རྒྱ་ནག་པཎ་ཆེན་གྱི་དུས་དབང་ལ་ངོ་རྒོལ་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༡ཉིན་སྤེལ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞི་ནས་རྒྱ་ནག་པཎ་ཆེན་ལ་རྒྱ་གཞུང་གིས་གཞིས་རྩེར་བཙན་ཤེད་ཀྱིས་དུས་དབང་བཀོད་སྒྲིག་བྱས་པ་གཙོས་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

altདེ་རིང་སྔ་དྲོའི་ཚོུད་༡༠བའི་ཐོག ངྷ་རམ་ས་ལའི་བཞུགས་སྒར་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྡོ་རིང་གི་མདུན་དུ། བཙན་བྱོལ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གསུམ་གྱི་བཀོད་སྒྲིག་འོག དེ་རིང་ནས་བཟུང་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱན་མཚན་ནོར་བུ་ཟེར་བར་དུས་འཁོར་དབང་ཆེན་པའི་གནང་དགོས་པའི་བཙན་ཤེད་ཀྱི་འོག་དེ་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གཞིས་ཀ་རྩེར་དངོས་སུ་འགོ་འཛུགས་བྱས་ཡོད་པས་ན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། རྒྱའི་བཙོན་ཁང་དུ་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགྱོགས་མྱུར་གློད་བཀྲོལ་བདེན་སྐྱབས་ཡོང་བའི་རེ་འབོད་བྱས་སོང་།

དེ་ཡང་གོང་འཁོད་ཚོགས་པ་བཞི་མཉམ་དུ་གསལ་འགོད་བསྒྲགས་གཏམ་སྤེལ་བ་ནི།
རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཕྱོགས་ཡོངས་ནས་མཐོང་ཆུང་ཁྱད་གསོད་དང་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་ལེན་བྱེད་པའི་དུས་སྐབས་འདིར། altདེང་སྐབས་སླར་ཡང་པཎ་ཆེན་རྒྱན་མཚན་ནོར་བུ་ཟེར་བར་དུས་འཁོར་དབང་ཆེན་གནང་དགོས་པའི་བཙན་ཤེད་ཀྱི་འོག་དེ་རིང་བོད་ལྗོངས་གཞིས་ཀ་རྩེར་དངོས་སུ་འགོ་འཛུགས་བྱས་ཡོད་ཅིང་།  རྒྱ་ནག་གཞུང་གིས་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་ཆོ་ག་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ། བོད་ཀྱི་སེར་སྐྱ་མི་མང་གི་མངོན་འདོད་བཅས་རྩིས་མེད་རྡོག་རོལ་བཏང་ནས་པཎ་ཆེན་ཡང་སྲིད་ངོས་འཛིན་བྱས་པའི་ལོ་རྒྱུས་ཀྱི་སྡིག་ཉེས་ལ་ངོ་རྒོལ་དང་། ད་ལྟ་སླར་ཡང་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་།  ༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ནས་རྭགྱལ་དབང་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་ལམ་དང་། ཆོས་ལུགས་ཀྱི་ཆོ་ག དེ་བཞིན་བོད་རྒྱུད་ནང་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་རང་བཞིན་གཞན་ལྟར་ཐག་གཅོད་གཏན་འཁེལ་གནང་བའི་དགེ་འདུན་ཆོས་ཀྱི་ཉི་མ་ཡིད་ལ་དྲན་པའི་སྒོ་ནས།  ཁོང་གི་བཞུགས་ཁྲི་དང་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་པའི་མིང་མང་གི་ལས་འགུལ་འདི་འདྲ་ཞིག་སྤེལ་བཞིན་ཡོད་ལ།  དྲང་བདེན་དང་ཡར་ཐོན་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགྱོགས་མྱུར་གློད་བཀྲོལ་བདེན་སྐྱབས་ཡོང་བའི་རེ་འབོད་དང་བཅས།

བོད་ཀྱི་བུད་མེད་ལྷན་ཚོགས།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས།
ཕྱི་ལོ་༢༠༡༦ཟླ་༠༧ཚེས་༢༠ཉིན་སྤེལ།

གསར་འགོད་པས་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཀླུ་མཁར་བྱམས་ལགས་སུ་ལས་འགུལ་འདི་འདྲ་སྤེལ་དགོས་དོན་སྐོར་བཅར་འདྲི་ཞུས་དོན། རྒྱ་དམར་གྱིས་མ་འོངས་པར་བླ་མ་གཞན་པ་དང་ཁྱད་པར་དུ་༧གོང་ས་མཆོག་གི་ཡང་སྲིད་ལ་ཡང་དམིགས་ཡོད་རེད་བསམ་གྱི་འདུག  དེ་སོང་ཙང་། མི་སྒེར་ལ་དམིགས་པ་མ་ཡིན་པར་ང་ཚོའི་ཚོགས་པ་ཁག་གི་ཁ་གཏད་ས་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་རྩེད་མོ་རྩེད་སྤྱད་བྱས་པ་ནི། བོད་མི་རིགས་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པ་མ་ཟད། འདིའི་རྒྱབ་ལོག་ཏུ་དམིགས་ཡུལ་ངོས་ཅན་ཞིག་ཡོད་པས་ན་ང་ཚོས་ཁ་ཐུག་གིས་ངོ་རྒོལ་བྱེད་ཀྱིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་གསར་འགོད་པས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་འགན་འཛིན་ཚེ་ལྷ་ལགས་སུ་དེ་རིང་ལས་འགུལ་ཇི་འདྲ་བྱས་ཏེ་སྤེལ་གྱི་ཡོད་མེད་སྐོར་ནས་བརྗོད་དོན། རྒྱ་ནག་གི་བཀོད་སྒྲིག་འོག་པཎ་ཆེན་རྒྱན་མཚན་ནོར་བུ་ཟེར་བ་ཞིག་གིས་གཞིས་རྩེར་མི་མང་ལ་དུས་དབང་གནང་གི་ཡོད་པའི་ཉི་མ་དེ་རིང་གི་ཕྱི་ཚེས་༢༡ཉིན་དམིགས་སུ་བཟུང་སྟེ།  རྒྱ་ནག་གཞུང་ལ་དམིགས་གསལ་གྱི་བརྡ་ལན་དང་ངོ་རྒོལ་ཆེད་དུ། དེ་རིང་སྔ་དྲོ་ནས་ཕྱི་དྲོ་ཚོུད་༢པ་བར་དུ་མི་མང་གིས་པཎ་ཆེ་རིན་པོ་ཆེ་དངོས་ཀྱི་བཞུགས་ཁྲི་དང་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་རྒྱུ་དེ་ཡིན་པར་བརྗོད་སོང་།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།