༧རྒྱལ་བ་ཀརྨ་པས་ཕྱི་སྐྱེས་ན་གཞོན་ལ་བཀའ་སློབ་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༩།༣ཉིན་སྤེལ། ཕྱིའི་རྒྱལ་ཁབ་ནས་སྐྱེས་བའི་བོད་པའི་ན་གཞོན་ཚོགས་པ་མི་གྲངས་༦༠ལྷག་ཅིག་དབྱར་སྐྱིད་ཀྱི་ལས་འཆར་དང་བསྟུན་ནས་རྒྱ་གར་ནང་དུ། བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ལ་སྦྱང་བ་དང་ཉམས་མྱོང་སོགས་གསོག་ཏུ་ཡོང་བ་ཞིག་རེད། ཕྱི་སྐྱེས་ན་གཞོན་དེ་དག་ནི་སི་ཟི་ལཎ་དང་ཁ་ཎ་ཌ། ཨ་རི། ཧྥ་རན་སི། ཨེར་ལཎ་སོགས་ནས་ཡོང་བ་རེད་འདུག

སྤྱི་ཟླ་༨ ཚེས་༣ཉིན་ལ་ཁོང་ཅག་༧རྒྱལ་བ་ཀརྨ་པ་མཆོག་ལ་མཇལ་ཁ་གནང་བ་དང་ ༧རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་དོན། "བོད་ནང་གི་ད་ལྟའི་གནས་བབ་ཛ་དྲག་དང་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་སྡུག་སྦྱོང་མནར་གཅོད་མང་པོ་མྱོང་དང་མྱང་བཞིན་པའི་སྐབས་འདིར། བཙན་བྱོལ་གྱི་ན་གཞོན་དག་ལ་དམིགས་བསལ་གྱིས་འགན་ཁུར་ཆེན་པོ་ཡོད་པ་མ་ཟད། ང་ཚོ་རང་དབང་རྒྱལ་ཁབ་ན་ཡོད་པའི་བོད་མི་དེ་ཚོས་སོ་སོ་རང་ངོས་ནས་འགན་ཞིག་འཁུར་དགོས་པ་དང་། བོད་ཀྱི་བསྟན་པ་དང་ཆབ་སྲིད། བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་སྲོལ་ལ་དོ་སྣང་དང་ཐུགས་ཁུར་ཆེན་པོ་བྱེད་དགོས་པའི་"བཀའ་གནང་མཛད་འདུག

དེ་བཞིན་ “འཛམ་གླིང་གི་རང་དབང་རྒྱལ་ཁབ་གང་སར་འཐོར་བའི་ཕྱི་སྡོད་བོད་མི་ཚང་མས། རང་སོ་སོའི་འོས་འགན་དང་རང་གི་ཕུགས་འདུན་སོགས་གཞན་ཞིག་གིས་བཤད་མ་དགོས་པའི་སྒང་ནས་ཧ་གོ་དགོས་པ་རེད།”ཞེས་གསུངས་ཡོད་འདུག

དེ་རྗེས “སྤྱི་བཏང་གིས་ཁྱེད་ཚོ་ཚང་མ་ཁོར་ཡུག་དང་ས་ཁུལ་མ་འདྲ་བ། གཞན་གྱི་རིག་གཞུང་ཁྲོད་ནས་འཚར་ལོང་བྱུང་སྟེ་གནས་སྡོད་བྱས་པ་སོགས་ཀྱི་གནས་སྟངས་ནས་ཡོང་བ་ཞིག་ཡིན་དུས། བོད་ཀྱི་བོད་ཡིག་སྦྱང་པ། བོད་སྐད་བཤད་པ། བོད་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་སྦྱང་བ་བྱེད་པར་ཧ་ཅང་དཀའ་ལས་ཡོད་པ་ཞིག་ཆགས་ཡོད་ཀྱང་། ངའི་རེ་བ་ཡིན་ན་ཁྱོད་ཚོས་དཀའ་ངལ་དང་གནོན་ཤུགས་སོགས་སུ་གདོང་ལེན་བྱས་ཏེ་སྙིང་སྟོབས་ཆེན་པོ་བསྐྱེད་དགོས”ཞེས་གསུངས་གནང་ཡོད་འདུག

མཇུག་མཐར། ༧རྒྱལ་བ་ཀརྨ་མཆོག་གིས་ “ཁྱོད་ཚོའི་ཕ་མ་རྣམས་ནི་བོད་ཀྱི་ཡུལ་སྲོལ་གོམ་གཤིས་དང་ཆོས་དང་རིག་གཞུང་ལ་དགའ་མཁན་ཤ་སྟག་ཡིན་པ་མ་ཟད། ཁོང་ཚོའི་བུ་ཕྲུག་ཚོ་འདི་ལྟར་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམ་གཤིས་ལ་སྦྱང་པ་དང་ཉམས་མྱོང་གསོག་ཆེད་རྒྱ་གར་ལ་མངག་པ་འདིར་སྙིང་ཐེག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།”ཞེས་བཀའ་གསུངས་གནང་ཡོད་པ་འདི་ནི་དྲ་གནས་གསར་འགྱུར་ཁག་ན་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།