ངའི་མིང་ལ་བསྟན་འཛིན་ཟེར། ང་རང་རྒྱ་མི་མིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༩ཉིན་སྤེལ། བོད་མི་ན་གཞོན་བཙན་བྱོལ་བ་ཞིག་གིས་རང་ཉིད་རྒྱ་གར་གྱི་མཐོ་སློབ་འགྲིམས་པའི་སྐོར་གྱི་དྲན་གསོའི་རྩོམ་དེབ་ཞིག་པར་འགྲེམས་ཞུས་འདུག

altདེ་རིང་ཕྱི་དྲོའི་ཚོུད་༣།༠༠ཐོག  གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བཙན་བྱོལ་བོད་ཀྱི་ན་གཞོན་རྩོམ་པ་པོ་ཞིག་གིས་རྒྱ་གར་མཐོ་སློབ་ནང་གི་དྲན་གསོ་དང་འབྲེལ་བའི་དེབ་ཞིག་དབྱིན་ཇའི་སྐད་ཡིག་སྒང་བརྩམས་ཡོད་པ་དེ་ནི་སྤྱི་ཟུར་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་དབུ་འབྱེད་བྱས་སོང་།

དེ་ཡང་རྩོམ་པ་པོ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བརྩམས་པའི་དེབ་འདི་ནི། བཙན་བྱོལ་ནང་གི་བོད་མི་ཞིག་གིས་རྒྱ་གར་མཐོ་སློབ་འདོན་པའི་སྐབས་ཀྱི་དྲན་གསོའི་རྩོམ་དེབ་ཞིག་ཡིན་པ་དང་། རྩོམ་པ་པོས་བརྗོད་དོན། ང་རང་རྒྱ་གར་མཐོ་སློབ་ན་ཡོད་དུས། རྒྱ་གར་བ་སློབ་གྲོགས་རྣམས་ཀྱིས་ཁྱོད་རང་རྒྱ་ནག་ཡིན་ནམ། ཡང་ན་བལ་ཡུལ་དང་སིལ་ཁམས་སོགས་ཀྱི་མི་རིགས་ཡིན་པའི་སྐད་ཆ་དྲིས་སོང་། སོ་སོའི་སེམས་ནས་བོད་པ་ཡིན་པའི་སྤོབས་པ་དང་བཅས། ང་ནི་བོད་པ་ཡིན་པ་མ་ཟད། རྒྱ་མིས་བོད་ས་བཙན་འཛུལ་བྱས་པས་ན། ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་ཡོང་ཡོད་པའི་སྐོར་འབྲེལ་བརྗོད་གནང་བ་ཡིན།  དེ་བས་དེབ་འདིའི་ཁ་བྱང་ལ་དམིགས་གསལ་གྱིས་ངའི་མིང་ལ་བསྟན་འཛིན་ཟེར། ང་ནི་རྒྱ་མི་མིན། ཞེས་པའི་དེབ་མིང་འདི་གདགས་པ་ཡིན་ཞེས་བརྗོད་སོང་།

སྤྱིར་ཟུར་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བརྗོད་དོན། ང་ཚོའི་སྤྱི་ཚོགས་ནང་དུ་དེབ་འབྲི་ཡིན་ཡིན་ཟེར་མཁན་མང་པོ་འདུག་མོད། ལམ་སང་དེབ་པར་འགྲེམས་བྱེད་མཁན་ཧ་ཅང་གིས་ཉུང་བས་ན། ངས་ཁོང་ལ་དམིགས་གསལ་གྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  འདི་ལྟ་བུའི་དེབ་འདི་ནི་མ་འོངས་ལོ་༥༠ལྷག་གི་རྗེས་སུ། བཙན་བྱོལ་བོད་མི་རྣམས་ཀྱི་ལོ་རྒྱུས་རིན་ཐང་ལྡན་པ་ཞིག་ཆགས་ཀྱི་ཡིན་པས་ན། ང་ཚོས་བཙན་བྱོལ་གྱི་ཤེས་ཡོན་པ་རྣམས་ཀྱིས་དེབ་འདི་ལྟ་བུ་འབྲི་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད་ལ། ཁོང་ནང་བཞིན་བོད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱིས་དེབ་རྩོམ་པར་རེ་བ་དང་འབོད་སྐུལ་ཞུ་ཡི་ཡོད་ཅེས་བརྗོད་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།