བོད་ཀྱི་མཛངས་མ་ཞིག་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༥ཉིན་སྤེལ། ཕྱི་ལོ་ ༢༠༠༦ ལོའི་བོད་ཀྱི་མཛངས་མ་ཚེ་རིང་ཆུང་བདག་ལགས་ཀྱི་སྙིང་རྩ་འགག་སྟེ།  ལྡི་ལི་བསམ་ཡས་གླིང་གི་མགྲོན་ཁང་ཞིག་ཏུ་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་འདུག

altའདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར་ཕྱི་ལོ་ ༢༠༠༦ ལོའི་བོད་ཀྱི་མཛངས་མ་ཚེ་རིང་ཆུང་བདག་ལགས་ཀྱི་སྙིང་རྩ་འགག་སྟེ། ལྡི་ལི་བསམ་ཡས་གླིང་གི་མགྲོན་ཁང་ཞིག་ཏུ་གློ་བར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བོད་ཀྱི་མཛངས་མའི་འགྲན་སྡུར་ཕྱི་ལོ་ ༢༠༠༢ ལོར་མགོ་འཛུགས་བྱས་པ་ནས་ད་ལྟའི་བར་རྒྱལ་ཁ་ཐོབ་པའི་བོད་ཀྱི་མཛངས་མ་འདས་གྲོངས་སུ་ཕྱིན་པ་གཉིས་པ་དེ་ཡིན་འདུག

དེ་མིན་མཛངས་མ་ཚེ་རིང་ཆུང་བདག་ལགས་ནི་ཕྱི་ལོ་ ༢༠༠༦ ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་རྗེས། བོད་ཀྱི་མཛངས་མའི་མཚན་ཐོག་ནས་ཧྥི་ལི་པིན་(Philippine)གྱི་ནང་བསྡུས་པའི་ཕྱི་ལོ་ ༢༠༠༦ ལོའི་སའི་གོ་ལའི་མཛངས་མ་འགྲན་སྡུར་ནང་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༠༧ ལོར་མཱ་ལེ་ཞི་ཡ་ནང་ཚོགས་པའི་(Miss Tourism Queen International)ཞེས་པའི་རྒྱལ་སྤྱི་རང་བཞིན་གྱི་མཛངས་མའི་འགྲན་སྡུར་ནང་ཞུགས་རྩིས་གནང་ཡོད་ཀྱང་། རྒྱ་གཞུང་གི་གནོན་ཤུགས་འོག་རྒྱ་ནག་བོད་ཀྱི་མཛངས་མ་ཞེས་པའི་མཚན་ཐོག་ནས་མཉམ་ཞུགས་དགོས་སྐོར་བརྗོད་ཡོད་པར་བརྟེན། མོས་རྒྱ་ནག་ཞེས་པའི་མིང་དེ་དང་ལེན་མ་གནང་བར་ཕྱིར་ལོག་ཡོད་པ་མ་ཟད། གསར་འགོད་གསལ་བསྒྲགས་སྤེལ་ཏེ་རྒྱ་གཞུང་གི་གནོན་ཤུགས་འོག་མཛངས་མ་འགྲན་སྡུར་གོ་སྒྲིག་པས་མོའི་མཚན་གནས་བརྗེ་བསྒྱུར་བྱེད་ཐབས་ལ་སྐྱོན་བརྗོད་གནང་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།