༸གོང་ས་མཆོག་གི་ཉིན་གཉིས་པའི་སྐབས་ཀྱི་བཀའ་སློབ་སྩལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ ཟླ་ ༩ ཚེས་ ༤ རེས་གཟའ་ལྷག་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡའི་ཆོས་ཞུ་བ་༤༠༠ནས༤༥༠ལྷག་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་ཁྱོན་སྡོམས་༦༠༠༠ཙམ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་སྔ་ལོའི་འཕྲོས་སྐྱོང་ལེའུ་བརྒྱད་པ་ནས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་འགྲོའི་ཆོས་འབྲེལ་སྐབས་བདེ་སྡུག་སྐོར་བཀའ་སློབ་སྩལ་དོན་སྐོིར་གྱི་བཀའ་སློབ་ཉུང་བསྡུས་ཤིག་བཀོད་འདུག་པ་གཤམ་གསལ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་སྔ་ལོའི་འཕྲོས་སྐྱོང་ལེའུ་བརྒྱད་པ་ནས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་འགྲོའི་ཆོས་འབྲེལ་སྐབས་བདེ་སྡུག་སྐོར་བཀའ་སློབ་སྩལ་དོན། སྤྱིར་བཏང་བདེ་སྡུག་ཅེས་པ་ནི་ཤེས་པའི་མྱོང་བ་ཞིག་རེད། བདེ་བ་དང་སྡུག་བསྔལ་གྱི་འབྲས་བུ་བདེ་སྡུག་གི་རང་བཞིན་ཤོད་སྐབས། ཤེས་པའི་སྟེང་ལ་དེའི་རྒྱུ་ཞིག་ཡོད་དགོས་པ་རེད། བློའི་ཁྱད་པར་ལ་བརྟེན་ནས་བྱ་བ་མི་འདྲ་བ་ཡོང་གི་ཡོད། བྱ་བ་དེའི་དབང་གིས་འབྲས་བུ་མི་འདྲ་བ་ཡོང་བཞིན་ཡོད།

དཔེར་ན། ང་ཚོའི་མི་ཚེ་འདིར་ཆ་བཞག་ན། བསམ་བློ་གཏོང་སྟངས་དབང་གིས་བྱེད་ཐབས་འདྲ་མིན་སྣ་ཚོགས་ཤིག་ཐོན་རྐྱེན་རང་རང་སོ་སོ་དང་ཁྱིམ་ཚང་། དེ་བཞིན་སྤྱི་ཚོགས་བཅས་ལ་བདེ་སྡུག་འདྲ་མིན་ཡོང་གི་ཡོད་པ་ང་ཚོའི་མཐོང་ཆོས་རེད། ལས་འབྲས་ཞེས་པ་ནི་དེ་ལྟ་བུའི་ཐོག་བསམ་བློ་གཏོང་དགོས། སྐབས་རེ་ལས་འབྲས་བརྗོད་སྐབས་སོ་སོའི་ལག་པར་མེད་པ་ལྟ་བུ་ཤོད་ཀྱི་འདུག ལས་རེད་ཅེས་བརྗོད་པ་མ་གཏོགས་སོ་སོས་འགུལ་སྐྱོད་གང་ཡང་མ་བརྒྱབ་པར་ལས་ལ་ལག་པ་འཕྱིས་ནས་འགྲོ་རྒྱུ་དེ་མི་སྒྱིད་ལུག་ངན་པོ་བཟོ་གི་ཡོད་པ་ལྟ༌བུ་འདུག ཡག་སྡུག་གི་ལས་འདི་སོ་སོ་རང་ཉིད་ཀྱིས་བཟོས་པ་ཞིག་རེད་མ་གཏོགས་མི་གཞན་གྱིས་བསགས་པའི་ལས་དེ་རང་ཉིད་ལ་ཡོང་གི་མེད། སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཐོག་ནས་བདེ་སྡུག་ཡོང་གི་ཡོད་པ་འདོད་མཁན་དེ་དག་གི་ནང་དུ་ནང་གསེས་བདེ་སྡུག་མྱོང་བ་པོ་དང་བདེ་སྡུག་གི་རྒྱུ་བྱེད་པ་པོ་ངའམ་བདག་ཅེས་པར་སངས་རྒྱས་པའི་ཆོས་ཀྱིས་བདག་མེད་གསུང་གི་ཡོད།

དེ་མིན་འཛམ་གླིང་གི་ཆོས་ལུགས་ཡོངས་རྫོགས་ཀྱིས་བདག་འདོད་ཀྱི་ཡོད། སངས་རྒྱས་པས་བདག་མེད་ཅེས་གསུང་རྒྱུའི་རྒྱུ་མཚན་ནི་བཅོམ་ལྡན་འདས་ཕེབས་པའི་སྐབས་དེའི་ཚེ་དེའི་དུས་རྒྱ་གར་ནང་གི་ཆོས་བརྒྱུད་ཚང་མས་བདག་ཅེས་ཕུང་པོ་ལས་དོན་གཞན་པའི་བདག ལུས་དང་སེམས་བརྗོད་ན། དེ་ཡང་ལུས་ཞེས་བརྗོད་ན། མི་ཚེ་འདི་ཁོ་ན་རེད། སེམས་ཞེས་སེམས་རགས་པ་དེ་དག་ལུས་དང་འབྲེལ་བ་ཡོད་སྟབས། ལུས་རྟེན་གཅིག་དང་འདྲེས་ཡོད་ཆགས་འདུག དེར་བརྟེན་སྐྱེ་བ་སྔ་ཕྱི་འདོད། སྐྱེ་བ་སྔ་མ་ནས་འདིར་འོངས། འདི་ན་ཕྱི་མར་འགྲོ་མཁན་ལུས་སེམས་ཀྱིས་བྱེད་ཀྱི་མེད་པར་བརྟེན། ལུས་སེམས་ལ་དབང་སྒྱུར་མཁན་གྱི་ངའམ་བདག་ཅེས་པ་ཞིག་ཡོད་པ་རེད། ང་ཚོའི་བློ་ལྷན་སྐྱེས་ལ་ལུས་འགྱུར་བ་འགྲོ་གི་ཡོད། ལུས་དང་འབྲེལ་ནས་ང་གཞོན་ནུ་དང་། དར་མ། རྒན་པོའི་སྐབས་ཞེས་བརྗོད་རྒྱུ་ཡོང་གི་ཡོད་པ་དེ་དག་ལུས་ལ་བསམ་བློ་གཏོང་བཞིན་འདུག དེ་ཐམས་ཅད་ལ་ང་ཞེས་གཅིག་གྱུར་རེད།

ང་སྐྱེས་པའི་སྐབས་ཞེས་ང་དེ་གཅིག་པ་ལྟ་བུ་བློ་ལ་ཤར་ཡོང་གི་ཡོད། དེར་བརྟེན་བློར་ལྷན་སྐྱེས་སུ་ལུས་སེམས་ལ་དབང་སྒྱུར་མཁན་ང་ཞེས་པ་ཞིག་ཤར་བ་དེ་ཡིན་ཤག་བརྩིས་པ་དང། གྲུབ་མཐའི་ཐོག་ནས་སྐྱེ་བ་སྔ་ཕྱི་ཤོད་སྐབས་བདག་ཡོད་ཐག་ཆོད་རེད། ཕུང་པོ་ལས་དོན་གཞན་པའི་བདག་གཅིག་ཡོད་པ་རེད། དེས་སྐྱེ་བ་སྔ་ཕྱི་འགྲོ་བཞིན་ཡོད་ཅེས་བརྗོད་རྒྱུ་ཞིག་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་སྐབས་མུ་སྟེགས་པའི་གཞུང་མང་པོ་ཞིག་ནང་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ཏེ་སྐྱོན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཅེས་སོགས་ཀྱི་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་དང་ཆོས་འབྲེལ་འཕྲོ་སྐྱོང་དབུ་འཛུགས་མཛད་ཡོད་པ་བཅས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་འཁོལ་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།