རྒྱ་གར་གྱི་མངའ་སྡེ་ཁག་འགར་བོད་དོན་ཞུ་གཏུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ལོའི་ཟླ་༨ཚེས་༢༦ཉིན། བོད་མི་མང་སྤྱི་ཁག་ཅིག་ནས་རྒྱ་གར་མངའ་སྡེ་ཁག་འགའ་ཤས་སུ་བོད་དོན་ཞུ་གཏུགས་ཆེད་བསྐོར་བསྐྱོད་གནང་བཞིན་ཡོད་པའི་སྐོར་འདི་ག་གསར་ཁང་དུ་བཏང་འབྱོར་བྱུང་བའི་གནས་ཚུལ་ལ་གཟིགས།

༢༠༡༣ལོའི་ཟླ་༨ཚེས་༢༦ཉིན། བོད་མི་མང་སྤྱི་ཁག་ཅིག་ནས་རྒྱ་གར་མངའ་སྡེ་ཁག་འགའ་ཤས་སུ་བོད་དོན་ཞུ་གཏུགས་ཆེད་ཕྱོགས་བསྐྱོད་གནང་བཞིན་ཡོད་པའི་སྐོར་འདི་ག་གསར་ཁང་དུ་བཏང་འབྱོར་བྱུང་བའི་གནས་ཚུལ་ལ་གཟིགས།

དེ་ཡང་གནས་ཚུལ་དུ་འཁོད་དོན། བོད་ནི་ད་ལྟའི་ཆར་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་ཡུལ་ཆེ་ཤོས་དང༌། ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད་ཅེས་ཞུ་གཏུགས་གནང་སྐབས་ཞུས་ཡོད་ལུགས་གསུངས་འདུག ༼ལྷོ་ཕྱོགས་མངའ་སྡེ་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་ཞུ་གཏུགས་ཐེངས་དང་པོ་༢༠༡༣ཟླ་༡ཚེས༡ཉིན་ནས་ཚེས་༢༥བར་ཀ་ཎ་ཊ་ཀའི་མངའ་སྡེ་དང༌། ༢ ཨ་དྷ་ར་པི་ར་དྷེ་ཤི། ༣ཀེ་ར་ལ། ཏ་མིལ་ཎ་དྷུ། ༥པོན་ཌི་ཅ་རི་བཅས་མངའ་སྡེ་ཁག་ལྔ་བསྐོར་བསྐྱོད་གནང་ཟིན་པ་དང༌། ཞུ་གཏུགས་ཐེངས་གཉིས་པ་ཟླ་འདིའི་ཚེས་༢༤་ནས་འགོ་བཙུགས་ནས། ༡གྷོ་བ་མངའ་སྡེ། ༢མ་ཧ་ར་ཤི་ཏི་ར་མངའ་སྡེ། ༣གྷུ་ཇུ་ར་ཏི་མངའ་སྡེ། ༤་ར་ཇེི་སི་ཐན་མངའ་སྡེ་བཅས་མངའ་སྡེ་བཞི་སྐོར་རྒྱུ་ཡིན་ཞིང༌། ཚེས་༢༤ཉིན་གྷོ་བ་མངའ་སྡེའི་ཀོ་ལེན་གྷོ་ས་གནས་ལ་སྤྱི་འཐུས་འཇིག་མེད་ལགས་དང༌། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། ཕྲིན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་བཅས་ལྷན་འཛམ་གྱི་ཕྱི་དྲོ་ཚོུད་༧་པར་ཁྲིམས་རྩོད་པ་བེ་ཀ་རམ་བེ་མར་མཆོག་དང༌། ཚོུད་༨་༣༠ཐོག་སྨན་པ་ཨ་ནི་ཏ་མཆོག་དང་མཇལ། བོད་ནང་གི་ཛ་དྲག་གནས་ཚུལ་དང་ཞུ་གཏུགས་ལས་འགུལ་གྱི་དགོས་དམིགས་སོགས་ངོ་སྤྲོད་ཞུས།


ཁོང་གཉིས་ནི་བོད་དོན་ལ་ཐུགས་སྣང་ཆེ་ཞིང་བོད་པར་གདུང་སེམས་མཉམ་བསྐྱེད་གནང་མཁན་བོད་ཀྱི་ས་གནས་འདིའི་གྲོགས་པོ་ཡག་ཤོས་ཞིག་རེད་འདུག མངའ་སྡེ་འདིར་ལས་འགུལ་གང་སྤེལ་ཡང་ཁོང་གཉིས་ནས་ཕྱག་རོགས་གནང་གི་ཡིན་གསུངས་འདུག ཚེས་༢༥ཉིན་གྱི་སྔ་དྲོ་ཚོུད་༩་༣༠ཐོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གཞོན་པ་ཕྷ་རན་སེས་ཀོ་ཌི་སི་མཆོག་ལ་མཇལ་འཕྲད་ཞུས། རྒྱ་གར་ནི་བོད་ཀྱི་འདས་མ་ད་གསུམ་ལ་གལ་དང་དཀའ་དྲིན་ཇི་ལྟར་ཆེ་ཚུལ་དང༌། དེ་བཞིན་རྒྱ་ནག་གི་ཡ་ང་སྙིང་བརྗེ་མེད་པའི་སྡུག་བཙུབ། དེའི་འོག་ཏུ་བོད་ཀྱི་ཛ་དྲག་སྤྱི་དང་ལྷག་པར་སྐུ་ལུས་མེར་སྲེག་སྐོར་ངོ་སྤྲོད་ཞུས།


བློན་ཆེན་མཆོག་ནི་བོད་དོན་ལ་ཐུགས་སྣང་དང་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་མཁན་ཞིག་རེད་འདུག་པ་དང། ཁོང་གིས་གསུངས་དོན། བོད་ནི་ད་ལྟའི་ཆར་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབ་ཡུལ་ཆེ་ཤོས་དང༌། ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་གིས་དེ་ཙམ་ཐུགས་ཁུར་གནང་གི་མི་འདུག་པས་དེ་ནི་ཧ་ཅང་གི་བློ་ཕམ་རེད་ཅེས་དང༌། བློན་ཆེན་མཆོག་གིས་ནམ་ཡང་བོད་དང་བོད་མི་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་སོགས་གསུངས། ཕྱི་དྲོ་ཚོུད་༧པར་ཁུལ་དེར་ཡོད་པའི་བོད་རིགས་ཚོ་དང་ཐུག་འཕྲད་སྐབས་སུ་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤིརི་པད་ན་ཡར་མཆོག་ཚེས་༢༦ཉིན་གྱི་སྔ་དྲོ་ལྡི་ལར་ཕེབས་དགོས་ཡོད་པས་མཚན་ཚོུད་༩་༡༥ཐོག་མཇལ་འཕྲད་ཞུ་བ་བཅར། ཁོང་དང་ལྷན་དུ་གསར་འགོད་པ་གྲགས་ཅན་སན་ཇེ་སིན་ཧ་མཆོག་ཀྱང་ཕེབས་འདུག


བོད་དོན་ཐོག་ཚོུད་གཅིག་ལྷག་ཙམ་རིང་བགྲོད་གླེང་གནང་བ་དང༌། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མི་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་ཤུགས་ཆེན་པོས་གསུངས། མཚན་ཚོུད་༡༠་༣༠་ཐོད་འགྲོན་ཁང་དུ་འབྱོར་བ་སོགས་ཀྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་གྷོ་བ་ནས་འགོ་བཙུགས་པའི་ལས་བསྡོམས་མདོར་བསྡུས་ཞིག༽ ཅེས་འཁོད་འདུག
ཕྱི་ལོ་༢༠༡༣ཟླ་༨ཚེས་༢༦ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ནས།
འབྲེལ་བ་གང་ཡུལ་ཁ་པར་ཨང༌།
༨༦༢༨༨༥༨༣༧༦ ༨༦༣༧༩༣༢༩༩༡༢།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།