སྐབས་༡༤བོད་མི་མང་སྤྱི་འཐུས་གྲོས་ཚོཊ་ཚོཊ་དུས་བརྒྱད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༨ཉིན་སྤེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཟླ་འདིའི༩ཚེས་༧ནས་ཚེས་༡༩བར་ཉིན་གྲངས་བཅུ་གཉིས་རིང་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་སྐོང་ཚོགས་གནང་བཞིན་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༩ཚེས་༧ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང༌། ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པས་གཙོས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་སྡེ་ཚན་ཁག་གི་ཟུར་ཉན་རྣམ་པ། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཐོག་ཚོགས་འདུ་དངོས་སུ་དབུ་འཛུགས་གནང་ཡོད་འདུག

ཚོགས་འདུའི་དབུ་འཛུགས་མཛད་སྒོའི་ཐོག་ཚོགས་བཅར་བ་ཡོངས་ཀྱིས་བོད་བསྟན་གྱི་དོན་དུ་གཅེས་སྲོག་བློས་གཏོང་གནང་མཁན་བོད་རིགས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཕུལ་ཡོད་ཁར། ཉེ་འཆར་སྐུ་གཤེགས་པའི་ཨ་རིའི་གྲོས་ཚོགས་གོང་མའི་ནང་གི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨི་བར་ཌི་ཁན་ན་ཌི་ལགས་དང༌། རྒྱ་གར་གྱི་ཨན་ཌི་ར་མངའ་སྡེའི་སྤྱི་ཁྱབ་སྡེ་དཔོན་རེ་ཌི་ལགས། དེ་བཞིན་བོད་མི་མང་སྤྱི་འཐུས་ཟུར་པ་བཀྲ་ཤིས་དབང་འདུས་ལགས་རྣམས་ལ་མྱ་ངན་གྱི་གུས་ཕྱག་ལེགས་འབུལ་གནང་ཡོད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཚོགས་ཐོག་ཏུ། ཉེ་དུས་སྤྱི་འཐུས་ཆ་བགོས་ཀྱིས་རྒྱ་གར་དང་བལ་ཡུལ་ས་གནས་ཁག་ཏུ་བསྐྱོད་ནས་མི་མང་གི་གནས་སྟངས་ལ་རྟོག་ཞིབ་གནང་ཡོད་པར་གྲུབ་འབྲས་གང་ལེགས་ཐོབ་ཡོད་པའི་རེ་བ་བཅིངས་ཡོད་ལུགས་ཀྱི་གསུང་བཤད་གནང་ཡོད་ཅིང༌། ཚོགས་འདུའི་ཉིན་དང་པོ་ཉིན་གཉིས་པའི་ནང་བཙན་བྱོལ་གཞུང་གི་འཛིན་སྐྱོང་བཀའ་ཤག་ཐེས་པའི་གཞུང་འབྲེལ་ལྷན་ཁང་ཁག་གིས་ལོ་འཁོར་ལས་བསྡོམས་སྙན་གསེང་དང༌། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྤྱི་འཐུས་རྒྱུན་ལས་༡༢ལས་གྲུབ་པའི་རྒྱུན་ལས་ཚོགས་ཆུང་གི་སྙན་ཐོའི་ཐོག་བགྲོ་གླེང་གོ་བསྡུར་གནང་ཡོད་འདུག་ལ། གཞན་ཡང་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྒང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྱྭ་དང༌། དེ་བཞིན་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་དང༌། དཔལ་འབྱོར་ཐོན་སྐྱེད། ཤེས་ཡོན་སློབ་གསོའི་ལམ་ལུགས། བདེ་ཐང་འཕྲོད་བསྟེན་སོགས་ཀྱི་ཐད་བགྲོ་གླེང་གོ་བསྡུར་གནང་རྒྱུ་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རང་རྒྱལ་གཞན་ཕམ་གྱི་ཕྱོགས་ཞེན་མངོན་གྱུར་པ་འམ་མཚན་ཉིད་པ་བྱས་ཡོང་དུས། བཟོད་བསྲན་རང་ཉིད་ལྟ་བུ་ལ་ཁེཌ་པོ་འདུག ཁྱེད་ལ་དེ་ལྟར་མི་འདུག་གམ། བློ་བཟང་།
ཚོགས་ཐོག་ཏུ་བསམ་ཚུལ་ལམ་བསམ་འཆར་འདོན་ཆོག་པར་མ་ཟད།ཕན་ཚུན་བར་བསམ་ཚུལ་མི་མཐུན་པ་ཡོང་ཆོག་པས་་རང་སྐྱོན་ཡོད་ན་སེམས་ལ་གནོད་པའི་སྐད་ཆ་རེ་ཡོང་སྲིད་པ་རེད།འོན་ཀྱང་དེ་དག་རང་གི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱས་པའི་ཐོག་ནས་ཡོ་བསྲང་བྱས་ན་སྐྱོན་མེད་ཀྱང་།དེ་ལས་ལྡོག་སྟེ་གཅིག་རྒྱབ་གཅིག་ལང་གིས་ཕྱོགས་ཞེན་བྱས་པ་ཧ་ཅང་གི་ནོར་འཁྲུལ་ཚབ་ཆེན་རེད།མ་ཟད་ཚོགས་ཁུངས་ནས་ཕྱིར་འབུད་པ་དང་གཏམ་བཤད་སྐབས་ཀྱི་རྣམ་འགྱུར་དེ་དག་ལ་བལྟས་ན་མི་མང་གི་ཚབ་བྱེད་རྒྱུ་ཕར་ཞོག་རང་གི་སྐད་ཆ་རང་གི་སྟངས་འཛིན་བྱེད་མི་ཐུབ་པའི་ཚད་དུ་སླེབས་འདུག དེ་ནི་ཧ་ཅང་གི་ཐབས་སྐྱོ་བོ་རེད། ལྷག་པར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དེ་དག་ནི་དགེ་བཤེས་ཀྱི་མཚན་གནས་བཞེས་མཁན་ཤ་སྟག་རེད་འདུག རྣམ་འགྱུར་དང་སྐད་ཆར་བརྟག་ན་དགེ་བཤེས་ལྟ་ཞོག་མི་སྐྱ་དཀྱུས་མ་ཞིག་ལས་ཀྱང་ངན། བཟོད་བསྲན་མེད་པ་དང་ཁོང་ཁྲོ་་ཆེ་བ་རང་ཉིད་སྐྱོན་མེད་བསྒྲུབ་པ།་ད་དུང་ཕྱོགས་རེས་བྱེད་པ་དག་ནི་དེ་དག་གིས་རང་གཤིས་ལྟ་བུར་སྣང་ངོ།དེའི་ཕྱིར་སྤྱི་འཐུས་སུ་ཡིན་ཡང་གྲོས་ཚོག་ས་སྐབས་ཀྱི་གཏམ་བཤད་དང་རྣམ་འགྱུར་ལ་གཟབ་དགོས།ཁྱེད་ཅག་ལ་མི་མང་པོས་བལྟས་ཡོད་པས་སོ།



བརྗོད་གཞི་གཞན་ཁག་ལ་གཟིགས།