ངས་བོད་དོན་སྐོར་ཀྱི་གློག་བརྙན་འཁྲབ་འདོད་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༩།༥ཉིན་སྤེལ། གསར་འགྱུར་ལག་སོན་བྱུང་བ་ལྟར་ན། ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་མ་ཧ་ར་སི་ཏྲིལ་མངའ་སྡེ་ཡི་རྒྱལ་ས་བྷོན་བྷེ་ནས་རྒྱུ་རྩལ་ལས་རིགས་ཀྱི་མི་སྣ་ཁག་གཅིག་དང་མཇལ་ནས་ཁོང་ཚོས་བོད་དོན་ལས་འགུལ་ལ་དོ་སྣང་དམིགས་བསལ་བྱས་པའི་སྐོར་གྱི་གསར་འགྱུར་གནད་བསྡུས།

ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་མ་ཧ་ར་སི་ཏྲིལ་མངའ་སྡེ་ཡི་རྒྱལ་ས་བྷོན་བྷེ་ནས་རྒྱུ་རྩལ་ལས་རིགས་ཀྱི་མི་སྣ་ཁག་གཅིག་དང་མཇལ་ནས་བོད་དོན་ཁྱབ་བསྒྲགས་དང་འབྲེལ་བའི་ལས་འགུལ་སྤེལ་བ་ཞིང་ཚེས་༣༠་ཉིན་གློག་བརྙིན་ཁྲབ་ཁྲིད་པ་གྲགས་ཅན་( firoz nadiadwala )  ཕྷི་རོརྫ་ན་དྲི་ཨ་རྡ་བ་ལ་མཆོག་དང་མཇལ།

ཁོང་གིས་ང་ཚོ་འདི་ལྟར་བསྡད་རྒྱུ་མི་འདུག བོད་དོན་ཆེད་དུ་ཅིག་བྱེད་དགོས་ཀྱི་འདུག ལྷག་པར་དུ་རྒྱལ་སྤྱིའི་ཁ་གྲགས་དགོས་ཀྱི་འདུག་ལ་ང་ཚོས་ཁ་གྲགས་པ་ཅིག་བཟོ་དགོས་ཀྱི་འདུག་སོགས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག་པ་དང༌།  ཁོང་དང་མཉམ་དུ་ཀརྣ་ཀྲ་ཀའི་གློག་བརྙན་གཙོ་འཁྲབ་མཁན་བུ་མོ་( Lakshmi Rai ) ལེགས་ཞི་མི་ར་ཡེ་དང་མཇལ།

ཚེས་༣༡ ཉིན་གློག་བརྙན་འཁྲབ་མཁན་( Anupam Kher )ཨ་ནུ་པམ་ཁེར་མཆོག་དང་མཇལ་ཞིང་། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པར་གསུངས་བ་དང༌།  ཁོང་གིས་འཁྲབ་བཞིན་པའི་གློག་བརྙན་(Me Tera Hero)ང་ཁྱེད་རང་གི་དཔའ་བོ་ཞེས་པ་འཁྲབ་སར་ཕེབས་དགོས་པར་གསུང་བ་ལྟར་སོང༌།  དེར་གློག་བརྙན་གཙོ་འཁྲབ་མཁན་བུ་( Varun Dhawan )ཝ་རུན་དཱ་བན་མཆོག་དང༌།  གཙོ་འཁྲབ་གྲགས་ཅན་བུ་མོ་( Ileana D’cruz )ཨི་ལི་ན་དྲིས་ཀུ་རུ་ས།  གཙོ་འཁྲབ་གྲགས་ཅན་བུ་མོ ( Rajpal Yadav )ར་ཇ་པལ་ཡ་ད་བེ་ཁོང་ནི་བོད་ཀྱི་རྒྱ་དར་འཕྱར་ནས་ཞབས་བྲོ་འཁྲབ་ཡོད་པའི་གློག་བརྙན་( Nargis Fakhri )ནར་གི་སི་ཕྷ་ཀ་རིའི་གཙོ་ཁྲབ་མོ་ཡང་ཡིན།  དགོད་གཏམ་འཁྲབ་མཁན་( Fakhri Nargis )ཕྷ་ཁ་རི་ནར་སྒི་སི་བཅས་འཁྲབ་སྟོན་པ་ཁག་ཅིག་འདུག་པ་དང་མཇལ་ནས། བོད་དོན་སྐོར་སྤྱི་དང་རྒྱ་ནག་གི་སྡུག་སྦྱོང་འོག་གི་བོད་མིའི་དཀའ་ངལ།  ལྷག་པར་སྐུ་ལུས་མེ་སྲེག་སྐོར་ངོ་སྤྲོད་ཞུས་སྐབས། ཁོང་རྣམས་ཀྱིས་ཚོར་ཤུགས་ཆེན་པོའི་རྒྱབ་སྐྱོར་ཡོད་པར་གསུང་བར་མ་ཟད།  བོད་དོན་སྐོར་ལ་གློག་བརྙན་འཁྲབ་འདོད་ཡོད་པ་དང་ངེས་པར་འཁྲབ་གྱི་ཡིན་པར་གསུངས།  ང་ཚོས་ཀྱང་ཁྱེད་རྣམས་ཀྱིས་འཁྲབ་པའི་གློག་བརྙན་ལ་ངང་སྒུག་བྱེད་ཀྱི་ཡིན་ཞུས་བ་དང་། ཚེས་༣་ཉིན་གཟེངས་རྟགས་གྲགས་ཅན་དུ་མ་ཐོབ་མྱོང་མཁན་འཁྲབ་ཁྲིད་པ་དང་མཁས་དབང་( Shyam Benega ) ཤ་བམ་བེ་ནེ་གལ་མཆོག་དང་མཇལ། ཁོང་བོད་དོན་ལ་རྒྱུས་མངའ་དང་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་པ་མ་ཟད། གང་མྱུར་དྷ་སར་ཕེབས་རྒྱུ་ཡིན་པར་གསུང་བྱུང༌། དེའི་རྗེས་ལ་གཙོ་འཁྲབ་པ་གྲགས་ཅན་བུ་( Vivek Oberai )བི་བེཀ་ཨོབེ་ར་ཡེ་མཆོག་དང་མཇལ།

ཁོང་བོད་དོན་ཐོག་ལ་ཧ་ཅང་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད།  ྋགོང་ས་མཆོག་གི་ཆེད་དུ་ངས་ག་རེ་བྱེད་དགོས་ཀྱང་བྱེད་ཀྱི་ཡིན།  ག་རེ་བྱེད་དགོས་ན་ང་ལ་གསུང་རོགས་ཞུ་ཅེས་གསུངས་བྱུང་། ཚེས་༤ཉིན་གཙོ་འཁྲབ་པ་ཨ་མི་རི་ཁན་ལགས་འཁྲབ་སྟོན་ཞིག་གི་ཆེད་ཕྱི་རྒྱལ་ལ་འགྲོ་དགོས་པས་ཁོང་གི་བཟའ་ཟླ་འཁྲབ་ཁྲིད་པ་( Kiran Rao )ཀི་རན་ར་འོ་མཆོག་དང་མཇལ།  མོས་ཁོང་གི་བཟའ་ཟླས་ཁྱེད་རྣམས་ལ་སྣེ་ལེན་དགོས་པའི་བསྔགས་བྱ་གནང་བྱུང་གསུང་བ་དང༌།  སྐུ་ལུས་མེ་སྲེག་གནང་བའི་དཔའ་བོ་དཔའ་མོ་ཚོའི་སྐུ་པར་དང་ལོ་རྒྱུས་ལ་མཇལ་དུས་མིག་ཆུ་ལང་ལོང་དུ་འཁོར་བཞིན་རྒྱ་ནག་ལ་ཚོར་བ་གང་ཡང་མེད་པ་ག་རེ་ཡིན་ནམ།  ལོ་གཞོན་དེ་འདྲ་མང་པོ་གང་དྲག་གསུང་བ་དང༌། ང་བོད་དང་བོད་མི་ལ་རྒྱབ་སྐྱོར་དང་གདོང་སེམས་མཉམ་བསྐྱེད་ཡོད་གསུང་བ་སོགས་རྒྱུ་རྩལ་ལས་རིགས་ཀྱི་གྲགས་ཆེན་མི་སྣ་ཚོས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག གཞན་ཡང་མངའ་སྡེ་འདི་ནས་ཆབ་སྲིད་དང་གནད་ཡོད་མི་སྣ་གཞན་མང་པོ་ཞིག་ལ་མཇལ་ཡོད་པའི་གནས་ཚུལ་རྗེས་ལ་ཕུལ་རྒྱུ་ཡིན་པའི་ལས་བསྡོམས་མདོར་བསྡུས་ཞིག་ལྷོ་ཕྱོགས་ཞུ་གཏུག་ཚོགས་ཆུང་ནས་ཟླ་༩ ཚེས་༤ ཉིན་འདི་ག་གསར་ཁང་དུ་རག་པའི་གསར་འགྱུར་ཉུང་བསྡུས་འགའ། འབྲེལ་བ་གནང་ཡུལ་ཁ་པར་ཨང 8628858376

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།