ཨ་རུ་ན་ཅལ་ཆབ་སྲིད་ཚོགས་པའི་མི་ལྔ་དྷ་སར་ཕེབས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།


༢༠༡༣ཟླ་༨ཚེས་༣༠ཉིན་སྤེལ། རྒྱ་གར་ཆབ་སྲིད་ཚོགས་པ་ National People’s Congress (NPC) ལྡི་ལིར་ལྷན་ཚོགས་གྲུབ་མཚམས་ཨ་རུ་ན་ཅལ་ཁུལ་གྱི་ཚོགས་མི་ལྔ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུར་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༨ ནས་༢༩ ཉིན་གཉིས་རིང་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཡོད་འདུག
སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སྐུ་མགྲོན་རྣམ་པར་སྣེ་ལེན་གནང་སྟེ། ཕྱི་ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་རྒྱ་གར་བྱང་ཤར་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་པོ་མཆོག་བཅས་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་མོལ་གནང་ཡོད་པ་མ་ཟད། ཕྱི་དྲིལ་བཀའ་བློན་མཆོག་དང་དྲུང་ཆེ་བཅས་ཀྱང་མཇལ་འཕྲད་གནང་སྟེ་གསུང་མོལ་གནང་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།