རྒྱལ་གཅེས་དཔའ་བོ་དཔའ་མོར་རྗེས་དྲན་རྡོ་རིང་བཞེངས་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣/༡༠/༣༡ཉིན་སྤེལ།
བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ལོ་གཅིག་རིང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞས་སྣ་འཁྲབ་སྟོན་སྐོར་སྐྱོད་བྱས་ཏེ། དཔའ་བོའི་རྗེས་དྲན་རྡོ་རིང་ཆེད་ཧིན་སྒོར་ ༦༨༡༧༥༦ བསྡུ་རུབ་བྱས་ཡོད་འདུག

༢༨དགོང་དྲོ་ཆུ་ཚོད་ ༧ ཙམ་ལ་དྷ་ས་བོད་ཀྱི་ཟློས་གར་ཁང་གི་མདུན་ཐང་། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ལོ་གཅིག་རིང་རྒྱ་གར་ནང་ལོགས་ཀྱི་གཞིས་ཆགས་ཁག་ ༢༦ ཙམ་ལ་སྐོར་སྐྱོད་བྱས་ཏེ། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་རྗེས་དྲན་རྡོ་རིང་བཞེངས་བའི་མ་དངུལ་འཚོལ་སྒྲུབ་མཇུག་བསྡོམས་མཛད་སྒོ་༼དབྱངས་ལ་ཐིམ་པའི་རྗེས་དྲན་གྱི་རྡོ་རིང་༽ཞེས་པ་འཚོགས་ཡོད་འདུག

མཛད་སྒོའི་ཐོག་གངས་དཀར་རིན་པོ་ཆེ་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་སོགས་སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འདུ་འཛོམས་བྱུང་སོང་། དགོང་ཚོགས་ཐོག་བཙན་བྱོལ་ནང་གི་གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་ལགས་དང་ཕུར་བུ་རྣམ་རྒྱལ་ལགས། ཆོས་གྲགས་ལགས་སོགས་ཀྱིས་གཙོས་གཞོན་སྐྱེས་གཞས་པ་ཁག་ཅིག་གིས་གཞས་དང་ཞབས་བྲོ་འཁྲབ་སྟོན་དང་། ལོ་གཅིག་རིང་གི་རོལ་དབྱངས་སྐོར་སྐྱོད་ཀྱི་བྱུང་སོང་རྩིས་ཁྲ་སྒྲོགས་སྦྱང་གནང་པར། ཁྱོན་ཧིན་སྒོར་ ༡༢༣༤༩༤༢ དང་ཨ་སྒོར་ ༣༠ བྱུང་བ་ལས་ཧིན་སྒོར་ ༥༥༣༡༨༦ འགྲོ་སོང་བཏང་རྗེས། ལྷག་མ་ཧིན་སྒོར་ ༦༨༡༧༥༦ ཡོད་སྐོར་ངོ་སྤྲོད་གནང་ཡོད་འདུག

 

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༩༢༠༡༣༠༩༤༠
རྗེས་དྲན་དང་མྱ་ངན་ཞུ་ལོས་དགོས། ་འོན་ཀྱང་རྡོ་རིང་གཞན་ཡུལ་དུ་བཞེངས་ན་ལམ་ལུགས་སྲོལ་བརྒྱུད་རིམ་བཅས་ལ་མཐུན་མིན་གཟིགས་དགོས། གཅིག་ནས་གཞན་ས་རུ་རྡོ་རིང་དེ་དག་ཇི་ཙམ་གནས་མིན་ཤོད་དཀའ་བ་རེད། གཉིས་ནས་ཡུལ་གང་ཞིག་གི་ཆེད་དུ་གཞན་མི་ཞིག་དཔའ་བོ་ཆགས་སྐབས་ཡུལ་དེར་རྗེས་དྲན་རྡོ་རིང་ཡོད་པ་རེད། གང་ལྟར་གནད་དོན་དེ་ཚོ་གལ་ཆེན་དུ་མཐོང་།



བརྗོད་གཞི་གཞན་ཁག་ལ་གཟིགས།