ྋགོང་ས་མཆོག་གིས་སྤྱོད་འཇུག་བཀའ་འཁྲིད་མཇུག་སྐྱོང་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༩།༣ཉིན། སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་རིང་ཟླ་༩ཚེས་༣ཉིན་ནས་ཉིན་གསུམ་རིང་དད་ལྡན་སེར་སྐྱ་མི་མང་༦༠༠༠ལྷག་ལ་རྒྱལ་སྲས་ཞི་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ལོ་སྔོན་མའི་འཕྲོས་མུ་མཐུད་མཇུག་སྐྱོང་གནང་འགོ་བཙུགས་ཡོད་པ་དང༌། དད་ལྡན་ཆོས་ཞུ་བའི་ཁྲོད་འཛམ་གླིང་རྒྱལ་ཁབ་འདྲ་མིན་༥༠ལྷག་ནས་སླེབས་པའི་ཕྱི་རྒྱལ་བ་༢༧༠༠ལྷག་དང༌། ཐེངས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཨེ་ཤ་ཡ་ཤར་ལྷོ་ནས་ཆོས་ཞུ་བ་༤༠༠ནས་༤༥༠ཙམ་ཕེབས་བཅར་ཞུས་གནང་འདུག

དེ་ཡང་མགོན་པོ་གང་ཉིད་ནས། ༼ཆོས་ཚང་མ་ལ་ལྟ་གྲུབ་མ་འདྲ་བ་རེ་ཡོད་པ་ཡིན་ནའང། བསླབ་བྱ་དེ་ནི་མི་བཟང་པོ་ཆགས་དགོས་པ་དང་ཡ་རབ་སྤྱོད་བཟང༌། ཆོས་ལུགས་ཚང་མར་གཞན་དོན་སྒྲུབ་དགོས་པ་ཟེར་བ་དེ་ཡིན་པས། ཡི་ཤུས་ཆོས་དང་ཁ་ཆོས་ཆོས་སོགས་སུ་དེ་བཞིན་རེད་འདུག  དེ་འདྲ་ཡིན་ཙང༌། ཆོས་ལུགས་རྣམས་ཀྱི་བསླབ་བྱ་གཙོ་བོ་ནི། གཞན་དོན་ལག་ལེན་ཁེལ་བ་དང་གུས་ཞབས། ཕན་ཐོག་དང་མཐུན་བསྒྲིལ་སོགས་ངོས་འཛིན་བྱས་ནས་ལག་ལེན་བྱེད་པ་ཞིག་རེད། ཤི་རི་ལན་ཀའི་ནང་དུ་ཧིན་དྷུ་དང་ནང་པ་གཉིས་ཀྱིས་ལྟ་བར་འགལ་ཟླ་ཞིག་ཡོང་གི་ཡོད་པ་དང༌། ཉེ་ཆར་ཡང་འབར་མ་དང་ཤི་རི་ལན་ཀ་ནང་དུ་ཡང་ནང་པ་དང་ཁ་ཆེའི་བར་ལོག་ལ་ཡང་འགལ་བ་ཞིག་སླེབས་ཡོང་གི་ཡོད་འདུག  དེ་རིགས་ནི་ཧ་ཅང་གིས་ཐབས་སྐྱོ་བོ་རེད། ཆོས་ལུགས་སོ་སོ་ནས་སོ་སོ་ལ་ཁམས་དང་མོས་པ་མ་འདྲ་བའི་ལྟ་གྲུབ་དེའི་ཐོག་ནས་ཕན་གྱི་ཡོད་རེད། དེ་ཡོད་པ་ནི་མཁས་ལེན་བྱེད་དགོས་པ་རེད། བདེན་པ་གཅིག་དང་ཆོས་གཅིག་ཟེར་བ་ཞིག་ཆོས་ལུགས་སོ་སོའི་ནང་ན་གསུངས་ཀྱི་ཡོད་པ་རེད།   སྤྱི་ཚོགས་སུ་བལྟས་ནས་བཤད་པ་ཡིན་ན། ཆོས་འདུག བདེན་པ་འདུག་ཟེར་བ་དེ་ནི་དངོས་ཡོད་རེད། སོ་སོའི་ཁམས་དང་མོས་པ་ཞིག་བྱེད་པ་དེ་ནི་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་སུ་ཆ་བཞག་ན་ཡང༌། སྤྱི་ཚོགས་འདིའི་ནང་གི་མི་ཡོངས་རྫོགས་ནང་པའི་ཆོས་བྱེད་མཁན་ཆགས་དགོས་ཟེར་ན་དཀའ་ལས་ཁག་གི་རེད། སོ་སོའི་ཁམས་དང་མོས་པ་མ་འདྲ་བའི་དབང་གིས་ཆོས་ལ་དད་པ་བྱེད་དགོས་ཟེར་ནས་ལབ་ཐུབ་ཀི་མ་རེད། ཟླ་བ་ཁ་ཤས་སྔོན་ལ་ངས་ཡིག་ཆ་ཞིག་མཐོང་སོང༌། འཛམ་བུ་གླིང་ལ་མི་གྲངས་དུང་ཕྱུར་༧༠ཡོད་པའི་ནང་ནས་དུང་ཕྱུར་༡༠་ལྷག་ཅིག་ཆོས་ལ་ཡིད་ཆེས་མེད་ཟེར་གྱིོ་འདུག  དེ་དངོས་ཡོད་གནས་ཚུལ་རེད། ང་ཚོས་གཅིག་གིས་གཅིག་ལ་ཤུས་ཞབས་དང་གཅིག་གིས་གཅིག་ལ་མི་རིགས་ཕན་ཐོག་ཡོད་པའི་ངོས་འཛིན་དང་འབྲེལ་བའི་སྒོ་ནས་གུས་ཞབས་བྱེད་པ་དེ་ནི་གལ་ཆེན་པོ་རེད། སོ་སོའི་དད་པ་དེ་སོ་སོའི་ཆོས་ལུགས་དེའི་ཐོག་བྱེད་དགོས།
ང་རང་ནི་ནང་པའི་ཆོས་ལུགས་པ་ཞིག་རེད། ང་རང་བོད་ན་ཡོད་དུས་ཆོས་ལུགས་འདྲ་མིན་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། ལྷ་ས་ལ་ཁ་ཆེས་ཁྱིམ་ཚང་བརྒྱ་ཉིས་བརྦྱ་ཞིག་མེད་འགྲོ། ཕལ་ཆེར་དུས་རབས་༡༧སྐབས་སུ་༧རྒྱལ་དབང་སྐུ་ཕྲེང་ལྔ་བས་ཁ་ཆེར་ལྷ་་ཁང་བཟོ་བའི་ས་ཞིག་གནང་འདུག  གང་ལྟར། ཁ་ཆེས་ཆོས་ལུགས་ལ་ཡང་བརྩི་བཀུར་བྱས་ནས་སོ་སོའི་ཆོས་ལུགས་ཡར་རྒྱས་ཡོང་བ་ཞིག་བྱས་འདུག དེ་ནས་ང་ཚོ་རྒྱ་གར་ལ་ཚུར་སླེབས། བཙན་བྱོལ་ཆགས་པའི་སྐབས་འདིར་འཛམ་པོའི་གླིང་འདིའི་སྒང་ནས་མི་འདྲ་མི་འདྲར་ཐུག་སྟེ་ངོ་ཤེས་འདྲ་ཞིག་ཆགས་དུས། ཡི་ཤུས་ཆོས་པའི་ངོ་ཤེས་ཡོད། ངོ་ནས་དྲང་ནས་རླབས་ཆེན་པོ་རེད། ཉམས་ལེན་བྱས་ནས་སེམས་པ་བཟང་པོ། གཞན་ལ་ཕན་ཐོག་པའི་སྒོ་ནས་འགྲོ་བ་ནི་ཁ་ཆེས་དང་མཇིའུ་སོགས་སུ་དེ་འདྲའི་མི་བཟང་པོ་དང་མི་ཡ་རབས་སྤྱོད་བཟང༌། ཁ་ཞེ་གཉིས་མེད་ཀྱི་ཐོགས་ནས་ལག་ལེན་བསྟར་བ་དེ་རིགས་ལ་སོ་སོའི་ཆོས་ལུགས་དེའི་ཐོག་ནས་དེ་འདྲ་ཞིག་བྱུང་རེད། དེ་འདྲ་ཡིན་དུས། ཆོས་ལུགས་དེ་ཚང་མ་མི་ལ་ཕན་ཐོག་ཡོད་པ་ཞིག་རེད་འདུག ང་རང་གིས་ངོས་ནས་ཆོས་ལུགས་ཚང་མ་ཕན་ཚུན་མཐུན་པོ་ཡོང་བར་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་ནས་ཆོས་དད་པ་མེད་མཁན་གྱི་མི་ཕལ་ཆེན་པོ་ཞིག་ཡོད་པ་རེད། དེའི་རིགས་དེར་ཕྱོགས་གཅིག་ནས་ཁོ་རང་ཚོའི་ངོས་ནས་ཡང་མི་ཡིན་པ་དང༌། སྡུག་བསྔལ་མི་འདོད་པར་བདེ་བ་འདོད་པ་གཅིག་པ་རེད། ཁོ་ཚོ་ལ་ཆོས་དད་ཡོད་པ་མ་རེད་ཟེར་ནས་ཕར་བཞག་བཞག་པ་ཞིག་མ་ཡིན་པར། མི་གཅིག་གྱུར་གྱི་འདུ་ཤེས་བཞག་ནས། སངས་རྒྱས་གཞུང་ལས་ཀྱང་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་རེད།
ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་འཛམ་བུ་གླིང་འདིའི་སྒང་ནས་འགྲོ་བ་མིའི་ཐུགས་རྒྱུད་དང་བསྟུན་ཤེས་བྱས་ཏེ་གཅིག་གྱུར་གྱི་འདུ་ཤེས་བཞག་རྒྱུ་དེ་ནི་གནད་འགག་ཆེན་པོ་རེད་འདུག དེ་འདྲ་ཡིན་པའི་ཆ་ནས། ཆོས་དད་མེད་པ་དེ་ཚོ་ལ་ཡང་སྒེར་སོ་སོའི་ངོས་ནས་མི་ཚེ་སྐྱིད་པོ་དང་སེམས་སྐྱིད་པོ་བྱུང་དུ་འཇུག་པར་ང་ཚོར་འགན་ཡོད་རེད། ཆོས་དད་མེད་པ་ཚོ་ལ་ཡང་ཡ་རབ་དང་སེམས་པ་བཟང་པོ་བྱེད་དགོས་ཡ་ཁོ་རང་ ཚོ་ལ་གལ་ཆེན་པོ་ཡིན་པ་དང་འགན་ཞིག་ཏུ་གྱུར་ཡོད་རེད།
སེམས་པ་སྐྱིད་པོ་ཡོད་པ་ཙམ་གྱིས་སེམས་ལ་སྙིང་སྟོབས་ཡོད་པ་དང་སེམས་ལ་སྙིང་སྟོབས་མེད་ན་འཇིགས་སྣང་ཡོད་པ་ཞིག འཇིག་སྣང་ཡོད་དུས་སེམས་དེ་ལ་དངས་སྐྲག་སོགས་སྐྱེས་པ་དང༌། དེ་ནས་ཁྱིམ་ཚང་ནང་ལ་འཁྲུགས། སྤྱི་ཚོགས་ནང་ལ་འཁྲུགས་པ་བྱེད་པས་ན། བདེ་སྐྱིད་ཟེར་བ་དེ་ནི་སེམས་ཀྱི་སྲོག་ཅིག་རེད་འདུག ནང་སེམས་ཀྱི་བདེ་སྐྱིད་ཡོང་བ་དེ་མ་འཛོམས་ན། ཕྱིའི་དཔལ་འབྱོར་ལ་འབྱོར་ལྡན་དང་ཕྱུག་པོ་ག་འདྲ་ཆགས་ཡང་སྐྱིད་མི་ཡོང་པ་ཆགས་ཀྱི་འདུག
ཆོས་དད་མེད་པ་ཚོས་ཡང༌། ཆོས་གང་ཡང་མ་ཤེས་ན་འགྲིག་གི་རེད། ཡིན་ནའང༌། ནང་སེམས་ཀྱི་བདེ་སྐྱིད་ཡོང་བའི་རྩ་བ་དེ་ནི་སེམས་པ་བཟང་པོ་ཡིན་པ་ཤེས་པ་ནི་གལ་ཆེན་པོ་རེད་འདུག  འདི་ནི་སྨོན་ལམ་རྒྱབ་ནས་འགྲུབ་པ་ཞིག་མ་རེད། སྨོན་ལམ་རྒྱབ་ནས་སེམས་བཟང་པོ་བཟོ་གི་ཡོད་ཟེར་བ་ཞིག་མ་རེད། སངས་རྒྱས་བཅོན་ལྡན་འདས་ཀྱིས་ཡང་གདུལ་བྱའི་ཁམས་དང་མོས་པ་དང་དབང་པོ་དང་བསྟུན་ནས་ཆོས་གསུངས་དགོས་པ་གསུངས་འདུག  དེ་ཡིན་ན་ཆོས་དད་མེད་པ་དེ་ཚོར་ཡང་རན་པའི་བསླབ་བྱ་ཞིག་ཏན་ཏན་གསུང་གི་རེད། ཨུ་ཚུགས་སྐྱོན་ནས་ཁྱོད་རང་ཡིད་ཆེ་བྱེད་དགོས་ཟེར་ན་ཡོང་གི་མ་རེད། ནམ་རྒྱུན་ང་སུ་ལ་ཐུག་ན་ཡང་མི་དང་མི་ཐུག་གི་ཡོད་བསམ་པ་མ་གཏོགས། ང་ནང་པ་ཡིན། ང་ཆོས་པ་ཡིན། ང་ཨེ་ཤ་ཡ་ཡིན་ཟེར་བའི་སོ་སོ་གཅིག་པོ་ཆགས་བསྡད་ཡ་ཞིག་ཡིན་དུས། སྤྱི་ཚོགས་ལ་བརྟེན་པའི་སྡུག་བསྔལ་ཞིག་ཡིན་པའི་ཆ་ནས། མི་དང་མིའི་བར་གྱི་བརྩེ་བ། མི་དང་མིའི་བར་ལ་འགྲིག་མཐུན་བྱུང་བ་དེ་ནི་བྱེ་དྲག་གལ་ཆེན་པོ་རེད་འདུག
སྤྱི་ལ་ཕན་པའི་བྱ་བ་བྱེད་ཀྱི་གལ་ཆེན་པོ་རེད། སྤྱི་བདེ་ན་རང་བདེ་བ་དེ་ནི་ཐག་ཆོད་པོ་རེད། སྤྱི་འཁྲུགས་ནས་བསྡད་ན་སོ་སོ་རང་ཡང་སྐྱིད་ཡ་ཁག་པོ་རེད། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་ནི་བྱུང་མྱོིང་རེད། ཡིན་ཡང༌། མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་བསྒྲུབས་བཞག་ཡོད་པ་དང༌། དེང་སང་ཡང་སང་རྒྱས་ཀྱི་བཀའ་མ་རེད་ཟེར་ནི་འདུག  ལྷག་པར་དུ་གསང་སྔག་སང་རྒྱས་ཀྱི་གསུང་གི་ནང་ཡོད་མ་རེད་ཟེར་མཁན་སྔོན་ཡང་བྱུང་ཡོད་ལ་དེང་སང་ཡང་བྱུང་ཡོད་རེད། ཡིན་ཡང༌། གསང་སྔག་ནང་དུ་ག་རེ་གསུངས་འདུག  ཐེག་པ་ཆེན་པོའི་ནང་དུ་ག་རེ་གསུངས་འདུག་པ་ཤེས་ཡ་དེ་གལ་ཆེན་པོ་རེད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཆོས་དེ་ཡང་ཚིག་ལ་མི་རྟོན་དོན་ལ་རྟོན། དོན་དེ་ཡང་དྲང་དོན་ལ་མི་རྟོན་ཉེ་དོན་ལ་རྟོན། ཉེ་དོན་དེ་ཡང་རྣམ་དཔྱོད་ལ་མི་རྟོན་ཡིད་ཆེས་ལ་རྟོན། དེ་གསུངས་དགོས་དོན་ནི། སངས་རྒྱས་བཅོམ་ལྡན་འདས་རང་གིས། “དགེ་སློང་དག་དང་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་པར་བྱ་ཡི་གུས་ཕྱིར་མིན།།” འདི་འདྲ་གསུངས་ཡོད་དུས། ན་ལེན་ཌའི་མཁས་པ་རྣམས་ཀྱིས་ཡང་རིག་པས་གནོིད་པ་འདུག་མིན་དང་རིག་པའི་སྒྲུག་བྱེད་ཀྱི་གནོིད་པ་ཡོད་མིན་སོགས་ཀྱིས་བརྟག་དཔྱད་བྱས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་བའི་བཀའ་ཡིན་པས་དེ་དེ་བཞིན་ནོ་བཅས་གསུངས་པ་དང༌། དཔེར་ན་སངས་རྒྱས་ཀྱི་བཀའ་ནང་དུ། “ཕོ་མོ་ལྔ་ནི་ཁོར་རོ། ཁོར་ཁོ་རང་ངོས་ནས་གང་ཟག་གོི”  ཞེས་གསུངས་འདུག དེས་ག་རེ་གསུང་གི་ཡོད་རེད་ཟེར་ན། ཕུང་པོ་ལས་གཞན་བདག་མེད་ཞེས་གསུང་ཡོད་རེད་སོགས་དེ་རིང་སྔ་དྲོར་གསུངས་ཆོས་གནང་པའི་ཕྱོགས་ཙམ་ཉུང་བཀོད་བྱས་པ་ཡིན།༽
གསར་འགོད་པ། ཆོས་ཉིད།
དེ་ཡང་མགོན་པོ་གང་ཉིད་ནས། ༼ཆོས་ཚང་མ་ལ་ལྟ་གྲུབ་མ་འདྲ་བ་རེ་ཡོད་པ་ཡིན་ནའང། བསླབ་བྱ་དེ་ནི་མི་བཟང་པོ་ཆགས་དགོས་པ་དང་ཡ་རབས་སྤྱོད་བཟང༌། ཆོས་ལུགས་ཚང་མར་གཞན་དོན་སྒྲུབ་དགོས་པ་ཟེར་བ་དེ་ཡིན་དུས། ཡི་ཤུས་ཆོས་དང་ཁ་ཆོས་ཆོས་སོགས་སུ་དེ་བཞིན་རེད་འདུག  དེ་འདྲ་ཡིན་ཙང༌། ཆོས་ལུགས་རྣམས་ཀྱི་བསླབ་བྱ་གཙོ་བོ་ནི། གཞན་དོན་ལག་ལེན་ཁེལ་བ་དང་གུས་ཞབས། ཕན་ཐོགས་དང་མཐུན་བསྒྲིལ་སོགས་ངོས་འཛིན་བྱས་ནས་ལག་ལེན་བྱེད་པ་ཞིག་རེད། ཤི་རི་ལངྒའི་ནང་དུ་ཧིན་དྷུ་དང་ནང་པ་གཉིས་ཀྱིས་ལྟ་བར་འགལ་ཟླ་ཞིག་ཡོང་གི་ཡོད་པ་དང༌། ཉེ་ཆར་ཡང་འབར་མ་དང་ཤི་རི་ལངྒའི་ནང་དུ་ནང་པ་དང་ཁ་ཆེའི་བར་ལ་ཡང་འགལ་བ་ཞིག་སླེབས་ཡོང་གི་ཡོད་འདུག  དེ་རིགས་ནི་ཧ་ཅང་གིས་ཐབས་སྐྱོ་བོ་རེད། ཆོས་ལུགས་སོ་སོ་ནས་སོ་སོ་ལ་ཁམས་དང་མོས་པ་མ་འདྲ་བའི་ལྟ་གྲུབ་དེའི་ཐོག་ནས་ཕན་གྱི་ཡོད་རེད། དེ་ཡོད་པ་ནི་མཁས་ལེན་བྱེད་དགོས་པ་འདུག བདེན་པ་གཅིག་དང་ཆོས་གཅིག་ཟེར་བ་ཞིག་ཆོས་ལུགས་སོ་སོའི་ནང་ན་གསུངས་ཡོད་པ་རེད།

སྤྱི་ཚོགས་སུ་བལྟས་ནས་བཤད་པ་ཡིན་ན། "ཆོས་འདུག བདེན་པ་འདུག"ཟེར་བ་དེ་ནི་དངོས་ཡོད་རེད། སོ་སོའི་ཁམས་དང་མོས་པ་ཞིག་བྱེད་པ་དེ་ནི་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་སུ་ཆ་བཞག་ན་ཡང༌། སྤྱི་ཚོགས་འདིའི་ནང་གི་མི་ཡོངས་རྫོགས་ནང་པའི་ཆོས་བྱེད་མཁན་ཆགས་དགོས་ཟེར་ན་དཀའ་ལས་ཁག་པོ་རེད། སོ་སོའི་ཁམས་དང་མོས་པ་མ་འདྲ་བའི་དབང་གིས་ཆོས་ལ་དད་པ་བྱེད་དགོས་ཟེར་ནས་ལབ་ཐུབ་ཀྱི་མ་རེད། ཟླ་བ་ཁ་ཤས་སྔོན་ལ་ངས་ཡིག་ཆ་ཞིག་མཐོང་སོང༌། འཛམ་བུ་གླིང་ལ་མི་གྲངས་དུང་ཕྱུར་༧༠ཡོད་པའི་ནང་ནས་དུང་ཕྱུར་༡༠་ལྷག་ཅིག་ཆོས་ལ་ཡིད་ཆེས་མེད་ཟེར་བར་འདུག  དེ་དངོས་ཡོད་གནས་ཚུལ་རེད། ང་ཚོས་གཅིག་གིས་གཅིག་ལ་གུས་ཞབས་དང་གཅིག་གིས་གཅིག་ལ་མི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་བཟུང་ནས་ཕན་ཐོག་ཡོད་པའི་ངོས་འཛིན་དང་འབྲེལ་བའི་སྒོ་ནས་གུས་ཞབས་བྱེད་པ་དེ་ནི་གལ་ཆེན་པོ་རེད། སོ་སོའི་དད་པ་དེ་སོ་སོའི་ཆོས་ལུགས་དེའི་ཐོག་བྱེད་དགོས།

ང་རང་ནི་ནང་པའི་ཆོས་ལུགས་པ་ཞིག་རེད། ང་རང་བོད་ལ་ཡོད་དུས་ཆོས་ལུགས་འདྲ་མིན་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། ལྷ་ས་ན་ཁ་ཆེས་ཁྱིམ་ཚང་བརྒྱ་ཉིས་བརྒྱ་ཞིག་མེད་འགྲོ། ཕལ་ཆེར་དུས་རབས་༡༧སྐབས་སུ་༧རྒྱལ་དབང་སྐུ་ཕྲེང་ལྔ་བས་ཁ་ཆེར་ལྷ་ཁང་བཟོ་བའི་ས་ཞིག་གནང་འདུག  གང་ལྟར། ཁ་ཆེས་ཆོས་ལུགས་ལ་ཡང་བརྩི་བཀུར་བྱས་ནས་སོ་སོའི་ཆོས་ལུགས་ཡར་རྒྱས་ཡོང་བ་ཞིག་བྱས་འདུག དེ་ནས་ང་ཚོ་རྒྱ་གར་ལ་ཚུར་སླེབས། བཙན་བྱོལ་ཆགས་པའི་སྐབས་འདིར་འཛམ་གླིང་འདིའི་སྒང་ནས་མི་རིགས་འདྲ་དངམི་འདྲར་ཐུག་སྟེ་ངོ་ཤེས་འདྲ་ཞིག་ཆགས་དུས། ཡི་ཤུས་ཆོས་པ་ངོ་ཤེས་ཡོད། ངོས་གནས་དྲང་ནས་རླབས་ཆེན་པོ་རེད། ཉམས་ལེན་བྱས་ནས་སེམས་པ་བཟང་པོ། གཞན་ལ་ཕན་ཐོག་པའི་སྒོ་ནས་འགྲོ་བ་ནི་ཁ་ཆེས་དང་ཇེའུ་སོགས་སུ་དེ་འདྲའི་མི་བཟང་པོ་དང་མི་ཡ་རབས་སྤྱོད་བཟང༌། ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ལག་ལེན་བསྟར་བ་དེའི་རིགས་ལ་སོ་སོའི་ཆོས་ལུགས་དེའི་ཐོག་ནས་དེ་འདྲ་ཞིག་བྱུང་བ་རེད། དེ་འདྲ་ཡིན་དུས། ཆོས་ལུགས་དེ་ཚང་མ་མི་ལ་ཕན་ཐོག་ཡོད་པ་ཞིག་རེད་འདུག ང་རང་གིས་ངོས་ནས་ཆོས་ལུགས་ཚང་མ་ཕན་ཚུན་མཐུན་པོ་ཡོང་བར་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་ནས་ཆོས་ལ་དད་པ་མེད་མཁན་གྱི་མི་ཕོན་ཆེན་པོ་ཞིག་ཡོད་པ་རེད། དེའི་རིགས་དེར་ཕྱོགས་གཅིག་ནས་ཁོ་རང་ཚོའི་ངོས་ནས་ཀྱང་རང་ཉིད་མི་ཡིན་པ་དང༌། སྡུག་བསྔལ་མི་འདོད་པར་བདེ་བ་འདོད་པ་གཅིག་པ་རེད། ཁོ་ཚོ་ལ་ཆོས་དད་ཡོད་པ་མ་རེད་ཟེར་ནས་ཕར་བཞག་བཞག་པ་ཞིག་མ་ཡིན་པར། མི་གཅིག་གྱུར་གྱི་འདུ་ཤེས་བཞག་ནས། སངས་རྒྱས་གཞུང་ལས་ཀྱང་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་རེད།

ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་འཛམ་བུ་གླིང་འདིའི་སྒང་ནས་འགྲོ་བ་མིའི་ཐུགས་རྒྱུད་དང་བསྟུན་ཤེས་བྱས་ཏེ་གཅིག་གྱུར་གྱི་འདུ་ཤེས་བཞག་རྒྱུ་དེ་ནི་གནད་འགག་ཆེན་པོ་རེད་འདུག དེ་འདྲ་ཡིན་པའི་ཆ་ནས། ཆོས་དད་མེད་པ་དེ་ཚོ་ལ་ཡང་སྒེར་སོ་སོའི་ངོས་ནས་མི་ཚེ་སྐྱིད་པོ་དང་སེམས་སྐྱིད་པོ་བྱུང་དུ་འཇུག་པར་ང་ཚོར་འགན་ཡོད་རེད། ཆོས་དད་མེད་པ་ཚོ་ལ་ཡང་ཡ་རབས་དང་སེམས་པ་བཟང་པོ་བྱེད་དགོས་ཡ་ཁོ་རང་ཚོ་ལ་གལ་ཆེན་པོ་ཡིན་པ་དང་འགན་ཞིག་ཏུ་གྱུར་ཡོད་རེད།
སེམས་པ་སྐྱིད་པོ་ཡོད་པ་ཙམ་གྱིས་སེམས་ལ་སྙིང་སྟོབས་ཡོད་པ་དང་སེམས་ལ་སྙིང་སྟོབས་མེད་ན་འཇིགས་སྣང་ཡོད་པ་ཞིག འཇིག་སྣང་ཡོད་དུས་སེམས་དེ་ལ་དངས་སྐྲག་སོགས་སྐྱེས་པ་དང༌། དེ་ནས་ཁྱིམ་ཚང་ནང་ལ་འཁྲུགས། སྤྱི་ཚོགས་ནང་ལ་འཁྲུགས་པར་བྱེད་པས་ན། བདེ་སྐྱིད་ཟེར་བ་དེ་ནི་སེམས་ཀྱི་སྲོག་ཅིག་རེད་འདུག ནང་སེམས་ཀྱི་བདེ་སྐྱིད་ཡོང་བ་དེ་མ་འཛོམས་ན། ཕྱིའི་དཔལ་འབྱོར་ལ་འབྱོར་ལྡན་དང་ཕྱུག་པོ་ག་འདྲ་ཆགས་ཀྱང་སྐྱིད་པ་ཞིག་མི་ཡོང་བ་ཆགས་ཀྱི་འདུག

ཆོས་དད་མེད་པ་ཚོས་ཀྱང༌། ཆོས་གང་ཡང་མ་ཤེས་ན་འགྲིག་གི་རེད། ཡིན་ནའང༌། ནང་སེམས་ཀྱི་བདེ་སྐྱིད་ཡོང་བའི་རྩ་བ་དེ་ནི་སེམས་པ་བཟང་པོ་ཡིན་པ་ཤེས་པ་ནི་གལ་ཆེན་པོ་རེད་འདུག  འདི་ནི་སྨོན་ལམ་རྒྱབ་ནས་འགྲུབ་པ་ཞིག་མ་རེད། སྨོན་ལམ་རྒྱབ་ནས་སེམས་བཟང་པོ་བཟོ་གི་ཡོད་ཟེར་བ་ཞིག་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་གདུལ་བྱའི་ཁམས་དང་མོས་པ་དང་དབང་པོ་དང་བསྟུན་ནས་ཆོས་གསུངས་དགོས་པ་གསུངས་འདུག  དེ་ཡིན་ན་ཆོས་དད་མེད་པ་དེ་ཚོར་ཡང་རན་པའི་བསླབ་བྱ་ཞིག་ཏན་ཏན་གསུང་གི་རེད། ཨུ་ཚུགས་སྐྱོན་ནས་ཁྱོད་རང་ཡིད་ཆེ་བྱེད་དགོས་ཟེར་ན་ཡོང་གི་མ་རེད། ནམ་རྒྱུན་ང་སུ་ལ་ཐུག་ན་ཡང་མི་དང་མི་ཐུག་གི་ཡོད་བསམ་པ་མ་གཏོགས། ང་ནང་པ་ཡིན། ང་ཆོས་པ་ཡིན། ང་ཨེ་ཤ་ཡ་ཡིན་ཟེར་བའི་སོ་སོ་གཅིག་པོ་ཆགས་བསྡད་པ་ཞིག་ཡིན་དུས། སྤྱི་ཚོགས་ལ་བརྟེན་པའི་སྡུག་བསྔལ་ཞིག་ཡིན་པའི་ཆ་ནས། མི་དང་མིའི་བར་གྱི་བརྩེ་བ། མི་དང་མིའི་བར་ལ་འགྲིག་མཐུན་བྱུང་བ་དེ་ནི་བྱེ་དྲག་གལ་ཆེན་པོ་རེད་འདུག

སྤྱི་ལ་ཕན་པའི་བྱ་བ་བྱེད་རྒྱུ་གལ་ཆེན་པོ་རེད། སྤྱི་བདེ་ན་རང་བདེ་བ་དེ་ནི་ཐག་ཆོད་པོ་རེད། སྤྱི་འཁྲུགས་ནས་བསྡད་ན་སོ་སོ་རང་ཡང་སྐྱིད་ཡ་ཁག་པོ་རེད། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་བ་ནི་བྱུང་མྱོིང་བ་རེད། ཡིན་ཡང༌། མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་བསྒྲུབས་བཞག་ཡོད་པ་དང༌། དེང་སང་ཡང་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་མཁན་འདུག  ལྷག་པར་དུ་གསང་བསྔགས་སངས་རྒྱས་ཀྱིས་གསུང་གི་ནང་ཡོད་མ་རེད་ཟེར་མཁན་སྔོན་ཡང་བྱུང་ཡོད་ལ་དེང་སང་ཡང་ཡོང་གི་ཡོད་པ་རེད། ཡིན་ཡང༌། གསང་བསྔགས་ནང་དུ་ག་རེ་གསུངས་འདུག  ཐེག་པ་ཆེན་པོའི་ནང་དུ་ག་རེ་གསུངས་འདུག་པ་ཤེས་བ་དེ་ནི་གལ་ཆེན་པོ་རེད། "གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཆོས་དེ་ཡང་ཚིག་ལ་མི་རྟོན་དོན་ལ་རྟོན། དོན་དེ་ཡང་དྲང་དོན་ལ་མི་རྟོན་ཉེ་དོན་ལ་རྟོན། ཉེ་དོན་དེ་ཡང་རྣམ་དཔྱོད་ལ་མི་རྟོན་ཡིད་ཆེས་ལ་རྟོན།" དེ་གསུངས་དགོས་དོན་ནི། སངས་རྒྱས་བཅོམ་ལྡན་འདས་རང་གིས། “དགེ་སློང་དག་དང་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་པར་བྱ་ཡི་གུས་ཕྱིར་མིན།།” འདི་འདྲ་གསུངས་ཡོད་དུས། ན་ལེ་དྲའི་མཁས་པ་རྣམས་ཀྱིས་ཡང་རིག་པས་གནོད་པ་འདུག་མིན་དང་རིག་པའི་སྒྲུབ་བྱེད་ཀྱི་གནོིད་པ་ཡོད་མིན་སོགས་ཀྱིས་བརྟག་དཔྱད་བྱས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཡིན་པས་དེ་དེ་བཞིན་ནོ་བཅས་གསུངས་པ་དང༌། དཔེར་ན་སངས་རྒྱས་ཀྱི་བཀའ་ནང་དུ། “ཕུང་པོ་ལྔ་ནི་འཁོར་རོ། འཁོར་རང་ངོས་ནས་གང་ཟག་གོ”  ཞེས་གསུངས་འདུག དེས་ག་རེ་གསུང་གི་ཡོད་རེད་ཟེར་ན། ཕུང་པོ་ལས་གཞན་བདག་མེད་ཞེས་གསུང་ཡོད་རེད་ཅེས་སོགས་བཀའ་གནང་སོང་། དེ་རིང་སྔ་དྲོར་གསུང་ཆོས་གནང་པའི་ཕྱོགས་ཙམ་ཉུང་བཀོད་བྱས་པ་ཡིན།༽

གསར་འགོད་པ། ཆོས་ཉིད།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།