༄༅།།༸ཏཱ་ལིའི་བླ་མར་ངའི་འཚམས་འདྲི་ཞུ་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༩།༩ཉིན་སྤེལ། བོད་མི་མང་སྤྱི་འཐུས་ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་གིས་རྒུ་རྗུ་ར་ཏི་མངའ་སྡེ་ཡི་རྒྱལ་ས་ཨེམ་རྡ་བྷ་རྡིར་ནས་ཆབ་སྲིད་མི་སྣ་ཁག་དང་མཇལ་འཕྲད་ཀྱི་བོད་དོན་ཁྱབ་བསྒྲགས་དང་འབྲེལ་བའི་ལས་འགུལ་སྤེལ་བའི་སྐོར་གྱི་གནས་ཚུལ་ཉུང་བསྡུས།


ཟླ་ཚེས་༦་ཉིན་གྱི་སྔ་དྲོར་མངའ་སྡེ་གཞུང་གི་འགྲོན་ཁང་དུ་སྣེ་ལེན་ཞུས།  དེ་ནི་ཆེ་མཐོང་མཚོན་ཆེད་དུ་ཡིན་འདུག  ཚོུད་ ༡༡.༣༠ ཐོག་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་(Mr Vajubhai Vala )མཆོག་དང་མཇལ། ཐོག་མར་ཚོགས་དྲུང་མཆོག་གིས་དབུས་ལས་བྱེད་ཁག་ཅིག་གིས་སྣེ་ལེན་གྱིས་གྲོས་ཚོགས་ཚོགས་ཁང་དང་།  གྲོས་ཚོགས་འགྲེམ་སྟོན་ཁང་།  དཔེ་འཛོད་ཁང་བཅས་ལ་གཟིགས་སྐོར་ཁྲིད་པར་མ་ཟད། བོད་མི་མང་སྤྱི་འཐུས་རྣམས་ཚོགས་གཙོའི་ཕེབས་སྒོ་ནས་གྲོས་ཚོགས་ཚོགས་ཁང་དུ་གདན་འདྲེན་ཞུས་པ་དེ་ནི་ཆེ་མཐོང་མཚོན་ཆེད་ཡིན་པར་འགྲེལ་བཤད་གནང་འདུག

ཚོགས་གཙོ་མཆོག་དང་མཇལ་སྐབས་མཇལ་དར་དང་ལག་རྟགས་སོགས་ཕུལ་བ་དང་།  བོད་དོན་ངོ་སྤྲོད་དང་འབྲེལ་རྒྱབ་སྐྱོར་ཡོང་བར་ཞུས།  ཁོང་གིས་"ཏཱ་ལིའི་བླ་མ་དང་བོད་ནི་ང་ཚོའི་རྒྱལ་ཁབ་ཀྱི་སྐུ་འགྲོན་གལ་ཆེན་ཡིན་ལ།  ལོ་རྒྱུས་ཐོག་ང་ཚོའི་རྒྱལ་ཁབ་འགྲོན་ལ་བརྩི་བཀུར་ཆེན་པོ་ཡོད། མ་འོངས་པར་ང་ཚོ་ཕར་འགྲོན་པོ་ཡོང་དུས་ཁྱེད་རང་ཚོས་ཀྱང་བརྩི་མཐོང་ཆེན་པོ་གནང་གི་རེད།  དེ་བཞིན་བོད་དོན་ཐབས་རྩོད་བྱེད་པར་སེམས་ཤུགས་ཆེན་པོ་དགོས་རེད།  སྔོན་ཇིའུ་མི་རིགས་ཁྱེད་རང་ཚོ་ནང་བཞིན་འཛམ་གླིང་གང་སར་ཁ་འཐོར་ནས་ལོ་སྟོང་ཕྲག་མང་པོའི་རིང་གནས་ཀྱང་། མཐར་རང་དབང་ཐོབ་ནས་ད་ལྟ་རྒྱལ་ཁབ་ཆེན་པོ་ཆགས་ཡོད། ཁྱེད་རང་ཚོས་ཐབས་རྩོད་སྐབས་སྙིང་སྟོབས་ཆེན་པོ་དང་།  རྡོག་རྩ་ཆིག་སྒྲིལ་དགོས་པ་གལ་ཆེན་རེད་ཅེས་དང་།  ཇིའུ་ཚོས་ཐབས་རྩོད་སྐབས་ལོ་རྗེས་མ་ཕ་ཡུལ་ནས་ཡིན་ཟེར་སྲོལ་ཡོད་རེད། ཁྱེད་རང་ཚོས་ཡང་ལོ་རྗེས་མ་ཕ་ཡུལ་ནས་ཡིན་གདའ་"ཅེས་གསུང་ནས་ རྒྱབ་སྐྱོར་དང་ལམ་སྟོན་གནང་འདུག   

དེའི་རྗེས་ཚོུད་༡.༣༠་ཐོག་མངའ་སྡེ་སྲིད་སྐྱོང་འབུམ་རིམ་པ་( Kamala Beniwal )མཆོག་དང་མཇལ།  ཁོང་གིས་"བོད་མི་རིགས་དཀའ་སྡུག་ཆེན་པོ་འདི་འདྲ་ཞིག་གི་འོག་ནས་བཟོད་སྲན་གྱིས་སྙིང་སྟོབས་ཆེན་པོའི་རྩ་དོན་ཐབས་རྩོད་བྱས་པ་ནི་ཧ་ཅང་གཟི་བརྗིད་རེད།  ངས་བསྔགས་བརྗོད་ཞུ་ཡ་དང་།  ཁྱེད་རང་ཚོའི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་ལམ་ཡོད།  རྒྱ་ནག་གཞུང་ནི་ཡ་ང་དང་ཀུན་སྤྱོད་མེད་པའི་གཞུང་ཞིག་རེད། འོན་ཀྱང་ཁྱེད་རང་ཚོས་སེམས་ཤུགས་མ་ཆགས་པར་མུ་མཐུད་ནས་ཐབས་རྩོད་གནང་ན་བདེན་པའི་མཐའ་མ་ལ་རྒྱལ་ཁ་ཡོད་རེད་"ཅེས་གསུངས་གནང་འདུག  

དེའི་རྗེས་ཚོུད་༥.༡༥ཐོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དང་།  ཡོང་ལ་ཉེ་བའི་རྒྱ་གར་སྲིད་བློན་གྱི་ འོས་མི་( Mr Narendra Mmodi )མཆོག་དང་མཇལ།  བོད་མི་མང་སྤྱི་འཐུས་རྣམས་ཆེ་མཐོང་ཆེན་པོའི་སྣེ་ལེན་གྱིས་མཇལ་དར་ཕུལ་བ་སོགས་གྲུབ་མཚམས།གོང་བཞིན་བོད་དོན་ངོ་སྤྲོད་ཞུ་སྐབས།  ཁོང་གིས་"ང་ཧི་མ་ཅལ་མངའ་སྡེ་ནས་ལོ་ལྔ་ལ་བསྡད་པ་ཡིན་བོད་ཀྱི་གནད་དོན་ཡག་པོ་ཤེས་ཀྱི་ཡོད།  ལོ་མང་པོའི་སྔོན་ནས་ཁྱེད་རང་ཚོ་ལ་རྒྱབ་སྐྱོར་ཞུས་པ་ཡིན་ལ། ད་ལྟ་ཡང་རྒྱབ་སྐྱོར་ཡོད།  ང་བོད་ལ་གངས་རིན་པོ་ཆེར་མཇལ་དུ་སོང་མྱོང་། དེ་དུས་བོད་ནང་གི་བོད་མི་ཚོར་ཐུག་གི་ རེད་བསམ་ནས་༸གོང་ས་མཆོག་གི་སྐུ་པར་ཁྱེར་བ་ཡིན།  ངའི་རོགས་པ་ལས་བྱེད་ཚོས་ཉེན་ཁ་ཆེ་བར་གསུངས་བྱུང་ཡང་། ངས་མི་མངོན་པར་ཁྱེར་བ་ཡིན།  བོད་མི་ཚོ་ལ་སྤྲོད་སྐབས་དགའ་པོ་གནང་གི་འདུག་པས། ངས་ལག་རྟགས་ཡག་ཤོས་ཆགས་སོང་ཅེས་དང་།  

མཐར་ཁོང་གིས་༸ཏཱ་ལིའི་བླ་མ་ལ་ངའི་འཚམས་འདྲི་ཞུ་རོགས་"ཅེས་གསུངས་ བྱུང་བ་སོགས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་གི་གནས་ཚུལ་སྐོར་འདི་ག་གསར་ཁང་དུ་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ནས་མཁོ་སྤྲོད་གནང་བ་ལྟར་སྤེལ།

འབྲེལ་བ་ཞུ་ཡུལ། ཁ་པར་ཨང་།  8628858376 ཡང་ན་8679329912

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།