ཨ་སྒོར་ཐེར་འབུམ་༡གིས་ཁ་མཆུ་འཛུཌ་རྒྱུར་གདེང་ཚོད་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ལོའི་ཟླ་༩ཚེས་༨ཉིན། བོད་མི་མང་སྤྱི་ཀརྨ་ཆོས་འཕེལ་ལགས་ཀྱིས་ཟླ་འདིའི་ཚེས་༦ཉིན་འཁོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། དེའི་ནང་དུ་ཁོང་གིས། དེང་གི་འགྲོ་ལུགས་ལྟར་ན་བོད་ཕྲུག་དེར་ཕྲན་ནས་ཨ་སྒོར་ཐེར་འབུམ་གཅིག་གུན་གསབ་དགོས་པའི་ཁྲིམས་ཐོག་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཀྱང༌། ཕྲན་གང་ཟག་ཕལ་པ་ཞིག་ནས་ྋརྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་པར་ཚོད་དཔག་ནམ་ཡང་ཞུ་མི་སྲིད། ཅེས་འཁོད་འདུག

དེ་ཡང་གསལ་བསྒྲགས་སུ། ༼ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༥ ཉིན་སྤྱི་འཐུས་རྒྱུན་ལས་ནང་ཉེ་ཆར་མང་གཙོའི་དུས་ཆེན་ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྲི་ཞུ་ལས་བྱེད་མཉམ་བཞུགས་མོལ་ཚོགས་འདུ་གནང་བའི་ནང་བཀའ་སློབ་དང་བཀའ་བསྡུར་ཇི་བྱུང་སྐོར་དེ་སྐབས་ཚོགས་འདུར་ངོ་ཕེབས་ཚོགས་གཙོ་སྦྲེལ་པོ་དང་ཚོགས་དྲུང་གསུམ་ནས་གསལ་བཤད་བགྲོ་གླེང་གནང་འབྲས་བར་ལམ་ྋགོང་ས་མཆོག་ལ་ཐུགས་ཕམ་བྱུང་རྐྱེན་སྐུ་ཚེའི་ལོ་ཚད་སྐོར་གྱི་གནད་དོན་དང་ཕྲན་འབྲེལ་བ་གང་ཡང་མེད་པ་གསལ་པོ་ཆགས་པའི་ཐོག དེའི་ཕྱི་ཉིན་གུས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་ལ་ངོ་བཅར་གྱིས་གཤམ་གསལ་གནད་དོན་རྣམས་སྙན་སེང་ཞུས་པ་ཡིན།
༡༽      ཉེ་སྔོན་ཨ་རིར་བོད་ཕྲུག་ཞིག་ནས་ྋགོང་ས་མཆོག་ལ་བཀའ་འདྲི་ཞུས་པ་ལས་འཕྲོས་ཏེ་ཕྲན་གྱི་མིང་འདོན་མཛད་པ་དེ་དག་གལ་ཆེར་རྩིས་ཏེ་དེ་སྐབས་ལམ་སེང་སྤྱི་འཐུས་རྒྱུན་ལས་ཐོག་དང༌། དཔལ་ལྡན་སྲིད་སྐྱོང་མཆོག་ལ་ངོ་བཅར་གྱིས་གསལ་བཤད་ཞུས་ཡོད།

དོན་སྙིང༌། བོད་ཕྲུག་དེས་གོ་བ་ལོག་གྲུབ་ཀྱིས་ྋགོང་ས་མཆོག་ནས་ལམ་དབུ་མ་གསུངས་བཞིན་ཡང་ཐུགས་ནང་རང་བཙན་ཡོད་ལུགས་ཞུས་པ་དེ་དག་ཕྲན་ནས་སྔ་ཕྱིར་གྲོས་ཚོགས་སུ་ཞུས་པའི་གཏམ་བཤད་ནང་གཏན་ནས་བརྗོད་མེད་ཅིང། རང་ཉིད་ཀྱི་རྣམ་ཀུན་ཀུན་སློང་དང་སྣང་བའི་ཡུལ་དུའང་དེ་ལྟར་མེད་ངེས་ཡིན། དེ་ལྟར་ྋགོང་ས་མཆོག་ " མ་འབིན་" བཟོ་ཐབས་ཕྲན་ནས་བྱས་ཡོད་ན་གྲོས་ཚོགས་ནང་དཔལ་ལྡན་བཀའ་ཤག་དང༌། སྤྱི་འཐུས་རྣམ་པ་ཚོགས་བཞུགས་ཡོད་སྟབས་དགག་ལན་ཡོང་དགོས་ངེས་ཀྱང་བྱུང་མེད་པ་ནས་གསལ་པོ་མཁྱེན་ཐུབ། དེ་བཞིན་གྲོས་ཚོགས་ཀྱི་ལས་དོན་རྡ་སར་གཟུགས་མཐོང་རླུང་འཕྲིན་ཐོག་ཐད་བཏོང་དང༌། བསྐྱར་སྟོན་ཡང་གནང་ཡོད་པས་དེ་སྐབས་མང་ཚོགས་ནས་ཀྱང་བསམ་ཚུལ་སྣེ་གཅིག་ཞུ་མཁན་བྱུང་མེད། དེར་བརྟེན་དེང་གི་འགྲོ་ལུགས་ལྟར་ན་བོད་ཕྲུག་དེར་ཕྲན་ནས་ཨ་སྒོར་ཐེར་འབུམ་གཅིག་གུན་གསབ་དགོས་པའི་ཁྲིམས་ཐོག་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཀྱང་ཡོད། ཕྲན་གང་ཟག་ཕལ་པ་ཞིག་ནས་ྋརྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་པར་ཚོད་དཔག་ནམ་ཡང་ཞུ་མི་སྲིད།
འོན་ཀྱང་ྋསྙན་སེང་སྒྲོན་སྟངས་ནས་ྋགོང་ས་མཆོག་ལ་མི་ལེགས་པའི་དགོངས་ཚུལ་ཞིག་བྱུང་ཡོད་གཤིས་དེར་གུས་ནས་ལྷ་དགོངས་དྭངས་བར་གུས་ཕྱག་དང་བཅས་དགོངས་སེལ་ཞུ་རྒྱུ་ཡིན།
༢༽      དགོངས་ཚུལ་འབྱུང་གཞིའི་གནད་དོན་དེ་དག་གུས་ནས་བརྗོད་པ་རྩ་བ་ནས་མེད་ཐད་རིང་མིན་ྋགོང་ས་མཆོག་ལ་ྋམཚན་འཁོད་ྋསྙན་ཞུ་ཞིག་འབུལ་རྒྱུ་ཡིན།
༣༽     དགོངས་སེལ་ཞུ་རྟེན་དུ་ཕྲན་ནས་ད་ཕན་གནད་དོན་དེ་ཐོག་བསམ་ཚུལ་བརྗོད་རིགས་ཡོངས་རྫོགས་ཕྱིར་འཐེན་ཞུ་རྒྱུ་དང༌། སླད་མར་དེ་སྐོར་གླེང་སློང་ནམ་ཡང་བྱ་རྒྱུ་མིན་པ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ། སྤྱི་འཐུས་རྒྱུན་ལས་པ་ཀརྨ་ཆོས་འཕེལ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༦ ལ།། ༽ ཅེས་འཁོད་འདུག

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (8)
ཀར་ཆོས་ཀྱི་ཨ་སྒོར་ཐེར་འབུམ་བཅུ་བཏང་གིས་ན་ཀརྨ་པའི་བླ་བྲང་ནས་ཡང་བསྐྱར་གཏོང་རྩིས་ཡོད་ལབ་འདུག རྒྱ་ནག་སྟོབས་ཆེན་འགྲོ་བཞིན་པ་དངོས་ལ་དཀའ་ངལ་ག་བ་ཡོད་ལབ་འདུག
ཀར྄་ཆོས་ནི་ཀཾ་ཚང་བཀའ་བརྒྱུད་ཀྱི་ཁོངས་གཏོགས་རེད། རྒྱབ་སྣོབ་ནི་སི་ཏུ་རིན་པོ་ཆེའི་ཕྱོགས་ཁག་རེད། ༧གོང་ས་མཆོག་གིས་ཐུགས་དམས་དཀྲུགས་རྒྱུ་ནི་རྒྱ་ནག་དང་གསང་འབྲེལ་ཡིན་ཙམ་ཁོང་གི་ལས་འགན་རེད།
༡ འཛམ་གླིང་གི་མིའི་བརྒྱ་ཆ་༧༥ཆང་འཐུང་མཁན་རེད། ར་བཟིའི་ཆེད་དུ་ཡིན་མིན་མི་ཤེས།
༢ ད་ལྟ་བཀའ་བརྒྱུད་མཚོན་བྱེད་ཡིན་མིན་མི་ཤེས། བཀའ་བརྒྱུད་པའི་འཐུས་མི་ཡིན་པ་གཞུང་འབྲེལ་རེད།
༣ ཀརྨ་ཆོས་ཀྱིས་བཀའ་མོལ་གསུང་སྟངས་ཚོད་དཔག་བྱེད་དྲག་མེད་འགྲོ།
༤ མིར་རྐུན་མ་ལབ་རྒྱུར་ལས་སླ་བོ་ཡོད་པ་མ་རེད། དེང་སང་ཁྲིམས་ཀྱི་པང་རྟགས་དགོས་པ་རེད།
༥ བཀའ་བརྒྱུད་པའི་འཐུས་མི་ཡིན་པ་ལས་ཁོངས་གཏོགས་སྐད་ཆ་ཡོད་པ་མ་རེད།
༦ གཅིག་འགྲིག་གི་མེད་པ་རེད། གང་ཡིན་ཞེ་ན། ཚོགས་སྡེ་དང་ཆོལ་ཁོངས་གང་དུ་ཕྱིན་ཡང་རྙོག་གླེང་ཞིག་ཡོང་གི་འདུག དེར་བརྟེན་རང་སྐྱོན་ཡིན་པར་སེམས།
ཁྱེད་རང་གིས་བྱས་ན། གང་འདྲ་རེད་དམ།
གཞན་ལ་མཛུབ་མོ་བཙུགས་དུས་རང་གི་མཛུབ་མོ་༤རང་ལ་འཁོར་ཡོད་པ་ཤེས་དགོས།
དྲི་བ་ཁག་ལ་ལན་འདེབས།
ཀར་ཆོས་ནི་ར་བཟི་ཆང་མཐུང་ཅན་ཨི་ཡིན། ?
ཀར་ཆོས་ནི་ད་ལྟ་སུས་སྤྱི་མཐུས་མཚོན་བྱེད་ཡིན་ནམ།?
ཀར་ཆོས་ནི་༧ གོང་ས་ཐུགས་དམས་དཀྲུགས་མཁན་ཡིན་ནམ?
ཀར་ཆོས་ནི་འབུན་ཏར་ཀ་རུ་ཎ་སློབ་གྲྭ་དེར་རྐུན་མ་ག་ཚད་བྱས་ཡོད་དམ།?
ཀར་ཆོས་ནི་ཀརྨ་བཀའ་བརྒྱུད་ཀྱི་གང་གི་ཁོངས་གཏོགས་ལས་རྒྱབ་སྣོབ་བྱས་ཡོད་དམ།?
ཀར་ཆོས་ནི་མདོ་སྟོད་དང་དབུས་གཙང་སྤྱི་མཐུས་བྱས་ནས་དཀྲུགས་ག་ཚད་བྱས་ཡོད་དམ།?
སྤྱི་འཐུས་ཀར་ཆོས་ནི་ལྷ་གྲལ་ནས་བུད། མི་གྲལ་ནས་བུད། ད་ཁྱི་གྲལ་དུ་བསླེབས་ཚར་བ་རེད། ཚེ་འཕོས་པ་དང་དམྱལ་གྲལ
ལ་མ་བསླེབས་པར་ཤོག དབུས་གཙང་དང་མངི་སྟོད་དང་སྤྱི་སྒེར་སློབ་སྤྱི་ལས་རིམ་ནས་བུད་ཚར་ད་ལོ་ཀམ་ཚང་བཀའ་བརྒྱུད་ཀྱི་འཇུ་ཆེན་འདས་པོ་ཚན་ལ་ལ་བཞག་པ་རེད།
ཀརྨ་ཆོས་འཕེལ་གྱིས་སོ་སོས་གང་བཤད་པ་དེ་ཚོ་དྲན་གྱི་ཡོད་པ་མ་རེད། མི་གཞན་ཞིག་གིས་བཤད་པ་གང་འདྲ་ཧ་གོ་གི་རེད།
2 ༡༠༢༠༡༣༢༠༤༩
ལྐོགས་པ་རེད། གདེང་ཚོད་དེ་འདྲ་ཡོད་ན་ཨ་སྒོར་ཐེར་འབུམ་གཅིག་དེ་འདྲ་ག་བར་བཞག་གི་རེད།
གལ་ཏེ་གདེང་ཚོད་དེ་འདྲ་ཡོད་ན་ལག་བསྟར་བྱ་དགོས་ངེས་རེད། ཕྱིས་སུ་ཁ་བདག་པོ་བརྒྱབ་ནས་ཤོད་རྒྱུར་གོམས་གཤིས་འཇགས་པ་ཕན་ཐོགས་ཡོད་པ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།