བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གིས་ཨང་གཉིས་པ་བླངས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༡༣ཉིན་སྤེལ། བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་རྒྱ་གར་རྒྱ་ཡོངས་ཀྱི་རུ་ཁག་གསུམ་གྱི་ནང་ནས་བོད་ཀྱི་བུད་མེད་རྐང་སྤོལ་རུག་ཁག་གིས་ཨང་གཉིས་པ་བླངས་སོང་།

 altཁ་སང་་ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐག ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ། བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པའི་གོ་སྒྲིག་འོག བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་བགྲན་བསྡུར་ཕྱི་ཚེས་དགུ་ཉིན་ནས་མགོ་འཛུགས་བྱས་ཏེ་ཉིན་བཞིའི་རིང་། རུ་ཁག་མ་འདྲ་བ་བཞི་ཡིས་འགྲན་བསྡུར་བྱས་ཤིང་། མཐའ་མའི་རྟིང་རྩོད་འགྲན་ཞུགས་སུ་སླེབས་མཁན་ནི། བོད་པའི་རུ་ཁག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེ་ནས་ཡིན་པའི་ཨོའུ་ནཱ་  Khad UNAརུ་ཁག་གཉིས་ཡིན་པ་རེད།

དེ་ཡང་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཨོ་ན་རུ་དང་བོད་ཀྱི་རུ་ཁག་གཉིས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཀྱི་ཚོུད་ནང་འདྲ་མཉམ་བྱུང་བ་དང་། དེའི་རྗེས་སྐར་མ་༡༠།༠༠་རིང་གི་འགྲན་བསྡུར་ཁྲོད་དུ་ཡང་བསྐྱར་འདྲ་མཉམ་ཆགས་པས། མཐའ་མར་རུ་ཁག་གཉིས་ཀྱི་རྩེད་འགྲན་རྣམས་རེས་མོས་ཀྱིས་མི་གཅིག་གཅིག་བྱས་ཏེ་རྐང་སྤོལ་འགྲན་བསྡུར་བྱས་དུས་ན། ཨོའུ་ནཱ་ལ་གཅིག་དང་བོད་ཀྱིོ་རུ་ཁག་ལ་ཀླད་ཀོར་ཆགས་པས་ན། ཨོའུ་ནཱ་ལ་ཨང་དང་པའི་བྱ་དགའ་ཐོབ་ཅིང་། རྩེད་འགྲན་འདིའི་བྱས་དགའ་ལ་གསེར་གྱི་རྟགས་མ་གཅིག་པུ་མ་གཏོགས་ཆ་རྐྱེན་གྱི་དབང་གིས་བཀོད་བསྒྲིག་བྱེད་མ་ཐུབ་པ་གོ་སྒྲིག་པས་བརྗོད་སོང་།

altདེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། འདི་ནི་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རྩེད་མཁན་རྣམས་ཀྱིས་གང་སར་འགྲན་བསྡུར་མང་པོ་བྱས་ཡོད་ཀྱང་། འགྲན་བསྡུར་རང་གི་རྣམ་པའི་ཐོག་ནས་རིམ་བགྲོད་འགྲན་བསྡུར་Tournamentབྱས་ཏེ་རྩེད་པ་ནི་ཐོག་དང་པོ་ཡིན་པ་དང་། ད་ཐེངས་ཀྱི་བོད་ཀྱི་བུ་མེད་རྩེད་འགྲན་རུ་ཁག་ནི། གཞིས་ཆགས་ས་གནས་ཁག་ནས་དྲག་འདེམས་བྱས་པ་ཞིག་ཡིན་པ་དང་། རྗེས་ནས་བོད་ཀྱི་རུ་ཁག་མང་རུ་བཏང་སྟེ་རྒྱ་གར་གྱི་རུ་ཁག་ཉུང་རུ་གཏོང་གི་ཡིན་པར་བརྗོད་སོང་།

གཞན་ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན།
ད་རེས་ཀྱིས་རྩེད་འགྲན་འདིས་ང་ཚོར་འདི་འདྲའི་སྡིངས་ཆ་ཞིག་འདུག་བསམ་པའི་མིག་དཔེ་བསྟན་ཡོད་ལ། བོད་ཀྱི་བུད་མེད་རུ་ཁག་གང་ཡིན་ཀྱང་འཛུལ་ཞུགས་བྱས་ཆོག་ཅིང་། འཛུལ་ཞུགས་བྱེད་དགོས་པ་ཧ་ཅང་གིས་གལ་ཆེན་པོ་རེད། ལྷག་པར་དུབོད་ཀྱི་བུ་མོ་ཚོ་རྩེད་རིགས་སྣ་ཚོགས་ནང་མཉམ་ཞུགས་བྱས་ཏེ་སོ་སོའི་བློ་སྤོབས་དང་ནུས་སྟོབས་གོང་སྤེལ་ཙམ་མ་ཟད། འཕྲོད་བསྟེན་བདེ་ཐང་ལའང་ཕན་པའི་སྦྱོང་བརྡར་ལེགས་པོ་འཐོབ་དགོས་རེད་ཅེས་བརྗོད་སོང་།

ད་རེས་ཀྱི་བུད་མེད་ཀྱི་རྐང་གྲུག་རྩེད་འགྲན་འདིར་ཞུགས་ཀྱི་ཚོགས་པ་ཁག་ནི། བོད་ཀྱི་རུ་ཁག་གཅིག རྒྱ་གར་ཧི་མ་ཅལ་མངའ་སྡེ་ནས་ཡིན་པའི་ཨོའུ་ནཱ་KHAD UNA དང་ནཱ་ཧནSIMUR NAHAN  པན་མཇེབ་མངའ་སྡེ་ནས་ཡིན་པའི་ངྷན་སྒྲི      dand, taran taran amritsarབཅས་རེད།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།