སྤྱི་འཐུས་གྲོས་ཚོཊ་ཚོཊ་དུས་༨དུས་མིན་མཚམས་འཇོག་གནང་དགོས་བྱུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༡༩ཉིན་སྤེལ། ཉིན་གྲངས་༡༢་རིང་གི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཚོགས་མཇུག་རྫོགས་པར་ཉིན༡ལས་མེད་པའི་ཕྱི་ཚེས་༡༨ཉིན། སྤྱི་འཐུས་སྒེར་ཞིག་གི་གྲོས་གཞི་གྲོས་འཆར་ཐད་དཔུང་བསྒྲིགས་པའམ་གང་ཟག་སྒེར་ལ་དམིགས་པ་ཡིན་ལུགས་ཀྱི་དགོངས་ཚུལ་མ་མཐུན་པ་སྤྱི་འཐུས་ལྷན་རྒྱས་བར་བྱུང་རྐྱེན། གྲོས་འཆར་དེར་ངོ་རྒོལ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་༡༢ཙམ་གྲོས་ཚོགས་ནས་ཕྱིར་ཐོན་པ་དང་སྦྲགས། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བར་གྲོས་ཚོགས་སུ་ལས་དོན་ཐག་གཅོད་བྱ་དབང་མེད་པའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར། གྲོས་ཚོགས་དུས་ཡུན་ངེས་མེད་རིང་མཚམས་འཇོག་གནང་དགོས་བྱུང་ཡོད་པ་རེད།

དེ་ཡང་སྤྱི་འཐུས་གྲོས་ཚོགས་སུ་མདོ་སྨད་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་ལགས་ཀྱིས་སྐབས་༡༤པའི་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་བཞག་མ་གནང་པར། ཕྱི་རྒྱལ་དུ་གནས་སྤོས་ཟིན་པའི་སྤྱི་འཐུས་ཤིག་གི་ལམ་གྲོན་གཞུང་གིས་བཏང་བར་ངོ་རྒོལ་གྱི་གྲོས་གཞི་གྲོས་ཆོད་བཏོན་པ་ན། མདོ་སྟོད་ཀྱི་སྤྱི་འཐུས་མང་ཤོས་ཤིག་དང༌། ཆོས་བརྒྱུད་ཁག དེ་བཞིན་དབུས་གཙང་སྤྱི་འཐུས་བཅས་ཁྱོན་སྤྱི་འཐུས་༡༢ཙམ་གྱིས་གྲོས་འཆར་དེ་སྔར་སྲོལ་དང་མི་མཐུན་པར་གྲོས་ཚོགས་འཐུས་མི་གཞན༡༤རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་ཀྱིས་དཔུང་བསྒྲིགས་པའམ་གང་ཟག་སྒེར་ལ་དམིགས་པའི་ངང་ནས་འཁྱེར་ཡོང་བའི་རྩོད་གཞིའི་འོག་གྲོས་ཚོགས་ར་བ་ཕྱིར་ཐོན་ཡོད་པར་བརྟེན། གྲོས་ཚོགས་ཀྱི་འགྲོ་ལུགས་མ་ཚང་བར་ཉིན་དེའི་གྲོས་ཚོགས་དུས་མིན་མཚམས་འཇོག་གནང་ཡོད་བྱུང་ཡོད་ཁར། ཕྱི་ཉིན་ཡང་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཚོགས་བཅར་གནང་མེད་སྟབས་གྲོས་ཚོགས་མུ་མཐུད་སྐོང་ཚོགས་བྱ་ཐབས་བྲལ་ཡོད་པ་རེད།

གྲོས་ཚོགས་འཐུས་མི་འགས་ད་ལྟའི་འཆར་སྤྱི་འཐུས་ཀྱི་ལམ་གྲོན་ཐད་ངེས་བརྟན་གྱི་ཁྲིམས་སྒྲིག་གཞི་གསལ་པོ་མེད་སྟབས། གནས་སྐབས་རིང་གྲོས་འཆར་ཕྱིར་འཐེན་བྱེད་རོགས་དང༌། དེ་ལྟར་མ་གནང་ཚེ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་སྲོལ་མ་བསྐྱངས་པའི་སྒྲིག་ཁྲིམས་འོག་སྤྱི་འཐུས་རྒྱུན་ལས་ཚང་མ་ཚོགས་གཙོ་ཚོགས་གཞོན་དང་བཅས་པ་དགོངས་ཞུ་བྱེད་དགོས་པའི་གནས་སྟངས་སླེབས་ཉེན་ཆེ་ལུགས་གསལ་བཤད་གནང་མོད། གྲོས་འཆར་རྒྱབ་སྐྱོར་བ་དག་གིས་སྔོན་གྱི་སྤྱི་འཐུས་གཉིས་ཀྱི་ལམ་གྲོན་གཞུང་ནས་བཏང་མེད་པའི་གནས་ལུགས་རྒྱུ་མཚན་དྲངས་ནས་གྲོས་འཆར་ལ་རྒྱབ་སྐྱོར་གནང་ཡོད་འདུག

 སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་འཆར་དེར་སྤྱི་འཐུས་ཚེ་རིང་སྒྲོལ་མ་དང༌། ཚེ་རིང་གཡུ་སྒྲོན། པད་པ་འབྱུང་གནས། ཟླ་བ་ཚེ་རིང༌། ངག་དབང་ལྷ་མོ། སྒྲོལ་མ་ཚེ་རིང༌། ཆབ་བྲག་ལྷ་མོ་སྐྱབས། བསོད་ནམས་ཚེ་རིང་ཕིར་སི། ཀིརྟི་སྒྲོལ་དཀར་ལྷ་མོ། དབུ་དཀར་གཡུ་སྒྲོན། རྒྱལ་ནོར་ཚེ་དབང། ཡེ་ཤེས་སྒྲོལ་མ། སྨོན་དཀར་བསོད་ནམས་ཕུན་ཚོགས། དེ་བཞིན་གྲོས་འཆར་འདོན་མཁན་འཕེལ་རྒྱས་སྒྲོལ་མ་སོགས་ཀྱིས་མཚན་རྟགས་བསྐྱོན་ཡོད་འདུག

ཐེངས་འདིའི་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་དབུས་གཙང་དང་མདོ་སྨད་ཀྱི་སྤྱི་འཐུས་མང་ཤོས་ཆགས་ཡོད་པ་དང༌། གྲོས་འཆར་ཕྱིར་འཐེན་བྱེད་དགོས་ལུགས་ལ་རྒྱབ་སྐྱོར་གནང་མཁན་ཡང་སྤྱི་འཐུས་རེ་གཉིས་བྱུང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།