༧གོང་ས་མཆོག་གི་མཛད་འཕྲིན་ཉུང་བསྡུས་ཤིག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༨།༣༡ཉིན་སྤེལ། ༧གོང་ས་མཆོག་གིས་མཛད་འཕྲིན་ཉུང་བསྡུས། ད་རེས་སྤྱི་ཟླ་༩ བ་ནས་ཡོ་རོབ་ལ་མ་ཕེབས་སྔོན་གྱི་ཉིན་ལྔའི་ནང་དུ་བཞུགས་སྒར་དྷ་ས་ནས་སྤྱོད་འཇུག་གསུང་རྒྱུ་དང་ཚེས་༩ ནས་ཡོ་རོབ་ཁག་ལ་མཆིབས་སྒྱུར་གནང་ནས་མཛད་འཕྲིན་ག་རེ་གནང་རྒྱུ་ཡིན་སྐོར་གྱི་གསར་འགྱུར་རག་ཚོད་ཅིག་ཡིན།

༧གོང་ས་མཆོག་གིས་མཛད་འཕྲིན་ལྟར་དུ་ཡོ་རོབ་ལ་མ་ཕེབས་པའི་སྔོན་གྱི་ཉིན་བཅུའི་རིང་ལ་ཨེ་ཤ་ཡ་ཤར་ལྷོའི་ཚོགས་པ་ཞིག་གིས་ཆོས་ཞུ་གནང་པ་ལྟར་གྱིས། ད་རེས་སྤྱི་ཟླ་༩པའི་༣ནས་༥བར་དུ་སྤྱོད་འཇུག་གསུང་རྒྱུ་ཡིན་འདུག

དེའི་རྗེས་སྤྱི་ཟླ་༩ ཆེས་༩ ནས་ཉིན་བཅུའི་རིང་ལ་ཡོ་རོབ་ཀྱི་ཡུལ་གྲུ་ལ་ཏི་ཝི་ཡ། ལོ་ཐུའུ་ཝི་ནི་ཡ། ཅིག་སྤྱི་མཐུན་རྒྱལ་ཁབ། རྗི་མི་ནིས་སོགས་སུ་ཕེབས་ཏེ། བརྗོད་གཞི་འདྲ་མིན་སྒང་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག

ད་རེས་ཚེས་༩ ལ་ལཱ་ཀྲེ་བེ་ཡའི་རྒྱལ་ས་རི་ངྒལ་ནས་༧གོང་ས་མཆོག་གིས་བྱམས་བརྩེ་གཞུང་ལུགས་སྐོར་ནས་གསུང་རྒྱུ་ཡིན་འདུག

ཚེས་༡༣ ཉིན་ལཱ་ཀྲེ་བེ་ཡའི་ནང་གི་ཡུལ་གྲོང་བཱེ་ལི་ནིས་ཟི་ནས་བྱམས་བརྩེ་དང་བདེ་སྐྱིད་ཀྱི་ལམ་བུ་སྐོར་ནས་གསུང་རྒྱུ་ཡིན་འདུག

ཚེས་༡༤ ཉིན་རྒྱབ་ནས་ཅིག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་ལུང་ཁྲེབ་ཟི་པོ་ཁྲཱི་ཨ་རེ་ནཱ་ནས་༧གོང་ས་མཆོག་གིས་བྱམས་བརྕེ་དང་གུས་བཀུར་གྱི་སྐོར་དང་། ཚེས་༡༥ ཉིན་ལ་ས་གནས་དེ་གར་དགེ་བཤེས་གླིང་རི་ཐང་བའི་བློ་སྦྱོང་ཚིག་བརྒྱད་མ་གསུང་རྒྱུ་ཡིན་འདུག

ཚེས་༡༨ ཉིན་རྗིར་མི་ནིས་ཀྱི་ཡུལ་གྲུ་ཧན་འོ་བིར་ནང་དུ་བྱམས་བརྩེ་དང་བཟོད་སྲན་སྐོར་གསུང་རྒྱུ་ཡིན་འདུག

ཚེས་༡༩ ཉིན་རྗིར་མི་ནིས་ཀྱི་ཡུལ་གྲུ་སི་ཀྲིམ་ཧོའུ་ཀྲི་ནང་དུ་བྱམས་བརྩེ་དང་གདུང་སེམས་མཉམ་བསྐྱེད་སྐོར་ཤུགས་ཆེན་ཡིན་པ་གསུང་རྒྱུ་ཡིན་འདུག

ག་དུས་ཡིན་ཡང་། ༧གོང་ས་མཆོག་འཛམ་གླིང་གི་གང་སར་ཕེབས་པ་ཡིན་ནའང། གཞི་རྩའི་འགྲོ་བ་མིའི་རིན་ཐང་སྒང་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་གསུངས་ཀྱི་ཡོད་རེད། རྩ་དོན་གསུམ་གྱི་སྒང་ནས་འགྲོ་བ་མིའི་བྱམས་བརྩེ་གོང་མཐོར་གཏོང་བ་ནི་མི་ཞིག་ཡིན་པའི་ངོས་ནས་མེད་དུ་མི་རུང་བའི་བདེན་དོན་ཞིག་ཡིན་གསུངས་གནངས་བསྟུད་མར་མཛད་ཀྱིན་ཡོད་རེད།

གསར་འགོད་པ། ཆོས་ཉིད་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།