བོད་རིཊ་དང་ཊ་མལ་རིཊ་གཉིས་ཀྱིས་ཧིན་དྷི་ཚགས་ཤོག་ལ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༡པའི་ཚེས་༤ཉིན་སྤེལ། ཟླ་འདིའི་ཚེས་༤ཉིན། རྒྱ་གར་ལྷོ་ཕྱོགས་ཅེ་ནལ་གྲོང་ཁྱེར་ནང་རྒྱ་གར་ཊ་མལ་མི་རིགས་དང་བོད་རིགས་མཐོ་རིམ་སློབ་མ་རྣམས་ཀྱིས། རྒྱ་གར་གྱི་དབྱིན་ཡིག་ཚགས་ཤོག་ཧིན་དྷི་ཞེས་པའི་ནང་བོད་རིགས་དང་ཊ་མལ་རིགས་ནི་ཁ་བྲལ་རིང་ལུགས་པ་ཡིན་སྐོར་གྱི་གནས་ཚུལ་འཁྱོག་བརྗོད་བྱས་ཡོད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

ཐེངས་འདིའི་ངོ་རྒོལ་ལས་འགུལ་ནང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་མཉམ་ཞུགས་གནང་སྟེ་གཏམ་བཤད་སྤེལ་ཡོད་དོན། ཧིན་དྷི་ཚགས་ཤོག་ཐོག་སྤེལ་བའི་འཁྱོག་བརྗོད་དག་ནི་རྟགས་མཚན་ཙམ་རེད། འབར་མ་དང་བལ་པོ། བྷང་ལ་ཌེ་ཤུ པ་ཀི་སི་ཐན། དེ་བཞིན་སིངྒ་ལ་སོགས་རྒྱལ་ཁབ་ཁག་ནང་རྒྱ་ནག་གི་ཤན་ཤུགས་ཐེབས་ཀྱིན་ཡོད་པ་ལྟར། རྒྱ་གར་ནང་རྒྱ་ནག་གི་ཤན་ཤུགས་ཆེར་འཕར་བྱུང་རྒྱུ་ནི་གནད་དོན་ཚབས་ཆེན་ཞིག་རེད། ཅེས་བརྗོད་ཡོད་འདུག

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མུ་མཐུད་དུ་བོད་རང་བཙན་གྱི་རྩ་དོན་དེ་རྒྱ་གར་གྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཆགས་ཡོད་ལུགས་དང༌། དེ་བཞིན་འཛམ་གླིང་ཐོག་རྒྱ་ནག་གི་ཤན་ཤུགས་ཆེར་འགྲོ་བ་དང་བསྟུན་རྒྱ་གར་ལ་དཀའ་ཉེན་འཕར་མ་སྤྲོད་རྒྱུ་ཡིན་ལུགས་སྐོར་འགྲེལ་བརྗོད་གནང་ཡོད་འདུག

རྒྱ་གར་མཚོ་དམག་གི་བཀའ་བཀོད་པ་ཟུར་བ་སྐུ་ཞབས་སིའི་བྷི་རེ་མའེ་ནུམ་ལགས་ཀྱིས། རྒྱ་ནག་ནི་འགལ་ཟླ་དང་བཙན་དབང་གིས་གྲུབ་པའི་རྒྱལ་ཁབ་ཅིག་རེད་ལ། རྒྱལ་ཁབ་དེ་སྔ་ས་ནས་རུལ་སྐྱོན་ཤོར་ཟིན་པས་རྒྱ་ནག་ལ་མ་འོངས་པ་མེད་པར་མི་འགྱངས་པར་ཉམས་རྒུད་དུ་འགྲོ་ངེས། ཞེས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག

ངོ་རྒོལ་ལས་འགུལ་བ་ཐུན་མོང་གིས་རྒྱ་གར་གྱི་ཧིན་དྷི་ཚགས་ཤོག་རང་དབང་འཐབ་རྩོད་ཐད་ཕྱོགས་ལྷུང་དང་ཉེ་རིང་མཆིས་སྟབས། དེ་ནི་རྒྱ་གར་དང་ཊ་ལམ། དེ་བཞིན་རང་དབང་འཐབ་རྩོད་ལ་ཁ་གཏད་དང་ངོ་རྒོལ་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་རྒྱུའི་གྲོས་ཆོད་བཞག་ཡོད་འདུག

ཐེངས་འདིའི་ལས་འགུལ་ནང་བོད་རིགས་མཐོ་རིམ་སློབ་མ་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་དཔེ་དེབ་རིགས་སྣ་མང་ཞིག་རིན་མེད་སྒོས་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་འོག་གཞིས་ལུས་བོད་མི་རྣམས་ཀྱིས་ཡ་ང་བའི་སྡུག་བསྔལ་མནར་གཅོད་མྱོང་བཞིན་པའི་པར་རིས་ཁག་ཅིག་འགྲེམས་སྟོན་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།