ཕག་པའི་ཆམ་ནད་སྔོན་འགོག་ཐད་ཀྱི་ལམ་སྟོན་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༨པའི་ཚེས་༡༨ཉིན་སྤེལ། ཟླ་འདིའི་ཚེས་༡༥ཉིན། བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཆོས་འཕེལ་དཔལ་འབྱོར་ཚེ་རིང་ལགས་ཀྱིས། ཉེ་ཆར་རྒྱ་གར་གྱི་གསར་ལམ་ཁག་ཅིག་ཏུ་བཞུགས་སྒར་དྷ་རམ་ས་ལའི་བོད་མི་༧ལྷག་ལ་ཕག་པའི་ཆམ་ནད་འགོས་ཏེ་ནད་མནར་བྱུང་ཡོད་སྐོར་གྱི་གནས་ཚུལ་དངོས་བདེན་མིན་ཞིང༌། བོད་རིགས་སྤྱི་ཚོགས་ནང་དུ་ནད་རིམས་དེ་ལ་དོ་སྣང་བྱས་ཏེ་སྔོན་འགོག་བྱེད་རྒྱུ་གལ་འགགས་ཆེ་ལུགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་ཀྱིས་དྷ་སའི་ཉེ་འཁོར་དུ་གནས་པའི་བོད་ཀྱི་གསར་འགོད་པ་རྣམས་འཕྲོད་བསྟེན་བཀའ་བློན་ལས་ཤག་ཏུ་འདུ་བསྐོང་གནང་སྟེ་གསལ་བསྒྲགས་ཤིག་སྤེལ་ཡོད་དོན། ཉེ་ཆར་རྒྱ་གར་གྱི་གསར་ཤོག་ཁག་གཅིག་ནང་དྷ་རམ་ས་ལར་བོད་མི་བདུན་ལ་ཕག་པའི་ཆམ་ནད་ཡོད་གནས་ཐོན་འདུག་པ་དེ་ནི་གནས་ཚུལ་དངོས་བདེན་མ་རེད། འོན་ཀྱང་ཀུན་གྱི་མཁྱེན་གསལ་ལྟར། དེང་ཕག་པའི་ཆམ་ཚད་ནད་རིམས་འཛམ་གླིང་ཀུན་ལ་ཁྱབ་འཕེལ་འགྲོ་བཞིན་པ་མ་ཟད། རྒྱ་གར་དུའང་ཁྱབ་འཕེལ་འགྲོ་བཞིན་ཡོད་པ་རེད། གཞི་རྩའི་ནད་ཡམས་དེ་བཞིན་གསར་འཕྲིན་བརྒྱུད་ལམ་ཁག་གི་ནང་དོ་སྣང་ཇེ་ཆེར་བྱུང་བའི་རྐྱེན་ཀྱིས་ཛ་དྲག་གི་རྣམ་པ་གསལ་ཡང༌། ནད་གཞི་འགོས་མ་ཐག་སྨན་བཅོས་བྱུང་ན་ལམ་སེང་བཅོས་ཐུབ་ཀྱི་ཡོད། ནད་རྟགས་སུ་གློ་བརྒྱབ་པ་དང༌། མིད་པ་ཚ་བ། གྲང་ཤུམ་བྱེད་པ། རུས་ཚིག་ན་བ། མགོ་ན་བ། ངལ་སྣང་ཤར་བ་བཅས་ཡོང་གི་ཡོད། སྔོན་ཚུད་ནས་དོ་སྣང་བྱུང་ན་སྔོན་འགོག་ཀྱང་གང་འཚམས་ཐུབ་ཀྱི་ཡོད་པས་ཚང་མས་ཐུགས་སྣང་གནང་གལ་ཞིག་ལ། མང་ཚོགས་འདུ་འཛོམས་ཆེན་པོ་ཡོད་སར་འགྲོ་སྐབས་ཁ་རས་གྱོན་པ་དང༌། ཁྱིམ་ནས་ཕྱིར་བསྐྱོད་སྐབས་རང་གི་ལག་པ་ཡང་སེ་འཁྲུས་དགོས་པ་བཅས་ནི་སྔོན་འགོག་གི་ཐབས་ལམ་ཡིན་འདུག

དེ་བཞིན་བོད་སྨན་གྱི་ལམ་ནས་འགོག་སྲུང་ཡོད་པ་རྣམས་ཀྱང་ས་གནས་སོ་སོའི་ཡན་ལག་སྨན་རྩིས་ཁང་ལ་འབྲེལ་གཏུགས་གནང་དགོས་པ་དང༌། གལ་སྲིད་ཕག་ཆམ་ན་བ་ཡིན་ན་གཞན་ལ་མ་འགོས་པ་དང༌། རང་ཉིད་མགྱོགས་མྱུར་དུ་དྲག་སྐྱེད་ཡོང་སླད་བདུན་ཕྲག་གཅིག་རིང་རང་ནང་དུ་སོས་དལ་སྡོད་གལ་ཆེ། ཕྱོགས་མཚུངས་རང་རིགས་རྣམས་ནས་དྲ་རྒྱ་སོགས་ལ་དམིགས་བསལ་དོ་སྣང་གནང་སྟེ་སོ་སོའི་ནང་མི་དང་སྤུན་ཉེ། གྲོང་པ་ཁྱིམ་མཚེས། མདོར་ན་རང་དང་འབྲེལ་བ་ཡོད་པའི་མི་སྣ་ཚང་མར་རིམས་ནད་འདི་སྐོར་ཉེན་སྲུང་གི་བསླབ་བྱ་གཅིག་ནས་གཅིག་བརྒྱུད་གནང་དགོས་པའི་འབོད་སྐུལ་ཞུས་པ་ཡིན། ཞེས་ཕག་པའི་ཆམ་ནད་སྔོན་འགོག་གི་ལམ་སྟོན་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་དྲིན་གྱི་ང་ཚོ་ཨེ་སྐྱོན་ན། གཙོ་བོ་སོ་སོའི་སྐུའི་འཕྲོད་བསྟེན་ཡག་པོ་བྱོས་ལོ། ལི་ལྗོངས་གངས་ཕྲུག



བརྗོད་གཞི་གཞན་ཁག་ལ་གཟིགས།