འབྲས་ལྗོངས་སུ་བོད་རྣམས་ཀྱིས་དུས་དྲན་སྲུང་བརྩི་ཞུ་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ཟླ་༡༡ཚེས་༤ཉིན་སྤེལ། རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་སུ་བོད་མི་རྣམས་ཀྱིས་ཟླ་འདིའི་ཚེས་༦ནས་༡༠བར་རྒྱལ་ས་སྒང་ཐོག་ཏུ་དུས་དྲན་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་འཆར་ཡོད་འདུག མཛད་སྒོ་དེ་ནི་རྒྱ་གར་གཞུང་གིས་བཀའ་དྲིན་ལ་བརྟེན་ནས་བོད་མི་རྣམས་ཀྱིས་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་པ་དེར་བཀའ་དྲིན་ལེགས་གསོ་དང་ལྷག་པར་དུ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠འཁོར་བའི་དུས་དྲན་ཞིག་ཡིན་འདུག

ལས་རིམ་དེའི་ནང་བོད་པའི་སྲོལ་རྒྱུན་གྱི་ལུགས་ལྟར་མཆོད་མེ་འབུལ་རྒྱུ་དང༌། ༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱངས་ཞུ་རྒྱུ་བཅས་ཡོད་འདུག་ལ། ལྷག་པར་དུ་འབྱུང་འགྱུར་གྱི་ཉིན་ལྔའི་རིང་བོད་པའི་རིག་གཞུང་འཁྲབ་སྟོན་དང། སྲོལ་རྒྱུན་གྱི་ཞབས་བྲོ་དང། གློག་བརྙན་སྟོན་རྒྱུ། དེ་བཞིན་དེང་རབས་ཀྱི་རྣམ་པ་མི་འདྲ་བ་སྣ་ཚོགས་འཁྲབ་སྟོན་དང༌། ལྷག་པར་དུ་ཆེས་ཐོག་མའི་བོད་ཀྱི་མཛེས་མ་ཚེ་རིང་ཆུང་བདག་ལགས་ཀྱིས་བོད་པའི་ཆས་གོས་དང་ཡུལ་སྲོལ་སོགས་འཁྲབ་སྟོན་ཤིག་ཀྱང་བྱ་རྒྱུ་ཡིན་འདུག

དུས་དྲན་དེ་དང་སྟབས་གཏུན་ཏེ་བོད་པའི་འཁོར་ཡུག་དང་བཙན་བྱོལ་བོད་མི་ཞེས་པ་དང༌། ད་དུང་ནང་ཆོས་སོགས་ཀྱི་སྐོར་བགྲོ་གླེང་ཞིག་ཀྱང་བྱ་འཆར་ཡོད་འདུག

དུས་དྲན་གྱི་མཛད་སྒོ་དེ་ནི་ལི་ཁྲོམ་རྭའི་ནང་ཡོད་པའི་ཁང་ཆེན་ཇུས་དགའ་སྣེ་མང་ཚོང་ཁང་ལ་ཚོགས་འཆར་ཡོད་འདུག་པ་དང། མཛད་སྒོ་དེར་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་ཀྱི་འགྲིམས་འགྲུལ་བློན་ཆེན་སྐུ་ཞབས་ཤ་རིད་ཋི་ཋི་བྷུ་དྷ་ལགས་ཕེབས་འཆར་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།