དགོངས་ཚུལ།

བོད་ཀྱི་བུད་མེད་འགན་འཛིན་ལྷན་ཚོགས་ཐེངས་བཅུ་གཉིས་པ་འཚོཊ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༩ཉིན་སྤེལ། བཙན་བྱོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་གཉིས་པ་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་དབུ་འཛུགས་གནང་ཡོད་འདུག

དེ་ཡང་འདི་གར་འབྱོར་བའི་གནས་ཚུལ་ལ་གཞིགས་ན། ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་ཀྱི་དགོན་སྡེ་གཉིས་ཀྱི་མཁན་རིན་པོ་ཆེའི་དབུས་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་ཧོན་སུར་ས་གནས་མགོ་འཛིན་དགེ་ལེགས་འབྱུང་གནས་ལགས། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཁག་ ༣༠ ཡི་ཚོགས་གཙོ་ཚོགས་བཞོན་དང་། རྩིས་པ་དྲུང་ཆེ། རྒྱུན་ལས་མི་བཞི་རེ་ཆེད་བཅར་ཡོད་འདུག

ཐེངས་འདིའི་བུད་མེད་ལྷན་ཚོགས་འགན་འཛིན་ལྷན་ཚོགས་ཟླ་འདིའི་ཕྱི་ཚེས་ ༡༣ བར་འཚོགས་ཀྱི་ཡོད་པ་དང་། ལྷན་ཚོགས་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀའ་ཁྱབ་གཞིར་བཟུང་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲའི་ཞིབ་ཕྲའི་སྙན་ཐོ་ཁག་སྙན་སྒྲོག་ཞུས་བ་དང་འབྲེལ། ཚོགས་ཞུགས་པ་རྣམས་ནས་དགོངས་འཆར་བཏོན་ཏེ་གྲོས་ཆོད་འཇོག་རྒྱུ་ཡིན་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།