་དགོས་པ་གཙོ་བོ་ལྡི་ལིར་ཡོད་པའི་གསར་འབྱོར་རྣམས་ཀྱི་དཀའ་ངལ་སེལ་ཆེད་ཡིན་འདུག

altདེ་ཡང་ཟླ་འདིའི་ཚེས་༡༥ ཉིན་། ཆུ་བཞི་སྒང་དྲུག་དཔའ་བོ་རྗེས་དྲན་ཚོགས་ཁང་ནང་དུ་སྔ་དྲོ་ཆུ་ཚོད་༩ནས་བོད་མི་འགས་དང་ལེན་བྱས་ནས་ཚོགས་འདུ་ཞིག་སྐོང་ཚོགས་བྱས་པ་དང་ཚོགས་འདུའི་ཐོགས་ལ་མི་གྲངས་༡༥༠ ལྷག་ཕེབས་ཡོད་པ་དང་། རྒན་ལེགས་ལྡན་ལགས་ཀྱིས་འགོ་གཙོ་གནང་ནས་ལྡི་ལི་གསར་འབྱོར་ཚོགས་པའི་སྒྲིགགཞི་ཞེས་པའི་ཤོག་ལེབ་གཉིས་ཅན་ནང་ནས་སྡེ་མཚན་ཀ་ནས་ཇ་བར་དུ་ཡོད་པ་ཞིག་ཚོགས་སྐྱར་བ་རྣམས་དང་ལྷན་དུ་གྲོས་བསྡུ་གནང་བ་་དང་དོགས་འདྲི་དང་བསམ་ཚུལ་རྗེས་ལེན་སོགས་བྱས་སོང་།


ཉིན་རྒྱབ་ཞལ་ལག་རྗེས་སུ་རྒྱུན་ལས་འོས་སྡུས་བྱས་ནས་ཁྱོན་བསྡོམས་ཆོལ་གསུམ་ནས་རྒྱུན་ལས་༩ འདེམས་གནང་སོང་།

ཚོགས་པའི་ངོ་བོ།
ཀ༽ ལྡི་ལི་གནས་བཞུགས་བོད་ནས་གསར་འབྱོར་དུ་ཆོལ་ཁ་གསུམ་གྱི་བོད་མི་ཚོའི་བདེ་སྡུག་ལ་ལྟ་རྟོག་བྱ་མཁན་ཞིག་ཡིན།

ཁ༽ ཚོགས་པའི་དམིགས་ཡུལ།

༡༽ ༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་སྐྱབས་འོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེར་བླ་མེད་པའི་གུས་རྩིས་ཞུ་རྒྱུ་དང་། དེར་དབུ་འོག་དཔུང་འདེབས་ཞུ་རྒྱུ།
༢༽ལྡི་ལི་གནས་བཞུགས་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོའི་ད་ལྟའི་འཚོ་གནས་དང་མ་འོངས་མདུན་ལམ་གང་ཐད་ལ་འགན་འཁུར་རྐང་ལེན་བྱ་རྒྱུ།
༣༽ཆོལ་ཁ་དང་ཆོས་ལུགས་ཆོས་བརྒྱུད་ཀྱི་འཐེན་ཁྱེར་དང་ལངས་ཕྱོགས་བྱེ་བྲག་པ་གང་གི་དབང་ཤུགས་འོག་ཏུའང་མ་སོང་བ་བྱ་རྒྱུ། བོད་ཀྱི་ཆོས་དང་རིག་གཞུང་དག་མ་ཉམས་རྒྱུན་འཛིན་དང་དར་སྤེལ་ཐུབ་ཐབས་བྱ་རྒྱུ།
༤༽ རང་ཁོངས་བྱིས་པ་དང་ན་གཞོན་རྣམས་ཚོར་ཤེས་ཡོན་འབྱོར་ཐབས་དང་དེ་ཚོར་བོད་ཀྱི་གོམས་སྲོལ་འཇགས་ཐབས་བྱ་རྒྱུ།

གསར་འགོད་པ། དབྱངས་ཅན་སྒྲོལ་མ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།