བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༨པའི་ཚེས་༡༣ཉིན་སྤེལ། ༄༅།།ཕྱི་ལོ་༢༠༠༩ཟླ་༨ཚེས་༡༡ཉིན་སྔ་དྲོ་ཆུ་ཚོད་༩པར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང༌།དེ་བཞིན་འཕྲོད་བསྟེན་གྱི་བཀའ་བློན་མཆོགམང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ།རང་གཞུང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ།གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་སོགས་བོད་གཞུང་ཟློས་གར་ཚོགས་པའི་སྤྲོད་སྐྱིད་ཁང་དུ་འདུ་འཛོམས་ཀྱིས་ཐོག་མར་ཟློས་གར་གྱི་སྤྱི་ཁྱབ་འགན་འཛིན་དབང་ཕྱུག་ཕ་ཟུར་ལགས་ནས་ྋགོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བོད་གཞུང་ཟློས་གར་གྱི་སྐལ་བཟང་ཕོ་བྲང་གཟིམ་ཆུང་ནས་སྤོས་སྣེས་སྔོན་བསུ་དང༌།ཆབས་ཅིག་མདའ་མ་བསུ་སྣེས་ཕེབས་བརྡ་ཕུལ་ཏེ་ཞི་བདེ་སྤྲོད་སྐྱིད་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས་འགན་འཛིན་ནས་མཎྜལ་རྟེན་གསུམ་འདེགས་འབུལ་སྐབས་རྣམ་གྲྭའི་དགེ་འདུན་པས་ཞལ་འདོན་དབུ་འཛུགས་གནང་བ་དང་ལྷན་སྐུ་མགྲོན་གཙོ་བོ་མཆོག་ནས་དབུས་སྐུ་མགྲོན་རྣམ་པས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་རྗེས་མཛད་བཅར་བ་རྣམས་ལ་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་གནང༌། དེ་ནས་བོད་གཞུང་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་དུས་དྲན་ངོ་སྤྲོད་དང་སྦྲགས་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༥༠འཁོར་བའི་དུས་དྲན་སྲུང་བརྩི་དང་ཆབས་ཅིག་ཟློས་གར་གྱི་དངོས་བྱུང་འཕེལ་རིམ་སྙིང་བསྡུས་ཤིག་བརྙན་འཕྲིན་ལམ་ནས་དེར་བཞུགས་སྐུ་མགྲོན་རྣམས་ལ་བསྟན་ཡོད།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་ཞབས་ལོ་༢༠འཁོར་བའི་ཚོགས་མི་རྣམས་དང༌།འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་དང་བྲོ་པ་གཞོན་པའི་ཡིག་རྒྱུགས་བསླབ་པ་མཐར་སོན་རྣམས་ལ་བྱ་དགའ་གནང་རྗེས་གསུང་བཤད་གནང་གསལ།ཕྱི་ལོ་༡༩༥༩ནས་ང་ཚོ་བོད་པ་བཙན་བྱོལ་དུ་གྱར་ཏེ་དཀའ་ངལ་ག་ཚོད་མྱངས་ཡོད་པ་གོང་དུ་བསྟན་པའི་བརྙན་འཕྲིན་དེ་ནས་རྟོགས་ཐུབ།དེ་བཞིན་བོད་གཞུང་ཟློས་གར་ཚོགས་པས་ཀྱང་ངལ་བ་ཁྱད་དུ་བསད་ནས་བོད་ཀྱི་ཟློ་གར་ཐོག་ལ་གང་ཞིག་གནང་ཡོད་མེད་ནི་ད་ལྟ་བསྟན་པའི་བརྙན་འཕྲིན་འདིའི་ནང་ནས་ཤེས་ངེས་ཡིན།དེ་ལྟ་བུའི་ལོ་ལྔ་བཅུ་ནང་གནམ་ས་ལྟ་བུའི་གྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་པ་དང༌།ང་ཚོའི་ཆོས་དང་རིག་གཞུང་དེ་ལྷ་དང་བཅས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་གཞིར་བཟུང་སྟེ་གོམ་གང་མདུན་སྤོས་བྱས་རྐྱེན་རྒྱ་གཞུང་ནས་བསམ་བློ་ཆེན་པོ་ཞིག་གཏོང་དགོས་པ་ཆགས་ཡོད་པ་རེད་དྲན་གྱི་ཡོད།དེ་ཡང་རྒྱ་ནག་གུང་ཁྲན་ཏང་གིས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་བོད་ཀྱི་ཆོས་དང་རིག་གཞུང་གངས་ཅན་ལྗོངས་སུ་རྩ་མེད་བཏང་བ་ཡིན་ན་འཛམ་གླིང་ནང་དུའང་དེ་བཞིན་ཐུབ་ཀྱི་རེད་སྙམ་པའི་བསམ་བློ་ཅོལ་ཆུང་ཞིག་མ་གཏོགས་འཁོར་མེད་པ་རེད།རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གཞུང་དེ་དག་རྩ་མེད་གཏོང་རྒྱུའི་བསམ་བློ་འཁོར་ཡོད།འོན་ཀྱང་ད་ལྟའི་དུས་སུ་དེ་དག་བྱས་པ་རྣམས་ང་ཚོས་ནོར་འདུག་ང་ཚོས་རྩ་མེད་གཏོང་ཐུབ་ཀྱི་མི་འདུག་ཅེས་པའི་བསམ་བློ་གཏོང་རྒྱུ་ཞིག་ཆགས་ཡོད་པ་རེད།བཙན་བྱོལ་ནང་ྋགོང་ས་མཆོག་གིས་དབུ་ཁྲིད་འོག་ཟློ་གར་འདི་བཞིན་བོད་ནང་དུ་ལམ་དང་ལུགས་སྲོལ་གང་ཡོད་པ་དེ་དག་གྲ་མ་ཉམས་པར་འཁྲབ་པའི་རྒྱུ་མཚན་ལ་བརྟེན་རྒྱ་གཞུང་གིས་གཡོ་སྒྱུ་ཁྲམ་གསུམ་གྱི་ཐོག་ནས་ཁོ་རང་ཚོའི་ལམ་དང་ལུགས་སྲོལ་ལ་བསྒྱུར་རྒྱུའི་བསམ་བློ་བཏང་ནས་སྐད་ཀྱི་གདངས་ཀྱང་འདར་ནས་བཏང་དང་གཏོང་མུས་ཡིན།མདོར་ན་བོད་ཡུལ་འདི་རྒྱ་ཡུལ་ཞིག་ཏུ་སྒྱུར་རྒྱུའི་བསམ་བློ་དེ་དངོས་སུ་ལག་ལེན་བསྟར་སྐབས་ང་རང་ཚོས་བོད་ཀྱི་རིག་གཞུང་གི་དངོས་ཡོད་གང་ཡིན་པ་དེ་རྒྱལ་སྤྱིའི་སྟེང་ལ་བསྟན་སྟབས་རྒྱ་གཞུང་གིས་བསྟན་པ་དེ་དག་རྫུན་རྐུབ་རྡོལ་གྱི་ཡོད།ཡང་དེང་སྐབས་རྒྱ་ནག་གཞུང་གིས་བོད་མི་རྒན་གྲས་དེ་དག་ལ་སྐད་ཆ་དྲིས་ནས་ཁོ་རང་ཚོའི་འཁྲབ་སྟངས་ལ་སྒྱུར་བ་བཏང་སྟེ་འཁྲབ་དང་འཁྲབ་བཞིན་ཡོད།དེ་དག་བྱེད་དགོས་པའི་རྒྱུ་མཚན་དང་ནུས་པ་དེ་གང་ནས་བྱུང་བ་རེད་དམ་ཞེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རེ་ལ་འགན་རེ་ཡོད་ཅེས་བཀའ་ཕེབས་ཡོད་པ་དེ་བཞིན་ཟློས་གར་ཚོགས་པའི་ངོས་ནས་ཀྱང་འགན་ཁུར་ཞུས་ཐོག་ཆོས་དང་རིག་གཞུང་རྩ་ཆེན་པོ་ཡིན་པར་བསམ་བློ་བཏང་སྟེ་རྒྱལ་སྤྱིའི་ནང་གཟི་བརྗིད་ཆེན་པོའི་སྒོ་ནས་བོད་པའི་ཆོས་དང་རིག་གཞུང་ཆ་ཚང་བ་ཞིག་བསྟན་ཐུབ་རྒྱུ་ཆགས་ཡོད་ཅེས་ངོ་སྤྲོད་ནང་གསུངས་པར་ལྟར་དངོས་གནས་དོན་ལ་གནས་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

སྤྱིར་བཏང་འཛམ་གླིང་འདིའི་ནང་སུ་མི་ཞིག་ཡིན་ཡང་སོ་སོའི་བསམ་ཚུལ་ཤོད་རྒྱུ་དང་དེ་བཞིན་ཟབ་སྦྱོང་སྤྲོད་རྒྱུ་སོགས་འདྲ་མིན་མང་པོ་ཞིག་བྱེད་ཀྱི་ཡོད།དེའི་ནང་ནས་རང་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་གང་ཡིན་པ་ཟློས་གར་གྱི་ལམ་ནས་སྟོན་རྒྱུ་དེ་ནི་གནད་འགག་ཆེ་ཤོས་ཆགས་ཡོད་པ་རེད་བསམ་གྱི་ཡོད།ཟློས་གར་ནི་གཞས་དང་ཞབས་བྲོ་ཙམ་མ་ཡིན་པར་སྔོན་བྱུང་སྐྱེ་ཆེན་དམ་པའི་རྣམ་ཐར་སྔོན་མ་ནས་ཡོད་པ་དེ་དག་ཡང་བསྐྱར་གར་གྱི་རྣམ་པའི་ཐོག་ནས་འཁྲབ་སྐབས་ཡིག་གེ་ཤེས་རུང་མ་ཤེས་རུང་མིག་ལྡན་སུ་འདྲ་ཞིག་གིས་བལྟས་ཀྱང་དེའི་དོན་ཤེས་ཐུབ་པ་ཆགས་ཀྱི་ཡོད་པ་རེད་སོགས་ཀྱི་གསུང་བཤད་གནང་སྟེ་སྔ་དྲོའི་མཛད་སྒོ་གྲུབ།དེ་མཚུངས་ཉིན་རྒྱབ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུ་སླད་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་དེ་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཚུགས་པས་ཐོག་མར་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཕྱི་སྲིད་སྣེ་ཤན་ལས་ཁུངས་ཀྱི་ངེས་སྟོན་པ་ལྕམ་མ་ཎི་ཀ་ཇན་མཆོག་དང་རང་གཞུང་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ།སྲི་ཞུ་ལས་བྱེད་རྣམ་པ།དེ་བཞིན་མི་མང་རྣམ་པ་བཅས་ལ་བོད་གཞུང་ཟློས་གར་ཚོགས་པའི་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་གཉིས་ནས་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱིས་གཞས་སྣ་ཁག་བརྒྱད་ཙམ་ཞིག་དེར་བསྡུས་ཀྱི་གཟིགས་མོ་བ་རྣམས་ལ་བསྟན་རྗེས་མཐར་ཕྱི་ལོ་༢༠༠༩རྐང་བྲོ་གླུ་གཞས་འགྲན་བསྡུར་དེ་རྒྱ་ལུ་རུ་ཁག་ལ་ཐོབ་སྟེ་སྐུ་མགྲོན་གཙོ་བོ་མཆོག་ནས་བྱ་དགའ་དང་གསོལ་རས་གནང་བ་དང་ཆབས་ཅིག་ཕྱི་ལོ་༢༠༠༩ལོའི་དབྱར་སྐྱིད་བརྙན་འཕྲིན་འོད་སྡེར་ཞིག་ཀྱང་དབུ་འབྱེད་གྲུབ་ཞུས་མཚམས་གསུང་བཤད་མདོར་བསྡུས་ཀྱང་གནང་ཡོད་པ་རེད།དེ་རྗེས་ཟློས་གར་ཚོགས་པའི་དྲུང་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་འགོ་ལེགས་གྲུབ་ངང་ནས་གྲོལ་བ་བཅས་སོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་གཞུང་ཟློས་གར་དབུ་བསྙེས་ནས་མི་ལོ་ལྔ་བཅུ་འཁོར་སོང་ཟེར་ནས་གསལ་བསྒྲགས་ཞིག་གནང་གི་འདུག ། ང་ཚོའི་དེ་དགོང་མོ་གླུ་གཞིས་རིན་མེད་གཟིགས་འབུལ་ཞུ་རྒྱུ་རེད་བསམ་སོང་ལ། ལོ་ན་བདུན་བཅུ་ལ་ཕེབས་པ་ཁ་ཤས་ཀྱི་དེ་འདྲ་རེ་ནས་བཞུགས་འདུག ། རེ་བ་སྟོངས་ཟད་དུ་ཕྱིན་སོང༌། ན་གཞོན་ཞིག་གི་གོ་ཐོས་དང་བསམ་ཚུལ་ཡིན། ན་གཞོན་ཕོ་ཉ



བརྗོད་གཞི་གཞན་ཁག་ལ་གཟིགས།