སླར་ཡང་བལ་ཡུལ་དུ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༦ ཉིན་སྤེལ། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་མར་དགེ་འདུན་པ་ཀརྨ་ངེས་དོན་རྒྱ་མཚོ་ཡིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

དེ་ཡང་དེ་རིང་ཟླ་༨ ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ ཡས་མས་སུ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་མར། ཕ་ཡུལ་བོད་ལྗོངས་ནག་ཆུ་ཁུལ་འདམ་གཞུང་ནས་ཡིན་པའི་དགེ་འདུན་པ་ཀརྨ་ངེས་དོན་རྒྱ་མཚོ་ཡིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་། ཁོང་གིས་རང་ལུས་མེར་བསྲེགས་བཏང་རྗེས་སུ་བལ་ཡུལ་ཉེན་རྟོག་པས་ཁོང་གི་ཕུང་པོ་བཙན་ཁྱེར་བྱས་ཏེ་འབྲེལ་ཡོད་ལ་རྩིས་སྤྲོད་བྱས་མེད་པ་རེད་འདུག དགེ་འདུན་པ་ཁོང་ནི་རང་ལོ་ ༣༩ ཡིན་ཞིང་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་འདུག
གསར་འགོད་པ་དོན་འགྲུབ

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།