བོད་མིའི་གཟུཊ་ཁམས་ཡག་པོ་ཡོད་ཀྱང་འཕྲོད་བསྟེན་ཞན་པོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༡༦ཉིན་སྤེལ། སྤྱིར་བོད་མིའི་གཟུཊ་ཁམས་ཡག་པོ་ཡོད་ཀྱང་འཕྲོད་བསྟེན་ཞན་པོ་རེད། བོད་པ་ལ་བོད་སྨན་གྱི་ནུས་པ་དེ་ཐོན་གྱི་ཡོད་མ་རེད། རྒྱུ་མཚན་བོད་པ་ཚོས་བཟས་སྤྱོད་ལ་འཛེམ་ཀྱི་ཡོད་མ་རེད་ལ་སྨན་གྱི་སྒྲིག་གཞི་བཞིན་བྱེད་ཀྱི་ཡོད་པ་མ་རེད།

དེ་རིང་སྔ་དྲོ་ཆུ་ཚོད་༩།༠༠པའི་སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སཱ་ར་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་པ་དབུ་འཛུགས་གནང་སོང་བ་དང་། བགྲོ་གླེང་དེ་ནི་སྐབས་བཅུ་གསུམ་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གྲྭའི་གཞོན་ནུ་རུ་ཁག་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག བགྲོ་གླེང་གི་བརྗོད་གཞི་ནི་༼བོད་ཀྱི་དམངས་ཁྲོད་དུ་དར་བའི་ནད་བཅོས་དང་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་༽གླེང་བ་ཞེས་པའི་ཐོག་ཉིན་གསུམ་རིང་བགྲོ་གླེང་བྱ་རྒྱུ་ཡིན་འདུག

ཐེངས་འདིའི་བགྲོ་གླེང་གི་མཛད་སྒོའི་ཐོག་ཕེབས་གནང་མཁན་གྱི་སྐུ་མགྲོན་གཙོ་altབོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། ༔དམིགས་བསལ་གྱི་སྐུ་མགྲོན་གཙོ་བོ་བོད་གཞུང་སྨན་རྩིས་ཁང་གི་ངེས་སྟོན་པ་བཀྲིས་ཚེ་རིང་ལགས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་སྒྲོལ་མ་ལགས། དེ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གྲྭའི་སློབ་སྤྱི་པ་སངས་ཚེ་རིང་ལགས དགེ་སློབ་རྣམ་པ་བཅས་ཁྱོན་བསྡོམས་མི་གྲངས་བརྒྱ་ལྷག་ལྷན་འཛོམས་གནང་འདུག
 
དམིགས་བསལ་གྱི་སྐུ་མགྲོན་བོད་གཞུང་སྨན་རྩིས་ཁང་གི་ངེས་སྟོན་པ་བཀྲིས་ཚེ་རིང་ལགས་ཀྱིས་བགྲོ་གླེང་དང་འབྲེལ་བའི་སྐོར་ལ་གསུང་དོན།
དེ་རིང་འདིར་བགྲོ་གླེང་གནང་བར་དེར་དམིགས་བསལ་གྱིས་ང་རང་དགའ་བོ་བྱུང་། བརྗོད་གཞི་དེ་ཡང་སྨན་རྩིས་ཁང་དང་འབྲེལ་བ་ཡོད་པ་ཞིག་རེད། ལྷག་པར་དུ་ལོ་འདི་༧རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ས་སྨན་རྩིས་ཁང་གསར་འཛུགས་གནང་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཞིག་ཡིན་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་༣པའི་ཚེས་༢༣ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་གྱིས་གསལ་བསྒྲགས་བྱས་པ་ལྟར་རྒྱལ་སྤྱིའི་ཐོག་སྨན་དང་རྩིས་ཀྱི་གཏམ་བཤད་དང་། བགྲོ་གླེང་། ནད་རིགས་སྔོན་འགོག བཟས་སྤྱོད་ལམ་སྟོན་ཐད་ལས་འགུལ་སྤེལ་བ་བཅས་ཧ་ཅང་གིས་ལེགས་པོ་བྱུང་ཡོད་ཅེས་དང་།
 
ཁོང་གིས་མུ་མཐུད་མང་ཁྲོད་དུ་དར་བའི་ནད་གཞིའི་སྐོར་ལ་གསུང་དོན།  དང་པོ། ང་ཚོའི་ཡིག་ཆ་དང་། ལོ་རྒྱུས་སྨྲ་བ་ཚོས་སྔ་མོའི་གཅོད་ཐབས་མང་པོ་ཞིག་འགྲེལ་བཤད་དང་མཛུབ་སྟོན་གནང་གི་ཡོད་པ་རེད།  ཡིན་ཡང་བཅོས་ཐབས་དེ་ཚོའི་ཪིགས་བེད་སྤྱོད་གཏོང་མཁན་ཚོས་ངོས་ལེན་མ་བྱས་པར་བརྟེན་རང་བཞིན་གྱིས་ཡལ་འགྲོ་ཡི་ཡོད་པ་རེད། ཕྱིས་སུ་ཕྱི་ལུགས་ཀྱི་སྨན་དང་ཚན་རིག་དར་བའི་ཤུགས་རྐྱེན་གྱིས་དེ་སྟབས་བདེ་བར་བརྟེན་ཕྱི་ལུགས་ལྟར་གནང་གི་ཡོད་པ་རེད།

ཉེ་འཆར་ང་ཚོས་བརྗོད་གཞི་ལེགས་པོ་ཞིག་གྲ་སྒྲིག་བྱས་སྟེ་སྨན་པ་བཞི་བོད་ལ་བཅར་རྒྱུ་བྱས་པ་ཡིན། དེ་ཡང་གaltཙོ་བོ། བོད་ནང་བཞུགས་ཡོད་པའི་སྨན་པ་ཚོ་དང་ལྷན་དུ་རིག་གཞུང་བརྗེ་ལེན་དང་། རྒྱལ་སྤྱིའི་ཐོག་ནས་བོད་སྨན་ལ་ཆེ་མཐོང་གང་འདྲ་ཡོད་མེད་སྐོར་ལ་འགྲེལ་བཤད་བྱ་རྒྱུ་བྱས་ཏེ། དྷི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ལ་འབྲེལ་བ་བྱས་པ་ཡིན། མཐའ་མ་དེ་ལ་རྒྱ་ནག་གཞུང་གི་གོང་རིམ་ནས་བཀའ་ཁྲོལ་ཐོབ་མ་སོང་བས་ང་ཚོར་བློ་ཕམ་བྱུང་སོང་ཞེས་བརྗོད་གནང་སོང་།

སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བགྲོ་གླེང་དང་འགྲེལ་བའི་སྐོར་ལ་གསུང་དོན། ཉེ་དུས་༧གོང་ས་མཆོག་གིས་སྨན་རྩིས་ཁང་ལ་བཀའ་སློབ་ཅིག་གནང་བར་བརྟེན་ཕྱི་ལོ་༢༠༡༦གི་ལོའི་ནང་འཕྲོད་བསྟེན་དང་འབྲེལ་བའི་ལས་འགུལ་མང་པོ་སྤེལ་གནང་སོང་། དེ་དང་འབྲེལ་རྣམ་པ་ཚོའི་བརྗོད་གཞི་ཡང་དེ་དང་ངོ་བོ་མཐུན་པའི་ཐོག་ལ་གནང་འདུག དེ་གལ་ཆེན་པོ་རེད།

སྤྱིར་བོད་མིའི་གཟུཊ་ཁམས་ཡག་པོ་ཡོད་ཀྱང་འཕྲོད་བསྟེན་སྐྱོ་བོ་རེད། བོད་པ་ལ་བོད་སྨན་གྱི་ནུས་པ་དེ་ཐོན་གྱི་ཡོད་མ་རེད། རྒྱུ་མཚན་བོད་པ་ཚོས་བཟས་སྤྱོད་ལ་འཛེམ་ཀྱི་ཡོད་མ་རེད་ལ་སྨན་གྱི་སྒྲིག་གཞི་བཞིན་བྱེད་ཀྱི་ཡོད་པ་མ་རེད། འོན་ཀྱང་ཕྱི་རྒྱལ་བ་དང་རྒྱ་གར་བ་ལ་བོད་སྨན་གྱི་ནུས་པ་ཐོན་གྱི་ཡོད་རེད།  དེར་བརྟེན་ད་ཐེངས་ཀྱི་བགྲོ་གླེང་དེ་བརྒྱུད་ནས་རྣམ་པ་ཚོས་འཕྲོད་བསྟེན་ལ་དོ་སྣང་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་གནང་སོང་།
 
གསར་འགོད་པས་ས་རཱ་གཞོན་ནུ་རུ་ཁག་གི་ཚོགས་གཙོ་སྒྲོལ་མ་སྐྱིད་ལ་བཅར་འདྲ་བྱེད་སྐབས་ཁོ་མོས་བརྗོད་དོན། ད་ཐེངས་ཀྱི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་དེ་བོད་ཀྱི་དམངས་ཁྲོད་དུ་དར་བའི་ནད་བཅོས་དང་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་༽གླེང་བ་ཞེས་པའི་ཐོག་བགྲོ་གླེང་བྱ་རྒྱུ་རེད། བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་དེ་༧རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པཆེན་པོས་ལྷ་ས་སྨན་རྩིས་ཁང་གསར་འཛུགས་གནང་ནས་་ལོ་བརྒྱ་འཁོར་བའི་དུས་དྲན་དང་། བོད་ཀྱི་གསོ་བ་རིག་པ་དེ་འཛམ་གླིང་སྤྱི་ཡོངས་ལ་དར་ཁྱབ་ཆེ་བའི་དུས་སྐབས་ཤིག་ཡིན་སྟབས་བརྗོད་གཞི་དེ་འདེམས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ། ཟླ་བ་ཕུར་བུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།