བོད་དང་ཧི་མ་ལ་ཡའི་རིག་པའི་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༣ཉིན་སྤེལ། བཞུགས་སྒར་དྷ་སའི་བོད་ཀྱི་དཔེ་མཛོད་ཁང་གི་བཀོད་སྒྲིག་འོག ཉིན་གྲངས་གསུམ་རིང་གི༼བོད་དང་ཧི་མ་ལ་ཡའི་རིག་པའི་སྐོར་གྱི་རྒྱལ་སྤྱིའི་ ཚོགས་འདུ་༽ཞེས་པ་དེ་རིང་དྷ་རམ་ས་ལར་དངོས་སུ་ཚོགས་འགོ་ཚུགས་ཤིང༌། ཚོགས་འདུའི་སྐུ་མགྲོན་གཙོ་བོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་མཁས་ དབང་ཟམ་གདོང་རིན་པོ་ཆེ་མཆོག་གདན་འབོད་ཞུས་ཡོད་ཁར། འཛམ་གླིང་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་ཤེས་ལྡན་མི་སྣ་༥༠ལྷག་ཚོགས་བཅར་ གནང་ཡོད་འདུག

ད་ ཐེངས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི། ཆོས་ལུགས་དང༌། ལོ་རྒྱུས། ཚད་སྒྲུབ་རིག་པའི་ཉམས་ཞིབ། སྤྱི་ཚོགས་ཞིབ་འཇུག སྲོལ་རྒྱུན་ཆ་ལུགས། སྒྱུ་རྩལ་དངོས་རྫས། ཆོས་ལུགས་རིས་མེད། སྐད་བརྡ་རིག་པ་བཅས་རིག་གནས་དཔལ་ཡོན་སྐོར་རེད་ལ། བཙན་བྱོལ་བོད་དང་ཧི་མ་ལ་ཡའི་རི་རྒྱུད། རྒྱ་གར། བལ་ཡུལ། མ་ལེ་ཤི་ཡ། པོ་ལན་ཌི། ནེ་དྷིར་ལན་ཌི། ཕི་རན་སི། ཨ་རི། འཇར་མན། ཨོ་སི་ཊོ་ལི་ཡ་སོགས་ཀྱི་རང་དབང་ལྡན་པའི་ལྟེ་གནས་ཁང་ནས་ཕེབས་པའི་ལོ་རྒྱུས་ ཉམས་ཞིབ་པ་དང་མཁས་དབང་ཁག་ལྷན་འཛོམས་ཐོག་གོང་གསལ་བརྗོད་གཞིའི་སྒང་བགྲོ་གླེང་ དང་བསམ་ཚུལ་བརྗེ་རེས་སྤེལ་ཡོད་འདུག

དེ་ ཡང་ཚོགས་འདུའི་དགོས་དམིགས་གཙོ་བོ་གཅིག་ནི་ཕྱི་རྒྱལ་ཉམས་ཞིབ་པ་དང་བཙན་བྱོལ་ བོད་རིགས་བར་གྱི་འབྲེལ་འདྲིས་དམ་ཟབ་སྒོས། བོད་ཀྱི་དངོས་དོན་ལོ་རྒྱུས་དང་གནས་སྟངས་ཁག་ལ་བགྲོ་གླེང་གོ་བསྡུར་དང༌། བོད་ཀྱི་ལོ་རྒྱུས་ཁ་གསལ་དག་འཐེར་དང་ཕན་ཚུལ་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ སླད་རེད་འདུག

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚོགས་ཐོག་ཏུ།  བོད་ ཀྱི་ཆོས་རིག་གཅེས་ཉར་གོང་སྤེལ་གཏོང་བ་ནི་རྒྱ་གར་དང༌། དེ་བཞིན་འཛམ་གླིང་གི་ཆོས་རིག་གཅེས་ཉར་གོང་སྤེལ་གཏོང་བ་དང་གཅིག་མཚུངས་རེད། ཅེས་གསུངས་ཡོད་འདུག

མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་བསྟན་རིག་པ་ས་ཁོངས་དང་ཆགས་དབྱིབས་ཀྱིས་དབྱེ་བཀར་བགོ་བཤའ་བྱེད་མི་རུང་ཐད་བཀའ་སློབ་གནང་དོན།  རིག་ པ་ནི་ཤེས་བྱ་དང་སློབ་སྦྱོང་གི་སྤྱོད་ཡུལ་ཡིན་རྐྱེན། དེ་ནི་ཀུན་ཁྱབ་རང་བཞིན་ཅན་ཞིག་རེད། དེང་གི་དུས་འདིར་ནང་བ་སངས་རྒྱས་པའི་ཆོས་དེའང་བོད་རྒྱུད་ནང་བསྟན་དང༌། ཉི་ཧོང་གི་ནང་བསྟན། རྒྱ་ནག་གི་ནང་བསྟན་དུ་བགོ་བཤའ་དང་རྒྱུན་སྤྱོད་སྐད་དུ་གྱུར་ཡོད་འདུག་མོད། ཆོས་ལུགས་གཞན་ལ་མཚོན་ན། རོ་མན་ཡི་ཤུ་གནམ་བདག་ཆོས་ལུགས་དང༌། ཁ་ཆེ་ཆོས་ལུགས་བཅས་མཐའ་གཅིག་གི་མིང་གཅིག་མ་གཏོགས་ཡོད་པ་མ་རེད། ཅེས་གསུངས་ཡོད་འདུག

གཞང་ ཡང་ྋགོང་ས་མཆོག་གིས་ཚན་རིག་ཤེས་བྱའི་སློབ་གསོ་གལ་འགངས་ཆེར་དགོངས་ནས་བཙན་ བྱོལ་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནང་ཚན་ཤེས་སློབ་སྦྱོང་དར་སྤེལ་གཏོང་འགོ་ ཚུགས་པ་ནས་བཟུང༌། བོད་ཀྱི་དཔེ་མཛོད་ཁང་གིས་འཕྱར་བ་གྲུ་འདེགས་སྒོས་དགོན་སྡེ་ཁག་ཏུ་ཚན་རིག་ འཛིན་གྲྭ་གསར་འཛུགས་དང༌། ཚན་རིག་སྐོར་གྱི་དུས་དེབ་དང་ཚགས་ཤོག་པར་བསྐྲུན། ཚན་རིན་ཤེས་བྱའི་ཐད་ཀྱི་ཟབ་སྦྱོངས་བཀོད་སྒྲིག་གནང་བ་སོགས་བཙན་བྱོལ་བོད་མི་ རིགས་ཀྱི་ཚན་རིག་གི་ཤེས་རྟོགས་གོང་སྤེལ་གཏོང་ཕྱོགས་ཐད་ཕན་འབྲས་བླ་མེད་ བསྐྲུན་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
དངོས་གནས་ཡག་པོ་བྱུང་འདུག་ཐུགས་རྗེ་ཆེ། གངས་ཕྲུག།



བརྗོད་གཞི་གཞན་ཁག་ལ་གཟིགས།