ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་དེབ་ཕྲེང་བཞི་འདོན་ལ་ཉེ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ལོའི་ཟླ་༩ཚེས་༢༤ཉིན། བཞུགས་སྒར་དུ་ཚེས་༢༤ཉིན་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་སྐྱབས་རྗེ་ཁྲོམ་ཐོག་རིན་པོ་མཆོག་དང༌། རྩོམ་སྒྲིག་པ་དགའ་ལྡན་ཤར་རྩེ་དགེ་བཤེས་བྱང་ཆུབ་སངས་རྒྱས་དང། འབྲས་སྤུངས་བློ་གསལ་གླིང་དགེ་བཤེས་ངག་དབང་སངས་རྒྱས། དགའ་ལྡན་བྱང་རྩེ་དགེ་བཤེས་དཔྱི་ས་དྲུང་ཆེན་སྤྲུལ་སྐུ། འབྲས་སྤུངས་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག རྩོམ་པ་པོ་དགེ་ཐུབ་བསྟན་ཡར་འཕེལ་མཆོག་བཅས་ནས་ནང་པའི་གཞུང་ཆེན་ཁག་ནས་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོ་རྩོམ་སྒྲིག་གནང་སྟེ་དཔེ་དེབ་བཞི་འདོན་འགྲེམས་གནང་གཏན་ཁེལ་ཡོད་པ་དང༌། དེ་དག་གང་མགྱོགས་དབྱིན་ཡིག་སོགས་འཛམ་གླིང་གི་སྐད་གཞན་དུ་ཕབ་སྒྱུར་གནང་རྒྱུ་ཡིན་ལུགས། གནད་དོན་དེའི་སྐོར་རྩོམ་སྒྲིག་ཆུང་གི་ངོས་ནས་ྋགོང་ས་མཆོག་ལ་སྤྱན་འབུལ་ཞུས་པའི་སྐོར་བཞུགས་སྒར་ཁུལ་གྱི་གསར་འགོད་པ་ཚོར་རྒྱས་འགྲེལ་གནང་སོང༌།
དེ་ཡང་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོ་རྩོམ་སྒྲིག་ཚོགས་ཆུང་དང་དམིགས་བསལ་སྐུ་མགྲོན་རྣམས་སུ་མགོན་པོ་གང་ཉིད་ནས་བཀའ་སློབ་བསྩལ་གནང་དོན།
༄༅།།ཕྱི་ལོ་༢༠༡༣ཟླ་༩ཚེས་༢༣ནས་༢༥བར་ཉིན་གསུམ་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ལྷན་བཞུགས་ཐོག་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོ་རྩོམ་སྒྲིག་ཚོགས་ཆུང་དང༌།རྩོམ་སྒྲིག་པ།དམིགས་བསལ་གྱི་སྐུ་མགྲོན་བཅས་བགྲོ་གླེང་སྐབས་སུ་སྩལ་བའི་བཀའ་སློབ།
༄༅།།ཚང་མར་བཀྲ་ཤིས་བདེ་ལེགས།སྔ་རྗེས་རིམ་པར་ང་ཚོ་སྐད་ཆ་མང་དུ་བྱུང་ཡོད།ངོས་རང་གི་ངོས་ནས་ཐོག་མར་འདི་ལྟ་བུ་ཞིག་ཡོང་བའི་རྒྱུ་མཚན་བསམ་བློར་འཁོར་བ་དེ་དག་ནི་ཕྱོགས་གཅིག་ནས་རྒྱ་གར་དུ་སླེབས་རྗེས་རིམ་བཞིན་ཚན་རིག་པ་ཐུག་འཕྲད་བྱ་རྒྱུའི་འདོད་པ་བྱུང་བ་དང༌།ངོས་རང་ཆུང་ངུའི་སྐབས་ནས་ཚན་རིག་ཐོག་དོ་སྣང་ཆེན་པོ་ཡོད།དེ་རྗེས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་དང།ཀླད་རྩའི་རྣམ་གཞགདངོས་ཁམས་རིག་པའམ་རྡུལ་ཕྲན་གྱི་རྣམ་གཞག་སྟེ།ཕྱི་གཟུགས་ཅན་གྱི་དངོས་པོར་ཆ་ཤས་སིལ་ནས་བཏགས་མཐར་རྙེད་རྒྱུ་མེད་པ་ཞིག་དང༌།ང་ཚོའི་སེམས་ཙམ་པའི་ཕྱི་དོན་འགོག་པའི་རིགས་པ་དང་ཧ་ཅང་འདྲ་པོ་རེད་འདུགདབུ་མའི་གཞུང་ནས་བཏགས་དོན་བཙལ་བ་དང་གཅིག་མཚུངས་ཆགས་ཡོད།དེ་དག་གི་སྡེ་ཚན་གཅིག་དང༌།དེ་མིན་ཤེས་པའི་རྣམ་གཞག་སོགས་ཀྱི་ཐོག་ཏུ་གོ་བསྡུར་མང་པོ་ཞིག་ཡོང་གི་ཡོད།
དེ་ལྟར་ཚན་རིག་པ་རྣམས་དང་གོ་བསྡུར་བྱེད་སྐབས།ངོས་ནས་དོན་ཚན་གཉིས་ཀྱི་སྐོར་བརྗོད་ཀྱི་ཡོད།ཕྱོགས་གཅིག་ནས་ད་བར་ཤེས་བྱའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད།འོན་ཀྱང་ད་དུང་ལོ་རེ་ནས་ལོ་རེ་བཞིན་ཡར་རྒྱས་སུ་འགྲོ་བཞིན་ཡོད།ཚན་རིག་གི་དཔྱད་ཞིབ་བྱ་རྒྱུའི་སྡེ་ཚན་ནང་ཕྱི་དངོས་པོའི་རྣམ་གཞག་ལས།ནང་སེམས་སམ་ཤེས་པའི་རྣམ་གཞག་སྐོར་མེད་པ་ལྟ་བུ་ཞིག་ཡིན་སྟབས།ཤེས་པའི་རྣམ་གཞག་བཤད་པའི་ཚན་རིག་པའི་གཞུང་ཆ་ཚང་བ་ཞིག་ཡོང་ཐབས་དང༌།ཕྱི་དངོས་པོའི་རྣམ་གཞག་ཙམ་མིན་པར་ནང་སེམས་ཀྱི་རྣམ་གཞག་སྐོར་དེ་དག་ཀྱང་རྒྱ་ཆེ་རུ་གཏོང་བ་དང༌།ཞིབ་ཚགས་སུ་གཏོང་བ་བཅས་མདོར་ན་ཤེས་བྱའི་གཞི་རྒྱ་ཆེ་རུ་གཏོང་བ་དང༌།ད་བར་གྱི་ཚན་རིག་ནི་ཕྱི་དངོས་པོ་ཁོ་ནའི་ཐོག་ཏུ་ཞིབ་འཇུག་བྱས་ཏེ་དེ་དག་གི་རྣམ་གཞག་གཏན་ལ་ཕབ་པ་ཞིག་ལས།གཏན་ལ་འབེབས་མཁན་རང་ཉིད་ཀྱི་རང་བཞིན་དང༌།རང་ཉིད་ཀྱི་བདེ་སྡུག་གི་འཚོར་བ་སོགས་ཀྱི་ཐོག་ཏུ་ཚུར་ཉམས་ཞིབ་བྱེད་རྒྱུ་ཞིག་ད་བར་ཚན་རིག་ནང་མེད་པ་ཞིག་ཡིན།ཐོག་མར་ཚན་རིག་དར་སྐབས་ནས་ཕྱི་དངོས་པོར་གཙོར་བོར་དམིགས་པ་ཞིག་ཆགས་པར་བརྟེན།དཔྱོད་པའི་ཡུལ་ཀྱང་ཐ་དད་ལྟ་བུ་ཞིག་ཏུ་གྱུར་ཡོད།མདོར་ན་ཤེས་བྱའི་སྡེ་ཚན་གྱི་ནང་དུ་ངེས་པར་དུ་སེམས་ཁམས་རིག་པའི་རྣམ་གཞག་ཅིག་དགོས་པར་བརྟེན།ཤེས་བྱའི་རྒྱ་ཁྱོན་ཇེ་ཆེར་གཏོང་རྒྱུའི་དམིགས་ཡུལ་གཅིག་ཡིན།
དམིགས་ཡུལ་གཞན་ཞིག་ནི་ཚན་རིག་གི་དགོས་དོན་ནམ་གྲུབ་དོན་གཙོ་བོ་ནི་མི་ལ་ཕན་ཐོགས་དང༌།ཞབས་འདེགས་བསྒྲུབ་རྒྱུ་ཞིག་ཡིན་སྟབས།ད་ལྟ་ང་ཚོ་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་ཡོད་པའི་གནས་སྟངས་འདི་དག་ཞེ་ས་མ་ཞུས་ན།བཅོམ་ལྡན་རང་ཉིད་ལ་ཉམས་མྱོང་ཡོད་པའི་ཐོག་ནས་ང་ཚོར་ལམ་སྟོན་གནང་གི་ཡོད།ད་ལྟ་ང་ཚོ་ཐ་མལ་པའི་གནས་སྟངས་འདི་ནས་རིམ་གྱིས་བློ་བཅོས་ནས་ས་ལམ་རིམ་བགྲོད་ཀྱིས་ཚང་རྒྱ་བའི་ཚུལ་ནི་ནང་པའི་འགྲོ་ལུགས་ཤིག་ཆགས་ཡོད།
དེར་བརྟེན་བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུངས་སྐབས།སྔགས་ཀྱི་སྐབས་སུ་གཞི་དངོས་པོའི་གནས་ཚུལ་དང༌།ལམ་བགྲོད་པའི་རིམ་པ།འབྲས་བུ་མངོན་དུ་བྱེད་ཚུལ་བཅས་གསུམ་གསུངས་ཡོད།དེས་ན་འབྲས་བུའི་རྣམ་གཞག་རྣམས་ཚོགས་གཉིས་ཀྱི་ལམ་ནས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་སྒྲུབ་པ་ཞིག་དང༌།དེ་ལྟར་ཡོང་བའི་གནས་ཚུལ་མཐར་གཏུགས་སྐབས་དང༌།ལྷག་པར་སྔགས་ཀྱི་གཞུང་ནས་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཞེས་པ་ནི།མཐར་གཏུགས་ན་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གཞི་ལ་རང་ཆས་སུ་ཡོད་པའི་སྟེང་ནས་སྐུ་བཞི་སྒྲུབ་པ་ཞིག་བརྗོད་སྐབས་གཞི་ཡི་གནས་ཚུལ་བརྗོད་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཆགས་ཡོད།དེས་ན་རྗེ་བདག་ཉིད་ཆེན་པོ་ནས་བཟུང་སྔགས་ཀྱི་གཞུང་ལུགས་དེ་དག་ཏུ་གཞི་དངོས་པོའི་གནས་ཚུལ་དང༌།ལམ་བགྲོད་པའི་རིམ་པ།འབྲས་བུ་མངོན་དུ་བྱེད་ཚུལ་བཅས་ཀྱི་སྡེ་ཚན་གསུམ་དུ་ཕྱེ་ནས་གསུངས་ཡོད།
དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་བཞི་གསུངས་ཚུལ་ལ་དཔྱད་ཞིབ་བྱེད་སྐབས།བདེན་བཞིའི་ངོ་བོ་ལ་བཟླས་པ་དེས་གཞི་དངོས་པོའི་གནས་ཚུལ་དང༌།བདེན་བཞི་བྱ་བ་ལ་བཟླས་པས་ལམ་བགྲོད་པའི་རིམ་པ།བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་པས་འབྲས་བུ་མངོན་དུ་བྱེད་ཚུལ་དེ་གསུངས་པ་ཧ་ཅང་གསལ་པོ་ཡོད།དེས་ན་ནང་པའི་གཞུང་དུ་གཞི་དངོས་པོའི་གནས་ཚུལ་ཏེ།དངོས་ཁམས་རིག་པའི་ནང་རི་རབ་ལྟ་བུ་ང་ཚོའི་ཁས་ལེན་ཤོར་དགོས་པ་ལྟ་བུ་འགའ་ཞིག་ཀྱང་ཡོད། འོན་ཀྱང་དེ་དག་ནང་པའི་གཞུང་ནས་གསུངས་ཡོད་པས་ཁྱད་པར་གང་ཡང་མེད།སེམས་ཁམས་རིག་པའི་རྣམ་གཞག་སྐོར་འཛམ་གླིང་འདིའི་ཐོག་གི་མི་འབོར་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད་པ་རྣམས་ཀྱིས་རེ་བ་བྱེད་སའི་གཞུང་ཞིག་ཆགས་ཡོང་གི་ཡོད།དངོས་ཁམས་རིག་པའི་སྐོར་ལ་ཚན་རིག་པས་བརྗོད་པ་དེ་དག་ལ་མགོ་བཏགས་ཞུ་རྒྱུ་ལས།དེ་དག་ལ་ང་ཚོས་རྟགས་གསལ་གཏོང་ཐུབ་པ་ཞིག་གཏན་ནས་མེད།མདོར་ན་མཐོང་བ་མངོན་གྱུར་དང༌།ཅུང་ཟད་ལྐོག་གྱུར།ཤིན་ཏུ་ལྐོག་གྱུར་བཅས་གསུང་གི་ཡོད།དེ་དག་ལས་ཤིན་ཏུ་ལྐོག་གྱུར་ལྟ་ཅི།མཐོང་བ་མངོན་གྱུར་གྱི་ཐོག་ལ་ཚན་རིག་པ་རྣམས་ཀྱིས་བརྟག་དཔྱད་བྱས་ཤིང༌།མིག་མཐོང་ལག་ཟིན་གྱི་ཐོག་ནས་བརྗོད་པ་རྣམས་ལ་ང་ཚོས་ཅུང་ཟད་ལྐོག་གྱུར་དང༌།ཤིན་ཏུ་ལྐོག་གྱུར་ལྟ་བུའི་ཐོག་ནས་དགག་རྒྱག་བྱེད་ཐུབ་པ་ཧ་ཅང་ཁག་པོ་ཡིན།རི་རབ་ལྟ་བུའི་ཐོག་ཏུ་ངོས་རང་མགོ་བདེ་པོ་དང༌།ཡང་ན་སྤྱང་པོ་གང་ཞིག་ཡིན་ནའང་སྔར་ནས་མགོ་བཏགས་ཞུས་ཟིན་པ་ཡིན།
དེ་མིན་གྱི་དངོས་ཁམས་རིག་པའི་ནང་ནས་འགྲོ་སྟངས་གཞལ་བྱའི་གནས་གསུམ་སོགས་ནི་ཧ་ལས་པའི་བསྡོམས་ཆེན་པོ་ཞིག་རེད་འདུགདེ་བཞིན་དགག་སྒྲུབ་སོགས་ནི་བློ་ལ་འཆར་ཚུལ་མི་འདྲ་བ་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན།དེ་ལྟར་གཞི་དངོས་པོའི་གནས་ཚུལ་རྣམས་ནི་ནང་ཆོས་ཀྱི་གཞུང་ལ་སློབ་སྦྱོང་བྱེད་མཁན་ཞིག་གིས་ཤེས་རྟོགས་ཐུབ་པ་ཞིག་ལས།དེ་མིན་ཕལ་མོ་ཆེས་ཤེས་རྟོགས་ཐུབ་པ་ཧ་ཅང་ཁག་པོ་ཡིན།དེས་ན་ང་ཚོའི་གཞུང་གི་ནང་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད།འོན་ཀྱང་གཞུང་ནང་ཡོད་ཅེས་བཞག་ན་གཞན་གྱིས་ལྟ་ཁོམ་མེད་ལ།དེ་བཞིན་དོ་སྣང་ཡང་མི་ཡོང་བ་ཡིན།དེས་ན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཞིག་ཡོད་པའི་བརྗོད་བྱ་རྣམས་བསྡོམས་བརྒྱབ་ན།ཚན་རིག་གི་སྡེ་ཚན་གཅིག་དང༌།ལྟ་གྲུབ་ཀྱི་སྡེ་ཚན་གཅིགནང་ཆོས་ཀྱི་སྡེ་ཚན་གཅིག་བཅས་གསུམ་ཡོད་པ་ལས།ལྟ་གྲུབ་དེ་རྣམས་ཀྱང་ཚན་རིག་གི་ཐོག་ནས་དངོས་ཡོད་གནས་ཚུལ་ཞིག་ལ་བརྟག་དཔྱད་ཞིབ་འཇུག་གིས་གཏན་ལ་ཕབ་ནས་ཕྲ་བའི་མི་རྟག་པ་སོགས་གསུང་གི་ཡོད།རྟེན་འབྱུང་གིས་དཔྱད་པའི་མཐར་བརྟེན་ནས་བཏགས་ཙམ་ཞེས་པའི་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཞེས་པ་དེ་གསུངས།ང་ཚོས་ནམ་རྒྱུན་ནས་གཞི་བདེན་པ་གཉིས།ལམ་ཐབས་ཤེས་གཉིས།འབྲས་བུ་སྐུ་གཉིས་ཞེས་གསུངས་པ་དེ་དག་གཞི་ལ་ཡོད་པ་ཞིག་གི་ཐོག་ནས་གསུང་གི་ཡོད།དེས་ན་ལྟ་གྲུབ་དེ་དག་གཞི་ཡི་གནས་ཚུལ་ལ་བརྟག་ཅིང་དཔྱད་པའི་མཐར་གཏན་ལ་ཕབ་པའི་ཐོག་ནས་ལྟ་གྲུབ་རྣམས་སླེབས་ཡོང་གི་ཡོད།གཞི་དངོས་པོའི་གནས་ཚུལ་ལ་རན་པའི་ལྟ་གྲུབ་ཅིག་ཡིན་ན།སྒྲུབ་བྱེད་ཚད་དང་ལྡན་ཞིང༌།གཞི་དངོས་པོའི་གནས་ཚུལ་དང་མ་རན་པའི་ལྟ་གྲུབ་ཅིག་ཡོད་ན་དེ་ནི་སྒྲོ་བཏགས་ལོག་ལྟ་དང༌།ཡང་ན་བཀུར་འདེབས་ལོག་ལྟ་གང་རུང་ཡིན།དེས་ན་ང་ཚོས་མུ་སྟེགས་པ་དགག་བཞག་བྱེད་སྐབས་གཞི་དངོས་པོའི་གནས་ཚུལ་དང་མཐུན་མིན་དང་མཐུན་མིན་གྱི་ཐོག་ནས་དག་བཞག་བྱེད་པ་ལས།བཅོམ་ལྡན་འདས་ཀྱི་བཀའ་གནང་བ་ཁོ་ནའི་ཐོག་ནས་བརྗོད་ཀྱི་མེད།དེས་ན་ནང་པའི་གཞུང་ལུགས་ཀྱི་འགྲོ་སྟངས་ནི་ཧ་ལས་པ་ཞིག་རེད་འདུགདེ་ལྟར་ན་གཞི་དངོས་པོའི་གནས་ཚུལ་དེ་རྩ་བ་ཡིན་ལ།གཞི་རྩེ་དེའི་ཐོག་ནས་བསྡོམས་བརྒྱབ་ནས་ནང་པའི་ལྟ་གྲུབ་སླེབས་པ་དང༌།ལྟ་གྲུབ་དེ་ཉིད་ཀྱི་ནང་དུ་གོང་ཞུས་ལྟར་ནང་ཆོས་དང་ཐུན་མོང་མ་ཡིན་པ་འབྲེལ་ཡོད་ཀྱི་རིགས་ཡོད་ན་བསམ་བློ་གཏོང་དགོས་པ་ཡིན། དེབ་འདི་ཉིད་ཁ་ཆེའི་སློབ་གྲྭའི་ནང་དུའང་སློབ་ཁྲིད་བྱེད་ཐུབ་པ་ཞིག་ཡོང་བར་ཡང་བསམ་བློ་གཏོང་དགོས།
མདོར་ན་ངོས་ནས་བསམ་བློ་གཏོང་ས་ནི།འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་དང༌།ང་ཚོ་ནང་པ་ཞིག་གི་ངོས་ནས་བཤད་ན།སངས་རྒྱས་པའི་ཆོས་ནི་དད་པ་ཁོ་ནའི་ཐོག་ཏུ་འགྲོ་གི་མེད་པ་དེ་ཡང་གཞན་གྱིས་ཤེས་རྟོགས་ཐུབ་པ་དང༌། འདིར་དོ་སྣང་ཞིག་སླེབས་ན་ནང་ཆོས་ནི་གཞན་དང་མི་འདྲ་བ་ཞིག་འདུག་སྙམ་པ་རང་བཞིན་གྱིས་དོ་སྣང་སླེབས་ཐུབ་པ་ཞིག་ཡིན།དེར་བརྟེན་བསྟན་པའི་ཞབས་འདེགས་ཀྱང་ཡིན་བསམ་གྱི་ཡོད།
མདོར་ན་གལ་གནད་ཆེ་ཤོས་ནི།ང་ཚོ་ནང་པ་ཞིག་གི་ངོས་ནས་འཛམ་གླིང་འདིའི་ཐོག་ཏུ་ནང་པ་སྤེལ་རྒྱུའི་བསམ་བློ་གཏན་ནས་གཏོང་གི་མེད།ནང་པའི་རྒྱལ་ཁབ་མིན་པའི་ཡུལ་ལུང་ཁག་ཏུ་ཡོད་པའི་ང་ཚོའི་ཆོས་ཚོགས་ཁག་ནས་གཙུག་ལག་ཁང་སོགས་ཨར་ལས་འཛུགས་སྐྲུན་རྒྱ་ཆེ་བྱེད་པ་དེ་དག་ལ་ངོས་རང་མོས་པ་དེ་ཙམ་མེད།སྔར་ལོ་ཞིག་ཏུ་ཕ་རན་སིར་འཇར་མན་གྱི་ཚོང་པ་ཆེན་པོ་ཞིག་གིས་ཨ་སྒོར་ས་ཡ་གཅིག་གཉིས་ཀྱི་འགྲོ་སོང་བཏང་ནས།ནང་པའི་སློབ་གཉེར་ཁང་ཆེན་པོ་ཞིག་གསར་རྒྱག་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང༌།ངོས་ནས་སྐབས་དེར་གསལ་པོ་བྱས་ནས་བརྗོད་རྒྱུ་བྱུང་བར།ཕ་རན་སི་རྒྱལ་ཁབ་ནི་ནང་པའི་ལུང་པ་མིན་པར་གཙོ་བོ་ཡེ་ཤུ་དང༌།དེ་མིན་ཁ་ཆེ་ཕྲན་བུ་ཡོད་པའི་ལུང་པ་ཞིག་ཆགས་ཡོད།དེས་ན་ལུང་པ་འདིར་ནང་པའི་སློབ་གཉེར་ཁང་ཆེན་པོ་ཞིག་བརྒྱབ་ན་དེ་ནི་འབྲེལ་ཡོད་ཅིག་མིན།དཔེར་ན།རང་གི་ལུས་ལ་དཔེ་བླངས་ནས།།གཞན་ལ་གནོད་པ་མ་བྱེད་ཅིག།ཅེས་བརྗོད་པ་ལྟར།ང་ཚོ་ནང་པའི་ཡུལ་སྡེ་ཞིག་ཏུ་ཆོས་ལུགས་གཞན་གྱི་ལྷ་ཁང་དང༌།སློབ་གཉེར་ཁང་ཆེན་པོ་ལྟ་བུ་གསར་རྒྱག་བྱས་ན་ནང་པའི་སེམས་ནང་མི་བདེ་བ་ཞིག་ཡོང་ངེས་ཡིན།དེས་ན་ཡེ་ཤུའི་ལུང་པའི་ནང་ནང་པ་དང༌།ལྷག་པར་བོད་ཀྱི་ནང་པས་སློབ་གཉེར་ཁང་ཆེན་པོ་ལྟ་བུ་བརྒྱབ་ན་དེ་ནི་ཡག་པོ་མཐོང་གི་མི་འདུགགལ་སྲིད་ནང་པའི་གཙུག་ལག་ཁང་དང་སློབ་གཉེར་ཁང་ཆེན་པོ་ཞིག་རྒྱག་འདོད་ཡོད་ན་ཐའེ་ལན་ཌི་དང༌།རྒྱ་གར་གང་རུང་ལྟ་བུར་བརྒྱབ་ན་ལེགས་ཚུལ་བརྗོད་རྒྱུ་བྱུང༌།དེ་ལྟར་ང་ཚོ་ནང་པ་རྒྱ་བསྐྱེད་སྙམ་པའི་བསམ་བློ་བཏང་ན་ཡག་པོ་མེད་ལ།བཏང་བའི་དབང་དུ་བཏང་ནའང་མཐའ་མ་འགལ་ཟླ་ཆགས་ཡོང་བ་ཡིན།འོན་ཀྱང་རང་རང་གི་ཆོས་བརྒྱུད་ཀྱི་ནང་ནས་འཛམ་གླིང་སྤྱི་ལ་ཞབས་འདེགས་དང་ཕན་ཐོགས་སྒྲུབ་ཐུབ་པ་གང་ཞིག་ཡོད་ཀྱང་དེ་དག་ང་ཚོས་སྒྲུབ་དགོས་ལ།ནང་པར་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་ཤུགས་ཆེ་ཡོད་པ་ཞིག་ཡིན།དེ་ནི་ཆོས་ཁས་མི་མཁན་དང༌།ལས་བསྡོམས་ནང་གསལ་ལྟར་ཆོས་ལུགས་གཞན་ལའང༌།ང་ཚོའི་གཞུང་ནས་ཚན་རིག་གི་སྐོར་གསུངས་པ་རྣམས་ཀྱིས་འཛམ་གླིང་སྤྱི་ལ་ཕན་ཐོགས་པ་ཞིག་དང༌།ལྷག་པར་ནང་སེམས་ཀྱི་བདེ་སྡུག་གི་རྣམ་གཞག་ཤེས་ཐུབ་པ་ཞིག་དང༌།སེམས་ཀྱི་བདེ་སྡུག་ལ་ཅུང་ཟད་བཏང་འཛིན་བྱེད་ཐུབ་པར་ཕན་ཐོགས་ཡོང་བའི་རེ་བ་བྱས་ཏེ་སྡེ་ཚན་གསུམ་དུ་ཕྱེ་བའི་རྒྱུ་མཚན་དེ་ལྟར་ཡིན།
མདོར་ན་བཀའ་འགྱུར་དང་བསྟན་འགྱུར་གྱི་བརྗོད་བྱ་སྡེ་ཚན་གསུམ་དུ་ཕྱེ་ནས་ང་ཚོས་ད་བར་ལོ་ཤས་རིང་ཡུལ་གྲུ་གང་སར་ལས་ཀ་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད།བརྗོད་པ་ལྟར་ཁྱེད་རང་ཚོས་དཀའ་ལས་བརྒྱབ་སྟེ་རྡོག་ལ་བསྒྲིལ་ཏེ་ད་ལྟ་ཡིག་ཆའི་ཐོག་ནས་བསྟན་རྒྱུ་ཡོད་པ་ཞིག་ཆགས་ཡོད།དཔེ་མི་སྲིད་པའི་དགའ་པོ་བྱུང༌།དེ་མིན་ངོས་ནས་བཤད་པ་རྣམས་སྟོང་སྐད་བརྒྱབ་པ་ལྟ་བུ་ཞིག་དང༌།ཡོད་དང་ཡོད་ཅེས་བརྗོད་ཀྱང་ཐོན་རྒྱུ་གཏན་ནས་མེད་པ་ལྟ་བུ་ཞིག་ཡིན།ད་ནི་མིག་མཐོང་ལག་ཟིན་གྱི་ཡིག་ཐོག་ནས་ཐོན་རྒྱུ་ཞིག་བྱུང་བར་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང༌།མ་གཞི་ཁྱེད་རང་ཚོས་ཤེས་རྟོགས་ཡོད་མུས་ཡིན།འོན་ཀྱང་ངོས་ནས་སྤྱི་བཤད་ཀྱི་ཚུལ་དུ་འདི་ལྟར་ཞུ་འདོད་བྱུང༌།དེ་ག་ཡིན་ཞེས་བཀའ་སློབ་སྩལ་བ་བཅས་སོ།།།།


ཤམ་བྷ་ལའི་ཕོ་ཉ་གསར་ཁང་གིས་༢༠༡༣ལོའི་ཟླ་༩ཚེས་༢༤ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (19)
19 ༠༦༢༠༡༥༡༤༣༣
ནང་བའི་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་པ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་དཔྱི་ས་དྲུང་ཆེན་རིན་པོ་ཆེ་མཆོག་སོགས་དགེ་བཤེས་རྣམ་པ་ཚོ་ནི་༧གོང་ས་མཆོག་ལ་དངོས་ནས་མངོན་ལྐོག་རྒྱབ་མདུན་མེད་པར་ཆོས་ཀྱི་དགོངས་དོན་བཞིན་ཞབས་ཞུ་ཞུ་མཁན་གྱི་མཁས་དབང་ཁག་ཅིག་རེད།
ལྟ་གྲུབ་ཀུན་བཏུས་ཀྱི་འགན་འཁུར་བ་ཁྲོམ་ཐོག་རིན་པོ་ཆེས་དབུས་རྩོམ་སྒྲིག་ལྷ་རམས་པ་དགེ་བཤེས་བྱང་ཆུབ་སངས་རྒྱས་དང་ཁོང་གི་ཕྱག་རོགས་རྣམ་པས་༸གོང་ས་མཆོག་གི་དགོངས་གཞི་རླབས་པོ་ཆེ་དང་འཛམ་གླིང་གི་མཁས་དབང་གྲགས་ཅན་རྣམ་པས་ཐུགས་འདོད་བཞིན་ནང་པའི་ལྟ་གྲུབ་དེ་རྒྱལ་སྤྱིའི་སྟེང་གི་སློབ་ཚན་དུ་བཞག་ཐུབ་པ་བྱུང་བ་འདི་ནི་བོད་པ་ཙམ་དུ་མ་ཟད་འཛམ་གླིང་གི་ནང་པ་ཡོངས་ཀྱི་གཟི་བརྗིད་ཡིན་པ་འདི་ནས་མངོན་ཐུབ་པ་ཞིག་ཡིན། ཉེ་བའི་ཆར་ལ་དྭགས་དུས་དབང་ཐེངས་ ༣༣ སྐབས་དང་བསྟུན་ནས་སྐུའི་འཁྲུངས་སྐར་ཉིན་ནང་པའི་ཚན་རིག་གི་ལྟ་གྲུབ་ཀུན་བཏུས་དཔེ་དེབ་སྟོད་སྨད་གཉིས་དབུ་འབྱེད་དང་། ༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་རྩོམ་སྒྲིག་པ་རྣམས་ལ་ཡི་རང་བསྔགས་བརྗོད་གནང་སོང་བས་གུས་པའི་སེམས་ནང་དུ་བརྗོད་མི་ཤེས་པའི་དགའ་བ་འབུམ་ཕྲག་མང་པོ་སྐྱེས་བྱུང་། གུས་པས་ལག་གཉིས་ཐལ་མོ་དང་སོར་མོའི་འདབ་མ་སྙིང་གར་སྦྱར་ཏེ་རྩོམ་སྒྲིག་གི་འགན་འཁུར་བ་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་ཞུ། གོ་ཐོས་ལ་ཁོང་རྣམ་པས་ལོ་མང་པོའི་རིང་ཉིན་མཚན་ལྟོས་མེད་ཐོག་དཔེ་དེབ་འདིའི་ཐོག་སྐུ་ལས་སྐྱོན་ཡོད་པ་དང་། ༸གོང་ས་མཆོག་དབུ་བཞུགས་ཐོག་དཔེ་དེབ་འདིའི་ཐོག་གི་བགྲོ་གླེང་ཐེངས་མང་གནང་ཡོད་འདུག །དཔེ་དེབ་སྐད་རིགས་མི་འདྲ་བ་མང་པོའི་ནང་དུ་ཡང་བསྒྱུར་འཆར་ཡོད་པ་འདྲ། དོན་གནས་འདི་གཅིག་པུ་ལ་བརྟེན་ན་ཡང་༸གོང་ས་མཆོག་གི་མཛད་འཕྲིན་དང་རླབས་ཆེན་གྱི་བྱ་གཞག་སོགས་ནི་སུ་གཅིག་གི་འགྲན་མི་ནུས་པ་ལྟ་བུ་རེད། ཡིན་ཡང་སྤྲང་ཕྲུག་དམ་སྲི་གདུག་པ་ཅན་གྱི་དོལ་རྒྱལ་རྗེས་འབྲངས་པ་འགའ་ཞིག་གི་སོ་སོ་བོད་མི་ཞིག་གི་ངོ་བོ་མེད་པར་འགྱུར་ནས་དྲིན་ལན་ལོག་འཇལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་ཐབས་བྱེད་པ་འདི་ནི་མི་ཞིག་ཡིན་པའི་ཆ་ཤས་ཆེས་ཐ་ཤལ་དང་མ་རབས་ཀྱི་སྤྱོད་ཚུལ་ཡིན་པ་ལས་འཛམ་གླིང་གི་སྐྱེ་བོ་གཟུ་བོར་གནས་པ་རྣམས་ཀྱི་ཕྲེད་གད་ཤོར་བ་དང་དུས་མཚུངས་ཞབས་འདྲེན་བླ་ན་མེད་པ་ཞིག་ཡིན་པ་ཧ་གོ་གི་ཡོད། དམངས་ཁྲོད་ཁ་བརྡ་ཟེར་བའི་ནང་། ཁོང་ཚོས་དྲི་བ་བཏང་ཁུལ་ཞིག་འདུག །ངོ་རྒོལ་སྐད་འབོད་བྱེད་པར་རྒྱ་མིའི་དངུལ་ཟ་ཡོད་རབས་བཤད་ཀྱི་ཡོད་པས་དགོངས་ཚུལ་ག་རེ་ཡོད་ཟེར་བར། མང་ཆེ་བས་སོ་སོའི་ཨམ་ཕྲག་ནས་དངུལ་བཏང་ཡོད་པ་ལས་རྒྱ་མིའི་དངུལ་ཟ་རྒྱུ་མ་བྱུང་ཟེར་བཞིན་འདུག །དོལ་རྒྱལ་རྗེས་འབྲངས་པ་ཚང་མར་རྒྱ་མིས་སྤྲད་པའི་དངུལ་རྣམས་བགོ་བཤའ་རྒྱབ་ན་དོལ་ཚོགས་ཀྱི་སྒྲིག་འཛུགས་དང་ཚོགས་གཙོ། ཚོགས་གཞོན། ཚོགས་མི་རྣམས་ལ་ལྐོག་ཟ་བྱ་རྒྱུའི་དངུལ་གང་ནས་རག་གི་རེད། དེ་ཚོ་ནི་སྙིང་རྗེ་སྐྱེས་འོས་པ་རང་ལས་ལྐུགས་པའི་ཞེན་ཁོག་དང་ཁོང་ཚོ་མང་ཆེ་བ་ནི་ཨམ་ཆོག་རྐུབ་སྒང་དུ་བཏགས་བསྡད་པ་ཤ་སྟག་གོ། །འདི་ལས་༸གོང་ས་མཆོག་གི་མཛད་འཕྲིན་མཁའ་མཉམ་ལུས་ཅན་ཡོངས་ལ་ཁྱབ་བཞིན་ཡོད་པ་འདི་ནི་དོལ་ཚོགས་རྗེས་འབྲངས་པ་རྣམས་ཀྱི་ནམ་ཡང་འགོག་མི་ཐུབ་ལ་༸གོང་ས་མཆོག་གི་སྐུ་རྒྱབ་ཏུ་རི་རྒྱལ་ལྷུན་པོ་ནང་བཞིན་གྱི་འཛམ་གླིང་གི་མཁས་དབང་ཀུན་སྐོམ་པ་ཆུ་འདོད་ལྟར་མིག་ཅི་རེར་ལྟ་བཞིན་འདུག་གོ།
མཁས་མང་བྱེ་བའི་འབྱུང་གནས་གདན་ས་སེར་འབྲས་དགའ་གསུམ་གྱི་མཁས་པའི་སྐུ་ཚབ།ངེས་དོན་ཐུབ་དབང་བསྟན་པའི་གསལ་བྱེད་ཆེན་མོ།མདོ་སྔགས་རབ་འབྱམས་སྨྲ་བ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་བློ་བཟང་མཁས་མཆོག་ལགས་དེ་བཞིན་ངག་དབང་སངས་རྒྱས་ལགས་དང་བྱང་ཆུབ་སངས་རྒྱས་ལགས་བཅས་ལ་རྗེས་སུ་ཡི་རངས་དང་འཛམ་བུའི་གླིང་ལ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་རྟེན་འབྲེལ་ཞུ།
ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོའི་རྩོམ་སྒྲིག་ཚོགས་མི་ལྷ་རམས་མཁས་དབང་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་མཚོན་པའི་བོད་གངས་ཅན་གྱི་མཁས་དབང་རྣམ་པ་ཚོ་ལ་བཀའ་དྲིན་རྗེས་དྲིན་དང་དུས་རྟག་དུ་གུས་པས་རྗེས་སུ་ཡི་རང་བྱེད་རྒྱུ་ཡིན།
15 ༠༥༢༠༡༤༠༣༤༨
གདན་སའི་དགེ་བཤེས་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་དབུས་ཕྱག་རོགས་རྩོམ་སྒྲིག་ཚོགས་མི་མཁས་དབང་ལྷ་རམས་པ་་རྣམ་པ་སྐུ་ཚེ་རིང་བར་ཤོག
༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་རླབས་ཆེན་ཐུགས་ཀྱི་བཞེད་པ་དགའ་དད་སྤྲོ་གསུམ་གྱིས་གུས་པས་ལྷུར་ལེན་པ།གདན་ས་སེར་འབྲས་དགའ་གསུམ་གྱི་སྐུ་ཚབ་ཐུབ་དབང་བསྟན་པའི་མཛེས་རྒྱན་དགེ་བཤེས་ལྷ་རམས་པ་བྱང་རྩེ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་སྒོ་མང་ལྷ་རམས་པ་བློ་བཟང་མཁས་མཆོག་ལགས་ཤར་རྩེ་ལྷ་རམས་པ་བྱང་ཆུབ་སངས་རྒྱས་ལགས་བློ་གསལ་གླིང་ལྷ་རམས་པ་ངག་དབང་སངས་རྒྱས་ལགས་བཅས་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་བླ་མེད་ཞུ།
གདན་ས་ཁག་གི་མཁས་དབང་རྣམས་ཀྱི་སྐུ་ཚབ་སྨྱུག་དུས་ཀྱི་བསྟན་པའི་མཛེས་རྒྱན་ཆེན་མོ་དགེ་བཤེས་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་གཙོས་རྩོམ་སྒྲིག་པ་ཡོངས་ལ་རྗེས་སུ་ཡི་རང་དང་ཁྱེད་རྣམ་པའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་མཁའ་ལྟར་ཁྱབ་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་བཀྲ་ཤིས་སྨོན་འདུན་ཞུ།
གདན་ས་ཁག་གི་མཁས་དབང་རྣམས་ཀྱི་སྐུ་ཚབ་སྨྱུག་དུས་ཀྱི་བསྟན་པའི་མཛེས་རྒྱན་ཆེན་མོ་དགེ་བཤེས་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་གཙོས་རྩོམ་སྒྲིག་པ་ཡོངས་ལ་རྗེས་སུ་ཡི་རང་དང་ཁྱེད་རྣམ་པའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་མཁའ་ལྟར་ཁྱབ་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་བཀྲ་ཤིས་སྨོན་འདུན་ཞུ།
11 ༣༠༢༠༡༤༠༡༢༨
མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་ཕྱུག་པའི་དོན་དངོས་ཀྱི་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་དོན་གྱི་ལྷ་རམས་པ་བློ་བཟང་མཁས་མཆོག་དེ་བཞིན་བྱང་ཆུབ་སངས་རྒྱས་ངག་དབང་སངས་རྒྱས་བཅས་ཀྱིས་ལྷ་རམས་པའི་མཚན་གནས་བཞེས་པ་ལ་དོན་གྱིས་བསྔགས་འོས་གྱི་ཡུལ་དུ་གྱུར་འདུག
བྱང་རྩེ་ལྷ་རམས་པ་དཔྱི་ས་དྲུང་ཆེན་རིན་པོ་ཆེ་མཆོག་དང་སྒོ་མང་ལྷ་རམས་པ་བློ་བཟང་མཁས་མཆོག ཤར་རྩེ་ལྷ་རམས་པ་བྱང་ཆུབ་སངས་རྒྱས་བློ་གསལ་གླིང་ལྷ་རམས་པ་ངག་དབང་སངས་རྒྱས་བཅས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་དོན་དམ་གྱི་དགེ་བཤེས་ལྷ་རམས་པ་ཁྱེད་རྣམས་པའི་སྐུ་ཡོན་དང་མཛད་འཕྲིན་ལ་རྗེས་སུ་ཡི་རང་ཞུ་འོས།
གདན་ས་སེར་འབྲས་དགེ་གསུམ་གྱི་ལྷ་རམས་པ་བླ་སྤྲུལ་དགེ་བཤེས་འདི་རྣམས་དོན་དངོས་སུ་བསྟན་པ་ཕྱོགས་མཐར་སྤེལ་བའི་བྱེད་པོ་ཉག་གཅིག་རེད།
8 ༡༣༢༠༡༤༢༣༣༤
མཁས་གྲུབ་ཆེན་པོ་ལྔ་རིག་སྨྲ་བའི་དྲན་དབང༧སྐྱབས་རྗེ་དཔྱི་ས་དྲུང་ཆེན་རྡོ་རྗེ་འཆང་ཆེན་པོའི་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ཕྱག་རོགས་གདན་ས་ཁག་གི མཁས་དབང་ལྷ་རམས་པ་རྣམས་པ་སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག
7 ༠༤༢༠༡༤༠༢༣༥
བྱང་རྩེ་རིན་པོ་ཆེ་མཆོག་དང་ལྷ་རམས་པ་རྣམས་པ་སྐུ་ཚེ་རིང་བ་དང་རྒྱལ་བ་ཡིད་བཞིན་ནོར་བུའི་དགོངས་པ་བཞིན་འགྲུབ་པར་ཤོག
གདན་ས་ཁག་གི་སྐུ་ཚབ་དཔྱི་ས་དྲུང་ཆེན་རིན་པོ་ཆེ་མཆོག་དང་ལྷ་རམས་པ་རྣམས་པ་ཚོ་ལ་རྗེས་སུ་ཡི་རང་ཞུ།
གདན་ས་ཁག་གི་སྐུ་ཚབ་དཔྱི་ས་དྲུང་ཆེན་རིན་པོ་ཆེ་མཆོག་དང་ལྷ་རམས་པ་རྣམས་པ་ཚོ་ལ་རྗེས་སུ་ཡི་རང་ཞུ།
4 ༡༤༢༠༡༤༠༢༠༦
མཁས་དབང་རྣམ་པ་ཚོ་ནི་གོང་ས་མཆོག་གི་ཕྱག་གཡས་པ་ལྟ་བུ་ཞིག་རེད།
རིན་པོ་ཆེ་མཆོག་གིས་དབུས་གདན་ས་ཁག་གི་སྐུ་ཚབ་ལྷ་རམས་པ་རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ།
2 ༠༡༢༠༡༤༡༤༥༥
ངེས་པ་དོན་གྱི་བདག་པོ་ལྷ་རམས་པ་དཔྱི་ས་དྲུང་ཆེན་རིན་པོ་མཆོག་གིས་དབུས་དགེ་བཤེས་རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ།
1 ༠༥༢༠༡༤༡༩༣༡
གུས་པ་བློ་གྲོས་དཔལ་ལྡན་པས་ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་གྱི་རྩོམ་སྒྲིག་པ། ལྷ་རམས་པ་དཔྱི་ས་དྲུང་ཆེན་རིན་པོ་མཆོག་དང་རྩོམ་སྒྲིག་ཚོགས་མི་མཁས་དབང་རྣམ་པ་ཚོ་ལ་རྗེས་སུ་ཡིད་རངས་དང་བཀྲ་ཤིས་བདེ་ལེགས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།