ཞི་མོལ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༩།༩ཉིན་སྤེལ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། འདས་པའི་ཉིན་གསུམ་རིང་གི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་དེ་མཇུག་སྒྲིལ་ཡོད་པའི་ཡིག་ཐོག་གི་གསར་འགོད་གསལ་བསྒྲགས་སྤེལ་སོང་བའི་སྐོར་གྱི་གསར་འགྱུར་ཞིག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༠༠ སྟེང་། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ།

གསལ་བསྒྲགས་ནང་བཀོད་དོན།

ཚོགས་འདུའི་སྐབས་བོད་དང་རྒྱ་ནག་ནང་བྱུང་བའི་འགྱུར་འགྲོས་ཀྱི་གནས་ཚུལ་ཁྱོན་ཡོངས་ལ་བསྐྱར་ཞིབ་དང་། ཁྱད་པར་རང་ལུས་མེར་སྲེག་གིས་མཚོན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཀའ་བསྡུར་གནང་ཡོད།

ལས་དོན་ཚོགས་ཆུང་ནས་བོད་ཀྱི་ས་ཁུལ་ནང་ལག་བསྟར་བྱེད་བཞིན་པའི་ད་ལྟའི་དྲག་གནོན་གྱི་སྲིད་བྱུས་ནི་རྒྱ་ནག་གཞུང་གིས་གལ་ཆེར་བརྩིས་པའི་གཅིག་སྒྲིལ་དང་བརྟན་ལྷིང་གི་འགལ་ཟླ་ཡིན་པ་གསལ་འདོན་དང་སྦྲགས། ཉེ་ཆར་རྒྱ་ནག་ནང་མི་རིགས་ཀྱི་གནད་དོན་སྤྱི་དང་། ཁྱད་པར་བོད་རིགས་སྐོར་བགྲོ་གླེང་ཤུགས་ཆེ་འགྲོ་བཞིན་པ་སོགས་བརྡ་སྟོན་སྣ་ཚོགས་འཐོན་བཞིན་པ་ཁག་ལའང་བསམ་གཞིགས་གྲོས་བསྡུར་གནང་ཡོད།

“ཚོགས་འདུའི་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་མགོ་འཁྲིད་གསར་པའི་སྐུ་ཚབ་དབར་ཞི་མོལ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཐབས་བྱུས་ཁག་སྐོར་གྲོས་བསྡུར་སྦྱང་བཤད་ཁ་གསལ་གནང་ཡོད” ཅེས་བཀོད་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནི་རྒྱ་ནག་གཞུང་དང་མཉམ་ཞི་མོལ་གྱི་ལམ་ནས་བོད་དོན་འགྲིག་ཆགས་ཡོང་བར་ལས་དོན་ལག་བསྟར་བྱེད་ཕྱོགས་ཇི་དགེ་མཐུན་འགྱུར་ཞུ་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཐེངས་འདིའི་ཚོགས་འདུའི་སྐབས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་དབུས་པའི་རྒྱ་ནག་སྐོར་མཁས་མྱོང་ཅན་གྱི་ཚོགས་མི་དྲུག་གསར་སྣོན་གནང་ཡོད།

ཚོགས་འདུ་གཙོ་སྐྱོང་བ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་མུ་མཐུད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་ཡོད། སྐབས་རྗེས་མའི་ཚོགས་འདུ་ཕྱི་ལོ་ ༢༠༡༤ ལོའི་ལོ་མགོར་སྐོང་ཚོགས་གནང་འཆར་ཡོད། ཅེས་སོགས་བཀོད་འདུག་པ་སོགས་གསར་ཁང་ཁག་ཏུ་སྤེལ་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་རྒྱ་དབར་ཞི་མོལ་བྱ་ཆོག་ཆོག་ཡིན་ས་རེད། ནང་ཁུལ་གྱི་ཞི་མོལ་མང་པོ་ཞིག་ཚོགས་སོང་། ས་ཆ་གང་དང་དུས་གང་དུས་ཡིན་ཡང་གྲ་སྒྲིག་དངོས་གནས་ཡོད་ས་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།