༸གོང་ས་མཆོག་ལ་དྭགས་སུ༸ཞབས་སོར་བདེ་བར་འཁོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༦ཉིན་སྤེལ། ༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་བསྒྱུར་བསྐྱངས་གནང་སྟེ་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་གནང་འདུག

དེ་ཡང་ཕྱི་ལོ་༢༠༡༦ཟླ་༧ཚེས་༢༥ཉིན་གྱི་སྔ་དྲོ་ཆུ་ཚོད་༤།༣༠ཡོལ་ཙམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཕེབས་གྲུའི་ཐོག་ཇམ་མུ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད་འདུག གཞན་ཡང་ཏཱ་ལའི་བླ་མའི་དྲ་རྒྱའི་སྟེང་སྤེལ་བའི་མཛད་འཆར་ལྟར་ན། ཕྱི་ལོ་ ༢༠༡༦ཟླ་༨ཚེས་༡༢ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཡོད་པའི་ཁྲིག་རྩེ་ཚུལ་ཁྲིམས་རྣམ་དག་གླིང་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གaltསུང་ཆོས་བསྩལ་རྒྱུ་ཡིན་འདུག་པ་དང་། ཕྱི་ཚེས་༡༣ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚེ་དབང་བཀའ་དྲིན་བསྩལ་རྒྱུ་དང་། དེ་རྗེས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ཕྱི་ཚེས་༡༩ནས་༢༠བར་ལ་དྭགས་ཀྱི་གླེ་རུ་ཡོད་པའི་ཞི་བའི་ཚལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་བསྩལ་རྒྱུ་དང་། ཕྱི་ཚེས་༢༡ཉིན་སྤྱན་རས་གཟིགས་ཀྱི་དབང་བསྩལ་རྒྱུ་ཡིན་འདུག་ཅེས་འཁོད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།