དགོངས་ཚུལ།

བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྗེ་ལེགས་འབུལ་གྱི་གསོལ་སྟོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༨པའི་ཚེས་༡༨ཉིན་སྤེལ། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་རང་བཙན་དུས་སྟོན་གྱི་སྔ་ཉིན་དང་སྟབས་བསྟུན་ནས་ཀང་ར་རྫོང་དང་བཞུགས་སྒར་ཁུལ་དུ་ཡོད་པའི་རྒྱ་གར་ལས་བྱེད་ཁག་དང༌། རྒྱུན་དུ་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན། དེ་བཞིན་གསར་འགོད་པ་བཅས་མི་གྲངས་༥༠ལྷག་ལ་ཐུགས་རྗེ་ལེགས་འབུལ་གྱི་གསོལ་སྟོན་ཞིག་གངས་སྐྱིད་གསོལ་ཐབ་ཁང་ནང་བཤམས་ཡོད་པ་རེད།

གསོལ་སྟོན་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་བློ་གྲོས་སྒྲོལ་མ་ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རྗེ་སེན་མེང་གྷོ་བ་ཊི་ཡ། མིང་གྲགས་ལྡན་པའི་རྒྱ་གར་གྱི་ཁྲིམས་རྩོད་པ་སྐུ་ཞབས་རེ་ཁི་ཞི་ནཱ་ར་ཡན། བཙན་བྱོལ་བོད་གཞུང་བདེ་དོན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཚེ་རིང་ཕུན་ཚོགས་ལགས། དེ་བཞིན་དྷ་རམ་ས་ལའི་གནད་མི་སྣ་ཁག་དང༌། རྒྱ་གར་ས་གནས་ཁག་འདྲ་མིན་ནས་ཕེབས་པའི་བོད་མི་གསར་འགོད་པ༡༥ལྷག་ངོ་བཅར་གནང་ཡོད་འདུག

དེ་ཡང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ལོ་ངོ་༥༠རིང་གི་གནས་མལ་བསྩལ་བར་ཐུགས་རྗེ་ཆེའི་གསུང་བཤད་སྤེལ་ཞིང༌། དེ་དང་ཆབས་ཅིག་རྒྱ་གར་དང་བོད་མི་ཚོའི་བར་མཛའ་གཅུགས་ཀྱི་ཕྱི་ཐག་རིང་པོ་ལྡན་པའི་སྐོར་ལ་འདི་ལྟར་གསུངས་དོན། ང་རང་འདིར་འབྱོར་སྐབས་ཕྱི་རྒྱལ་ལ་སླེབས་པའི་ཚོར་བ་སྐྱེས་མ་སོང༌། འོན་ཀྱང་ཨ་རི་སོགས་ལ་སྐྱོད་སྐབས་སོ་སོའི་ཕ་ཡུལ་དང་བྲལ་ཡོད་པའི་ཚོར་བ་སྡུག་པོ་སླེབས་ཀྱི་འདུག སྤྱིར་བཏང་བོད་མི་ཚོ་ལ་རྒྱ་གར་གྱི་ཕྱི་རྒྱལ་རེད། ཨ་རི་ཡང་ཕྱི་རྒྱལ་རེད། ཅེས་གསུངས་ཡོད་འདུག བཀའ་ཁྲི་མཆོག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཐེངས་འདིའི་ཐུགས་རྗེའི་གསོལ་སྟོན་བཀོད་སྒྲིག་གནང་བར་བསྟོད་བསྔགས་དང༌། གཞན་བོད་ཀྱི་བུད་མེད་ལྷན་ཚོགས་སུ་ན་གཞོན་དར་མ་མང་པོས་བོད་དོན་ཐད་ལས་དོན་ཧུར་སྒྲུབ་བྱེད་བཞིན་ཡོད་པར་རྗེས་སུ་ཡི་རངས་ཀྱང་གནང་ཡོད་འདུག

གསོལ་སྟོན་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་འདས་པའི་ལོ་༥༠རིང་ལ་བོད་མི་རྣམས་ལ་གནས་མལ་དང༌། ཁྱད་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་རོགས་འདེགས་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཕྱི་ལོ༡༩༥༩ལོའི་ཟླ་༣པའི་ཚེས༡༢ཉིན་བོད་ནང་དུ་གསར་འཛུགས་གནང་བའི་སྒྲིག་འཛུགས་ཤིག་ཡིན་ཞིང༌། ཉིན་དེར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རིགས་བུད་མེད་སྟོང་ཕྲག་མང་པོས་རྒྱ་ནག་དམར་པོའི་གཞུང་གི་བཙན་གནོན་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གནང་བར། དྲག་ཆས་སྤྲས་པའི་རྒྱ་ནག་གཞུང་གི་ཉེན་རྟོག་དམག་མིས་བསོད་རྡུང་འཇུ་གསུམ་སོགས་ཁྲག་དྲི་བྲོ་བའི་འཁོར་ལོ་བསྐོར་ཡོད་པ་རེད།

དེང་གི་བཙན་བྱོལ་བོད་ནང་གི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་སྤྱིའི་བདེ་སྡུག་སྤྱི་དང། ཁྱད་པར་དུ་བོད་ཀྱི་ཆོས་དང་རིག་གཞུང༌། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་ལས་ཁུར་ཕྲག་བཞེས་གནང་ཡོད་པ་རེད། ད་ལྟའི་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་དེ་བཙན་བྱོལ་བོད་ནང་གི་གཞུང་འབྲེལ་མིན་པའི་ཆེ་ཤོས་ཨང་གཉིས་པ་དེ་ཆགས་ཡོད་ཅིང༌། ཚོགས་མི་༡༥༠༠ལྷག་ཡོད་ཁར། འཛམ་གླིང་ཡུལ་གྲུ་ཁག་༤༩ནང་ས་གནས་བོད་ཀྱི་བུད་མེད་ཡན་ལག་ལས་ཁུངས་བཙུགས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གངས་སེང་ལགས་བཀྲ་ཤིས་བདེ་ལེགས། བུད་མེད་ཚོགས་པའི་གོ་སྒྲིག་ཡག་པོ་ཞིག་ཞུས་འདུག ། འདུག་སྙིང་རྗེ་ཁོང་ཚོ་ལ་སྤྱི་སེམས་དང་སེམས་ཤུགས་སྔོན་མ་ནས་ཞེ་དྲག་ཡོད་རེད། ཡིན་ན་ཡང་གྲྭ་བཙུན་ཚོ་ཁོང་ཚོའི་རྣ་བ་ལ་འགྲོ་ཡི་མ་རེད་ཟེར་ཨེ་བདེན་ན། གངས་སེང༌།
ཡག་པོ་བྱུང་འདུག་འཚམས་འདྲི་དང་བསྟོད་བསྔགས་ཡོད། ལི་ལྗོངས་གངས་ཕྲུགབརྗོད་གཞི་གཞན་ཁག་ལ་གཟིགས།