༧གོང་ས་མཆོག་གི་ཉིན་གསུམ་པའི་བཀའ་སློབ་བརྩལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༩།༥ཉིན་ལ་སྤྱི་ནོར༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུལ་བྱའི་ཁམས་དང་མོས་པ། དབང་པོ་རབ་འབྲིང་ཐ་གསུམ་གྱི་སྒང་ནས་ཆོས་ཉམས་སུ་ལེན་སྟངས་མ་འདྲ་བ་མང་པོ་ཞིག་གསུངས་གནང་ཡོད་པ་དང་།  མི་སྐྱའི་རིགས་ལ་དགེ་བསྙེན་སྒྲུབ་པ་བཅས་བཀའ་སློབ་བརྩལ་བའི་སྐོར་ཀྱི་རག་བསྡུས་ཤིག


དེ་ཡང་མགོན་པོ་གང་ཉིད་ནས། “སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་ར་ཎ་སིར་ཆོས་འཁོར་དང་པོ་གསུངས་པ་དང་། ང་རང་ཚོས་གཏན་དུ་བདེ་བ་ཞིག་སྒྲུབ་རྒྱུ་ཡིན་པ་དེ་ནི།  སྡུག་བདེན་རྒྱུ་འབྲས་དང་། འགོག་བདེན་འབྲས་བུ་སོགས་གསུང་ཡོད་པ་འདི་ལས་བདེ་སྡུག་ག་རེ་ཡིན་ནའང་། རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་དེ་ནི་རྒྱུ་འབྲས་ཀྱི་རྟེན་འབྱུང་ཟེར་བ་དང་དེ་ནི་འབྱུང་ས་ནི་རྟེན་འབྲེལ་ལྟོས་གྲུབ་དེ་ལ་ཐུག་ཡོད་པ་ཞིག དེ་ནི་གཞི་བཞག་གི་སྐབས་སུ་ཞིབ་ཕྲ་གསུངས་ཡོད་འདུག ཡིན་ནའང་། སྤྱོད་འཇུག་ལས “གསང་བསྔགས་དམ་པ་བྱེད་པར་བྱ”ཟེར་བ་ཞིག་འདུག  བསམ་པ་རྒྱ་ཆེ་ཆུང་གི་ཐོག་ནས་རང་ལས་གཞན་གཙོ་ཆེ་དགོས་པ་རེད་འདུག་ཟེར་བ་དང་།

ལྷག་པར་གཞན་གྱི་སྡུག་བསྔལ་རང་གིས་བླང་པ་དང་རང་གི་བདེ་བ་གཞན་ལ་གཏོང་ཟེར་བའི་གཏོང་ལེན་གྱི་ཉམས་ལེན་བྱས་པ་དེ་ནི་སྤྱིར་བཏང་གིས་སྙིང་སྟོབས་ཆེན་པོ་ཡོད་བསྡད་པ་ཞིག འདི་ནི་ནང་ཆོིས་ནི་ཧ་ལས་པ་ཡག་པོ་ཤེས་པ་ཞིག་མ་གཏོགས་ཉམས་ལེན་བྱེད་རྒྱུ་ཁེག་པོ་ཡིན་པའི་ཆ་ནས། གསང་བསྔགས་དམ་པ་ཞེས་གསུངས་པ་རེད།  དེ་ནང་བཞིན་ཤེས་རབ་ཀྱི་ཆ་ནས་ཡིན་པ་ཡིན་ནའང་། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཟེར་བ་དེ་སངས་རྒྱས་བཅོམ་ལྡན་འདས་སྐྱབས་སུ་འཛིན་ནི་ཞིག་ཡིན་དུས་ཆད་མཐའ་རེད་ཟེར་བ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད།

དེར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་གསུངས་པ་ཞིག  ཡོངས་གྲགས་སུ་གོ་ཡོང་བའི་རིགས་ཤིག དབང་པོ་རྣོན་པོའི་རིགས་སུ་གསུངས་པ་ཞིག  དེ་འདྲར་གསུང་བ་མ་གཏོགས་ཡོངས་གྲགས་སུ་གསུང་པ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཆད་མཐའ་རེད་ཟེར་བའི་ཉེན་ཁ་ཡོད་པས།  དབང་པོ་རབ་འབྲིང་ཐ་གསུམ་དང་གསང་བསྔགས་ཆེ་ཆུང་གི་སྒོ་ནས་གསུངས་ཡོད་རེད། དེ་འདྲ་ཡིན་དུས་སངས་རྒྱས་བཅོམ་ལྡན་གྱི་ཆོས་ལ་རིམ་པ་མང་པོ་ཞིག་ཡོད་བསྡད་ཡོད་པའི་ཆ་ནས། སྔོན་ལ་ང་རང་ཚོས་ཆ་ཚང་ཞིག་ཤེས་དགོས་པ་དང་། ཁོང་མྱ་ངན་ལས་འདའ་ཁར་བྱ་རྒོད་ཕུང་པོའི་རི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གསུངས་པ་རེད།

བྱས་ཙང་། ང་ཚོས་ཉོན་མོང་དུག་གསུམ་གྱི་དབང་ལས་རྒྱལ་བ་ཞིག་བྱེད་དགོས་པ་དང་། དེ་ནས་ཐར་བ་ཟེར་བ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིོས་འགོག་བདེན་ཞེས་གསུངས་བཞག་ཡོད་རེད། ང་ཚོའི་འཛམ་བུའི་གླིོང་གི་ཆོས་ལུགས་མང་ཆེ་བ་ཞིག་ལྷ་མིའི་ཐེག་པ་ཡིན་པ་དང་། སེམས་བཟང་པོ། བྱམས་པ་དང་སྙིང་རྗེ་ཡོང་བའི་མི་གཞིའི་ཐོག་ནས་གསུངས་བསྡད་པ་ཅིག

མཐར་ཞུ་ཡ་དེ་ནི་ཐར་བ་སྒྲུབ་རྒྱུ་དེ་ནི་བསླབ་པ་གསུམ་ནས་ཡོང་གི་ཡོད་པ་རེད། དེ་སྒྲུབ་པའི་ཐབས་ལམ་ནི་བསླབ་གསུམ་གྱི་དྲང་ངེས་རྟོགས་པ་ཡིན་པ་དང་། དེས་ཤེས་རབ་དེ་ནི་ཏིང་འཛིན་དགོས་པ་ཞིག  ཏིང་ངོས་འཛིན་ཟེར་བ་དེ་ནི་བློ་གང་དུ་ཕྱོགས་པ་དེར་དྲན་པའི་ནུས་པ་བསྐྱེད་པ་”སོགས་གསུངས་ནས་མི་སྐྱ་རྣམས་ལ་དགེ་བསྙེན་སྒྲུབ་པའི་འགོ་འཛུགས་བྱས་པ་བཅས་ཉུང་བསྡུས་ཤིག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།