རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་གསར་འདེམས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ ཟླ་ ༨ ཚེས་ ༣༡ རེས་གཟའ་པ་སངས།
ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༩ རེས་གཟའ་ཕུར་བུའི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ལ་རྡ་སར་རྟེན་གཞི་བྱས་པའི་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ (Indo Tibetan Friendship Association) རྒྱུན་ལས་གསར་འདེམས་བྱུང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་གཉིས་སུ་མཇལ་འཕྲད་གནང་ཡོད་འདུག

དེ་བཞིན་རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས་ཀྱིས་རྡ་སའི་ཁོར་ཡུག་སྲུང་སྐྱོབ་དང། རྒྱ་གར་བ་དང་བོད་མིའི་དབར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ། རྡ་སའི་སྲང་ལམ་དང་གཞུང་ལམ་སོགས་འཛུགས་སྐྲུན་གྱི་ལས་གཞི་དང། ཁྲོམ་གཞུང་ཐོག་སྣུམ་འཁོར་གྱི་འགྲོ་ལམ་འགག་པའི་དཀའ་ངལ། ད་དུང་ལས་འགུལ་གཞན་སྤེལ་སྐབས་གང་ཐུབ་ཀྱི་འཕགས་བོད་མི་རིགས་གཉིས་ཀྱིས་ཕྱར་གྲུ་མཉམ་འདེགས་ཡོང་རྒྱུའི་ཐབས་ལམ་འཚོལ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་སྔ་ལོ་ལྟར་རྒྱལ་སྤྱིའི་ཧི་མཱ་ལ་ཡི་དུས་སྟོན། (Himalayan Festival) ཞེས་པ་དེ་གོ་སྒྲིག་ཞུ་བཞིན་ཡོད་ཀྱང་འདས་པའི་ལོ་གཉིས་རིང་དེ་ལྟར་གོ་སྒྲིག་ཞུ་ཐུབ་མེད་ཀྱང། འདི་ལོའི་ཕྱི་ཟླ་ ༡༢ ནང་གོ་སྒྲིག་ཞུ་འཆར་ཡོད་སྐོར་སོགས་ཡང་གསུངས་གནང་མཛད་འདུག

ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྡ་སའི་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་ཚོགས་མི་རྣམས་ཀྱི་ལས་དོན་ལ་བསྔགས་བརྗོད་གནང་བ་མ་ཟད། འབྱུང་འགྱུར་ཚོགས་པའི་ལས་དོན་ཇི་སྤེལ་ཐོག་མཐུན་འགྱུར་རོགས་རམ་གང་ཡོང་གནང་རྒྱུ་དང། ལྷག་པར་ཧི་མཱ་ལ་ཡི་དུས་སྟོན་ལྟ་བུར་མཚོན་ན། འབྲེལ་ཡོད་བོད་མིའི་ས་གནས་འགོ་འཛིན་ལས་ཁང་ལ་མཐུན་འགྱུར་གང་ཡོང་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུའི་ཁས་ལེན་གནང་ཡོད་འདུག གཞན་ཡང་མཇལ་འཕྲད་སྐབས་རྡ་སའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་གཙོས་ཚོགས་མི་བཅུ་ཕེབས་འདུག་པ་བཅས་གསར་འགྱུར་དྲ་ལམ་ཁག་ཏུ་སྤེལ་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།