བོད་གཞུང་གིས་བཏོན་པའི་བོད་ཀྱི་ཁོར་ཡུགས་དང་འཛུགས་སྐྲུན་སྐོར།
མཐའ་མའི་བསྐྱར་བཅོས། (༠༢༢༠༠༨༡༦༥༢) འབྲི་མཁན། ཡེ་ཤེས་ཆོས་བཟང༌། རྩོམ་སྒྲིག་པ། ༠༢༢༠༠༨༡༦༤༢
ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༡ཉིན་སྤེལ། འཛམ་གླིང་སའི་གོ་ལའི་ཡང་ཐོག་ཏུ་གྲགས་པའི་བོད་རྒྱལ་ཁབ་དེ་ལོ་ཉིས་སྟོང་བརྒལ་བའི་རིང་རང་དབང་དུ་གནས་ཡོད། འཛིན་སྐྱོངས་ཀྱི་ས་ཁུལ་ཁམས་དང༌།ཨ་མདོ།དབུས་གཙང་བཅས་ཆོལ་ཁ་གསུམ་གྱི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་དང་མི་འབོར་ས་ཡ་དྲུག་ཙམ་ཡོད་ཅིང༌། ཕྱི་ལོ་༡༩༤༩ལོར་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་རིམ་བཞིན་༡༩༥༩ལོར་བོད་ཧྲིལ་པོ་བཙན་བཟུང་བྱས། ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་༡་༢ཅན་གྱི་དབུས་གཙང་དང་ཁམས་ཀྱི་ཆ་ཤས་ཅུང་ཟད་འདུས་པ་ཞིག་ལ་རྒྱ་ནག་གིས་༡༩༦༥ལོར་བོད་རང་སྐྱོང་ལྗོངས་ཟེར་བ་བཏགས་ནས་བོད་ཅེས་པ་དེ་ཙམ་ཡིན་པ་མངོན་ཐབས་བྱེད་ཀྱི་ཡོད།གླིང་ཆེན་ཨེ་ཤི་ཡའི་དབུས་སུ་གནས་ཡོད་པར་བརྟེན་ཁོར་ཡུག་དང་དམག་དོན་གཉིས་ཀའི་ཆ་ནས་གལ་གནད་ཆེན་པོ་ཡིན།བོད་ཀྱི་ཤར་མཐའ་ནས་ནུབ་མཐའི་བར་ཀི་ལོ་མི་ཊར་༢༥༠༠དང་ལྷོ་ནས་བྱང་བར་ཀི་ལོ་མི་ཊར་༡༥༠༠ཡོད་ལ།རྒྱ་མཚོའི་ངོས་ནས་མཐོ་ཚད་ཆ་སྙོམ་མི་ཊར་༤༠༠༠དང༌།གངས་རི་ཇོ་མ་གླང་མ་ལྟ་བུ་མི་ཊར་༨༠༠༠ལས་མཐོ་བའི་རི་རྒྱུད་མང་པོ་ཡོད།རྒྱ་ནག་གིས་བཙན་བཟུང་མ་བྱས་པའི་གོང་དུ་བོད་ཀྱི་སྣོད་བཅུད་བརྟན་པོར་གནས་པ་མ་ཟད།ཡུལ་མིའི་ཉིན་རེའི་འཚོ་བའི་ནང་ཁོར་ཡུག་བདག་གཅེས་བྱ་རྒྱུ་དེ་གལ་ཆེར་བརྩིས་ཡོད།བོད་ཀྱི་ས་ཁྱོན་གྱི་བརྒྱ་ཆ་བདུན་བཅུ་ཙམ་ཟིན་པའི་རྒྱ་མཚོ་མེད་པའི་རྩ་ཐང་གིས་འབྲོག་པའི་སྒོ་ཕྱུགས་རྣམས་མི་ལོ་བརྒྱ་ཕྲག་དུ་མར་འཚོ་གནས་ཐུབ་པ་དང༌།གནམ་གཤིས་གྲང་ངར་ཆེ་རུང་བོད་མི་རྣམས་མཐོ་སྒང་འདིར་ལོ་སྟོང་ཕྲག་དུ་མ་འཚོ་གནས་བྱས་ཏེ་གསར་སྐྲུན་བྱས་པའི་རིག་གཞུང་གི་ཡུལ་བཀོད་འཛུགས་སྐྲུན་བྱས་པ་རྣམས་ཀྱང༌།སྟབས་བདེ་དང་རང་འབྱུང་ཁམས་དང་མཐུན་པའི་འཚེ་བ་མེད་པའི་རྩ་འཛིན་ཁག་ལ་གཞི་བཅོལ་ཡོད།
འོན་ཀྱང་བོད་བཙན་བཟུང་བྱས་པའི་རྗེས་སུ།ཐོན་སྐྱེད་རྗེས་འདྲང་གི་དངོས་གཙོ་སྨྲ་བའི་རྒྱ་ནག་གི་ལྟ་གྲུབ་ལག་བསྟར་གྱིས།སྲན་སྟོབས་ཆུང་བའི་རི་རྒྱུད་ཀྱི་ཁོར་ཡུག་གིས་བཟོད་མི་ནུས་པའི་ཐོན་སྐྱེད་སྐྲུན་ཐབས་བྱས་ཏེ།ཁོར་ཡུག་ལ་མི་གནོད་པའི་འཚོ་ཐབས་དེ་རྡོལ་རོལ་དུ་བཏང་བ་རེད།བཙན་འཛུལ་ཀྱི་རྗེས་སུ་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་རྒྱ་ཁྱབ་ཏུ་བྱུང་སྟེ།ཤིང་ནགས་འབྲེག་གཅོད་དང༌།རྩ་ཐང་སྤྱོད་ཐལ།སྟངས་འཛིན་མེད་པར་གཏེར་ཁ་སྔོག་འདོན།རྡུལ་ཕྲན་རྙིགས་རོ་སྦ་འཇོགཉེ་དུས་ཀྱི་འཆར་འབྲོག་སྡེའི་གཞིས་ཆགས་གསར་འཛུགས།ལྕི་བའི་བཟོ་ལས་འཛུགས་སྐྲུན།རྒྱ་ཁྱབ་ཏུ་གྲོང་ཁྱེར་རྒྱ་སྐྱེད་འགྲོ་མུས་ཁར་བཟོ་ལས་ཐོན་སྐྱེད་རྒྱུ་ཆ་དང་ཆུ་ཤུགས་གློག་ཁང་སོགས་ཀྱི་དགོས་མཁོའི་ཆེད་བོད་ས་གང་སར་གཏེར་རྫས་སྔོག་འདོན་བྱ་རྒྱུར་རྒྱ་ནག་ནས་འགྲོ་གྲོན་ཆེན་པོ་གཏོང་བཞིན་ཡོད།
བོད་ཀྱི་ས་སྟེང་དུ་མཐོ་རིམ་རྩི་ཤིང་གི་རིགས་ལྔྔ་སྟོང་བརྒལ་བ་སྐྱེ་བའི་ཁོངས་ནས་མང་པོ་ཞིག་ཧ་ཅང་དཀོན་པ་དང་སྟོང་ལ་ཉེ་བའི་རིགས་ཀྱང་ཡིན་ལ།བོད་དང་རྒྱ་དཀར་ནག་གི་སྲོལ་རྒྱུན་གྱི་གསོ་བ་རིག་པར་མཁོ་བའི་སྔོ་སྨན་རིགས་ཉིས་སྟོང་ཙམ་ཀྱང་འདུས་ཡོད།སྟག་མ་དང༌།གུར་གུམ།རི་མཐོའི་ལྕུམ།སྤྲུ་དཀར་དང་སྤྲུ་ནག་སོགས་གང་སར་སྐྱེ་ཁྱབ་ཆེ།སྟག་མ་མེ་ཏོག་གཅིག་པུར་ནང་གསེས་མི་འདྲ་བ་བཞི་བརྒྱ་ཙམ་བོད་མཐོ་སྒང་དུ་སྐྱེ་བ་དེ་འཛམ་གླིང་ཁྱོན་ཡོངས་སུ་ནང་གསེས་འདྲ་མིན་ཇི་ཡོད་ཀྱི་བརྒྱ་ཆ་ལྔ་བཅུ་ཟིན་པ་དང༌།རྩ་བུག་ཅན་གྱི་རྩི་ཤིང་རིགས་༡༥༠༠ཡི་ནང་གསེས་མི་འདྲ་བ་ཆིག་ཁྲི་ཉིས་སྟོང་བོད་ཀྱི་ས་ཐོག་ཏུ་སྐྱེ་བ་དེ་རྒྱ་ནག་ཁྱོན་ཡོངས་ལ་སྐྱེ་བའི་ཕྱེད་ཀ་བརྒལ་གྱི་ཡོད།
བོད་ནང་བྱ་རིགས་མི་འདྲ་བ་༥༧ཡོད་པ་དེ་དག་གི་ནང་གསེས་དབྱེ་ན་༥༣༠བརྒལ་བ་དེ་རྒྱ་ནག་ཁྱོན་ཡོངས་སུ་བྱ་རིགས་མི་འདྲ་བ་ཇི་ཡོད་ཀྱི་བརྒྱ་ཆ་བདུན་བཅུ་ཙམ་ཟིན་གྱི་ཡོད།མཚོ་བྱ་དཀར་མོ་དང་བྱ་གགཉ་འཛིན་རྒྱལ་མོ།ངང་པ།ངུར་བ།ཁྲ་དང་གླགས།འུག་པ།ནགས་ཀྱི་སྦྲང་འཛིན།བྲག་བྱིའུ་སྣ་ཚོགས།བྱིའུ་ཅོ་གབྱིའུ་མཇུག་ཡུག་མ།བྱ་རྒོད་དང་ཐང་དཀར།བྱ་ཤིང་རྟ་མོ།ལྷྟ་བྱ་གོང་མོ་སོགས་བྱ་རིགས་འདི་དག་ནས་གྲགས་ཆེ་ཤོས་ཤིག་ནི་བོད་ཀྱི་ཁྲུང་ཁྲུང་སྐེ་ནག་ཡིན།འདི་དག་མང་པོའི་གནས་སར་མིའི་གནོད་འཚེ་ལ་བརྟེན་ནས་ད་ཆ་རྩ་སྟོང་འགྲོ་བའི་ཉེན་ཀ་ཡོད།
བོད་ཀྱི་རི་མཐོ་ས་དང་ནགས་ཚལ་དུ་གནས་པའི་ཐུན་མོང་མ་ཡིན་པའི་རི་དྭགས་གཅན་གཟན་མང་པོ་ཡོད་ལ།བཟང་ཕྱོགས་ཀྱི་འགྱུར་བ་མ་བྱུང་ཚེ།ཧ་ཅང་དཀོན་པའི་སྲོག་ཆགས་མང་པོ་རྩ་སྟོང་འགྲོ་ཉེན་ཡོད་པའི་གྲལ་སུ།གངས་གཟིག་དང༌།དྲེད་མོང༌།དོམ་ནགའབྲོང༌།རྐྱང༌།གཙོད།གཉན།རྣ་བ།གླ་བ།སྤྲེའུ་གསེར་མདོགརྒོ་བ།འཕྱི་བ།དོམ་ཕྲ་དང་དོམ་ཕྲ་དམར་ཆུང་སོགས་ཚུད་ཡོད།
བོད་ཀྱི་ནགས་ཚལ་ཅན་གྱི་ས་ཁྱོན་ཧེཀ་ཊར་ས་ཡ་༢༥།༢ཟིན་གྱི་ཡོད་ལ།ཕལ་མོ་ཆེ་བོད་ཀྱི་ཤར་ལྷོའི་ཆ་ཤས་ས་བབས་དམའ་སའི་རི་ལོགས་དང་ཆུ་ཀླུང་དང་ཉེ་བའི་རི་འདབས་སུ་སྐྱེས་ཤིང༌།གཙོ་ཆེ་བ་ཐང་ཤིང་དང་ཤུག་པ།སྟག་པ།གླང་མ།སྦྱྦར་པ།སོམ་ཤིང༌།བེ་དོ་སོགས་ཡིན།སྲིད་པའི་ནགས་ཚལ་གྱི་ཤིང་སྡོང་རྣམས་ལོ་ཉིས་བརྒྱ་བརྒལ་བ་མ་ཟད།ཤིང་ཆའི་ཆ་སྙོམ་མཐུག་ཚད་ཧེཀ་ཊར་རེར་མི་ཊར་ཤོ་གཟུགས་མ་༢༧༢ཟིན་ཞིང༌།དབུས་གཙང་ཁུལ་གྱི་ཐང་ཤིང་དང་སོམ་ཤིང་གི་སྡོང་རྒན་ཡོད་སར།ཤིང་ཆའི་ཆ་སྙོམ་མཐུག་ཚད་འཛམ་གླིང་སྤྱི་ཡོངས་ནས་མཐོ་ཤོས་ཧེཀ་ཊར་རེར་མི་ཊར་ཤོ་གཟུགས་མ་༢༣༠༠ཟིན་པའང་ཡོད།
དེ་སྔ་བསྔོག་འདོན་བྱེད་མ་མྱོང་བའི་གཏེར་རྫས་ཀྱི་འབྱུང་ཁུངས་ཀྱང་ཕྱུག་པོ་ཡོད།བོད་ཀྱི་ས་ཆར་གཏེར་རྫས་མི་འདྲ་བ་༡༢༦ཙམ་ཡོད་པ་མ་ཟད།འཛམ་གླིང་སྤྱི་ཡོངས་ཀྱི་གསེར་དང༌།ཀོ་ལྕགས།ཟངས།ཚྭ་ལ་དཀར་པོ།ལྕགས་བཅས་ཀྱི་ཐོན་འབབ་ཀྱི་ཆ་ཤས་མི་ཉུང་བ་ཞིག་ཟིན་གྱི་ཡོད།རྡུལ་ཕྲན་མཚོན་ཆར་མཁོ་བོའི་ཡུ་རེ་ནི་ཡམ་གྱི་གཏེར་ཁ་ཆེ་ཤོས་དེ་ཀན་སུ་ཞིང་ཆེན་གྱི་ཐེ་བོ་ས་ཁུལ་དུ་ཡོད་ཅིང༌།རྒྱ་ནག་གི་ས་གཏེར་དཔྱད་ཞིབ་པ་ཚོར་ཞིང་ཆེན་ཡོངས་ལ་ཁྱབ་པའི་ཟངས་དང་དངུལ།ཞ་ཉ།་གསེར།ཏི་ཚ་སོགས་ཀྱི་གཏེར་ཁ་བརྙེད་སོན་བྱུང་ཡོད།
ཤར་གླིང་ཨེ་ཤི་ཡའི་གཙང་པོ་མང་པོ་བོད་ནས་འབབ་ཀྱི་ཡོད།རྒྱ་གར་གྱི་ཕྱོགས་སུ་ཡར་ལུང་གཙང་པོ་དང་སེང་གེ་ཁ་འབབ།གླང་ཆེན་ཁ་འབབ།རྨ་བྱ་ཁ་འབབ་བཅས་དང༌།རྒྱ་ནག་གི་ཕྱོགས་སུ་རྒྱ་མོ་རྔུལ་ཆུ་དང༌།རྫ་ཆུ།འབྲི་ཆུ།རྨ་ཆུ།ཆུ་བོ་ཨེར་ར་ཝ་་ཌི་སོགས་བོད་ནས་ཕྱོགས་གང་སར་འབབ་སྟེ་རིམ་བཞིན་རྒྱ་ནག་དང༌།རྒྱ་གར།པ་ཀི་ས྄ཐཱན།བལ་ཡུལ།འབྲུག་ཡུལ།བངྒ་ལ་དེཤ།འབར་མ།ཐའི་ལནཌ།ཝེཏ་ནམ།ལ་འོསེ།ཀམ་པུ་ཅི་ཡ་སོགས་ཡུལ་གྲུ་དུ་མར་འབབ་ཀྱི་ཡོད།ཆུ་བོ་འདི་དག་དང་འདི་དག་གི་ཆུ་ཕྲན་རྣམས་ཨེ་ཤི་ཡའི་མི་མང་ས་ཡ་མང་པོའི་ཚེ་སྲོག་གི་རྩ་བ་ཡིན།དེར་མ་ཟད་བོད་ཀྱི་ས་ཐོག་ཏུ་རང་འབྱུང་གི་མཚོ་དང་ཚེའུ་༡༥༠༠བརྒལ་བ་ཡོད་ཅིང༌།དེ་དག་གི་ནང་ནས་གཙོ་ཆེ་བ་རྣམས་མ་ཕམ་གཡུ་མཚོ་དང༌།གནམ་མཚོ་ཕྱུག་མོ།ཡམ་འབྲོག་གཡུ་མཚོ།མཚོ་སྔོན་པོ་བཅས་ཡིན།
བོད་ཀྱི་སྲིད་པའི་གངས་རི་དང་འཁྱགས་ཐང་རྣམས་ཀྱང་ཧ་ཅང་མགྱོགས་པོར་བཞུར་བཞིན་པ་དང༌།རྒྱ་ནག་གི་ཆུ་རག་ཆེན་པོ་རྒྱག་རྒྱུ་དང༌།ཆུ་ཤུགས་གློག་ཁང་གསར་རྒྱགཆུ་རྒྱུན་ཁ་རྒྱུར་གྱི་འཆར་གཞི་བཅས་ཀྱིས་བོད་ཀྱི་ཆུ་རྒྱུན་ལ་ཉེན་ཀ་བཟོ་བཞིན་པ་དང༌།དམའ་སར་གནས་པའི་མི་མང་གདུང་ཁྱུར་མང་པོའི་འཚོ་བར་དོ་ཕོག་བཟོ་བཞིན་ཡོད།ལས་འཆར་འདི་ཚོའི་རིགས་དུ་མ་ཞིག་འགོ་འཛུགས་མ་བྱས་གོང༌།ཆུ་རྒྱུན་དེ་དག་ལ་བརྟེན་ནས་འཚོ་གནས་བྱེད་མཁན་རྣམས་དང༌།ས་ཁུལ་དང་རྒྱལ་སྤྱིའི་གནས་སྟངས་ལ་གནོད་སྐྱོན་ཇི་འདྲ་ཞིག་འགྲོ་མིན་གྱི་དཔྱད་ཞིབ་ནན་པོ་བྱས་མེད།
ཕྱི་ལོ་༢༠༠༧ཟླ་བ་གསུམ་པའི་ནང་བཏོན་པའི་འཛམ་གླིང་རི་དྭགས་ཐེབ་རྩའི་སྙན་ཐོའི་ནང༌།འཛམ་གླིང་སྤྱི་ཡོངས་ཀྱི་རྩ་ཆད་འགྲོ་ཉེན་ཆེ་བའི་གཙང་པོ་བཅུུའི་ཁོངས་ནས།འབྲི་ཆུ་དང༌།རྫ་ཆུ།རྒྱ་མོ་རྔུལ་ཆུ།སེང་གེ་ཁ་འབབ་བཅས་བཞི་ནི་བོད་ནས་འབབ་པའི་ཆུ་ཆེན་ཁག་རེད།འདི་དག་གི་ཆུ་རྒྱུན་དམའ་སར་རྒྱུག་པ་ལ་གྲགས་ཆེ་བའི་ཆུ་བོ་རྒྱ་ནག་ཏུ།ཡང་ཙེ་དང་སལ་ཝིན།མེ་ཀོང༌།རྒྱ་གར་དུ་ཨིན་ཌས྄་ཞེས་འབོད་པ་དག་ཡིན།གཏེར་ཁ་བསྔོག་འདོན་དང་དེ་འབྲེལ་གྱི་བཟོ་ལས་ཁག་གིས་བོད་ཀྱི་ཁོར་ཡུག་ལ་འབག་རྩོག་དང་གནོད་སྐྱོན་འགྲོ་བཞིན་པར་བརྟེན།བོད་མཐོ་སྒང་གི་ཁོར་ཡུག་ལ་ཆུ་རྒྱུན་དུ་གནས་པའི་ཡུལ་གྲུ་རྣམས་ཀྱིས་ཐུན་མོང་གི་སེམས་འཁུར་དང་འབད་བརྩོན་བྱེད་དགོས།བོད་མཐོ་སྒང་གི་ཁོར་ཡུག་གིས་འཛམ་གླིང་སྤྱིའི་མཁའ་རླུང་འཁོར་སྐྱོད་ལ་ཕན་གནོད་འབྲེལ་གྱི་ཡོད་པ་མཚན་རིག་པ་ཚོས་གསལ་སྟོན་བྱས་ཡོད།ཞི་བའི་རྒྱ་མཚོའི་ཁུལ་གྱི་རླུང་ཚུབ་ཏའི་ཕུན་དང༌།རྒྱ་མཚོའི་ཆུ་རྒྱུན་དྲོན་མོའི་གནས་ལུགས་བྱུང་ནས་རྒྱ་མཚོའི་ཁམས་འཕྲུག་པ་ལས།རྒྱ་མཚོར་གནས་པའི་སྲོག་ཆགས་ཀྱི་འཚོ་གནས་རང་བཞིན་དང༌།གནམ་གཤིས་ཀྱི་འགྲོས་བཅས་པར་འགྱུར་ལྡོག་དབང་གིས་ད་ཆ་པེ་རུ་དང༌།ཨི་ཁུ་ཨ་ཌོར།ཨ་རིའི་ཁེ་ལི་ཕོར་ནི་ཡའི་མཚོ་ཁའི་ས་ཁུལ་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་ཡོང་བཞིན་པ་མ་ཟད།ནིའུ་ཛི་ལནཌ་དང་ཨསེཏྲི་ལི་ཡ།རྒྱ་གར།ཨཕ་རི་ཀའི་ལྷོ་ཁུལ་བཅས་པར་ཚབ་ཆེའི་ཐན་པ་འབྱུང་བཞིན་པ་དང་དེ་མཚུངས་ལྷོ་ཨེ་ཤི་ཡའི་ཟ་འབྲུ་ཐོན་ཁུངས་ཆེ་སར་ཆར་ཆུ་བྱིན་པའི་མོན་སུན་ཆར་རླུང་ལའང་ཤུགས་རྐྱེན་ཆེན་པོ་ཐེབ་ཡོད།
ས་བབས་མཐོ་ལ་གྲང་ངར་ཆེ་བའི་དབང་གིས།ལན་གཅིག་གནོད་སྐྱོ་ཤོར་བའི་བོད་ཀྱི་ཁོར་ཡུག་དེ་སླར་གསོ་ཐུབ་རྒྱུ་ཤིན་ཏུ་དཀའ་བ་མ་ཟད།མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དགོས་པ་དེ་ད་ལྟའི་བར་བྱུང་མ་མྱོང་བའི་ཛ་དྲག་གི་གནས་དོན་ཞིག་ཡིན།དེ་ཡང་བོད་ཁོ་ནའི་ཆེད་དུ་མ་ཡིན་པར།རང་རེ་གནས་སའི་སའི་གོ་ལ་འདི་ཉིད་ཡུན་རིང་པོར་གནས་ཐུབ་པའི་ཆེད་དུ་བོད་ཀྱིས་འཛམ་གླིང་གི་ཁོར་ཡུག་ལ་ཕན་པའི་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་ངེས་ཡིན་པའི་རྒྱུ་མཚན་ཀྱང་ཡོད།དེས་ན་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཉེས་སུ་མ་སོང་བར་རྒྱུན་གནས་ཐུབ་པ་བྱུང་ན།དེའི་ཁེ་ཕན་ཀྱང་འཛམ་གླིང་སྤྱི་ཡོངས་ལ་མུ་མཐུད་ཐོབ་རྒྱུའི་རེ་བ་བཅང་ཆོག
རི་ཀླུང་རྩ་ཚིག་གི་བཀག་རྒྱ་བཙན་པོ་ཡོད་པའི་དབང་གིས་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་བོད་ནང་རི་དྭགས་རྔོན་མི་ཆོག་པའི་བཀའ་བཙན་པོ་ཡོད་ཀྱང༌།རྒྱ་ནག་གིས་དེ་ལྟར་བགག་འགོག་མི་བྱེད་པ་མ་ཟད།རྩེད་འཇོའི་དྲན་རྟེན་ཙམ་གྱི་ཆེད་དུ་སྟོང་ལ་ཉེ་བའི་རི་དྭགས་རྔོན་རྒྱུར་སྐུལ་མ་བྱེད་ཀྱི་ཡོད།གངས་གཟིག་ལྟ་བུ་ཧ་ཅང་དཀོན་པའི་གཅན་གཟན་བསད་པའི་པགས་རིགས་རྣམས་རྒྱལ་སྤྱིའི་ཁྲོམ་རར་རིན་འབབ་ཆེན་པོར་ཚོང་འགྲེལ་བྱེད་པ་དང༌།ཤ་བའི་ཁྲག་ར་དང་གླ་རྩི་སོགས་གཅན་གཟན་རི་དྭགས་ཀྱི་རུས་པ་དང་ཆ་ལག་མང་པོ་རྒྱ་ལུགས་ཀྱི་སྨན་རྫས་སུ་བཀོལ་ཁྱབ་ཆེ།ཕྱི་ལོ་༡༩༩༦ལོར་འཛམ་གླིང་རི་དྭགས་སྲུང་སྐྱོབ་མཐུན་ཚོགས་ཀྱིས་བོད་ཀྱི་གཙོད་དེ་སྟོང་ཉེན་ཆེ་བའི་ཁོངས་སུ་དབྱེ་འཇོག་བྱས་མིན་ལ་མ་ལྟོས་པར།རྒྱ་ནག་དང༌།ཧོང་ཀོང༌།ཡུ་རོབ་སོགས་ཀྱི་ཤའི་ཁྲོམ་རའི་དགོས་མཁོའི་ཆེད་དུ་བོད་ནང་གི་རི་དྭགས་གཙོད་དང༌།གོ་བ།རྣ་བ།འབྲོང་མང་པོ་རྔོན་པས་གསོད་པ་མ་ཟད།སྟོང་ལ་ཉེ་བའི་བྱི་ལ་དོམ་ཆེན་ཡང་རྒྱ་ནག་ཁོ་ནར་བདག་པའི་འཆར་སྣང་བཟོ་ཐབས་ཀྱིས་རྒྱལ་སྤྱིའི་དོ་སྣང་འགུག་ཐབས་དང༌།དངུལ་གྱི་ཆེད་ཉོ་ཚོང༌།ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཁག་ནས་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་ཐབས་བཅས་བྱེད་ཀྱི་ཡོད།རྒྱ་ནག་གིས་རི་དྭགས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་བརྗོད་པ་ལས་ཡོངས་སུ་ལྡོག་སྟེ།རྩེད་འཇོའི་དྲན་རྟེན་ཙམ་གྱི་ཆེད་དུ་སྟོང་ལ་ཉེ་བའི་རི་དྭགས་རྔོན་དུ་འཇུག་གི་ཡོད་པ།ཉེ་དུས་ཀྱི་རྒྱ་ནག་རང་གི་གཞུང་འབྲེལ་རྒྱུད་ལམ་ཁག་ལས་ཀྱང་རྟོགས་ཐུབ།རྒྱ་རིགས་ཉམ་ཞིབ་པ་ཞིག་གིས་བརྗོད་པ་ལྟར་ན།བོད་མཐོ་སྒང་དུ་སྟོང་ཉེན་ཆེ་བའི་སྲོག་ཆགས་ཀྱི་ཁོངས་སུ་འོ་འཐུང་སྲོག་ཆགས་༣༩དང༌།བྱ་དང་བྱིའུ་༣༧སྐམ་གཤེར་གཉིས་འཚོའི་སྲོག་ཆགས་བཞི།ལྟོ་འགྲོ་གཅིག་བཅས་ཁྱོན་བསྡོམ་༨༡ཡོད་ངེས།
བོད་ཀྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཆ་ཤས་འགར་འཛམ་གླིང་འདིའི་སྲིད་པའི་ནགས་རྭ་ལེགས་ཤོས་འགག་ཤས་ཡོད།ནགས་ས་ཤིན་པོའི་ས་རྒྱུད་རྒྱ་ཆེན་པོའི་སྟེང༌།ཆ་སྙོམ་མཐོ་ཚད་ཕི་ཊི་༩༠དང་སྦོམ་ཚད་ཕི་ཊི་ལྔའམ་དེ་ལས་བརྒལ་བའི་ཤིང་སྡོང་ལོ་བརྒྱ་ཕྲག་དུ་མར་ཚར་ལོང་བྱུང་བ་རྣམས།ད་ཆ་ཡར་རྒྱས་འཛུགས་སྐྲུན་ལ་ཁ་གཡར་ཏེ་བྱུང་རྒྱལ་དུ་རྩ་བཏོར་གཏོང་བའི་གནས་སྟངས་དེ།སྨར་ཁམས་དང༌།རྒྱལ་རོང༌།ཉག་རོང་ལྟ་བུ་བོད་ཤར་ཕྱོགས་ཀྱི་ས་ཁུལ་གཞན་རྣམས་དང་ཀོང་པོའི་ས་ཁུལ་རྣམས་གཅིག་མཚུངས་ཡིན།ཕྱི་ལོ་༡༩༥༩ལོར་བོད་ཀྱི་ཤིང་ནགས་ས་ཁྱོན་ཧེཀ་ཊར་ས་ཡ་༢༥།༢ཡོད་པ་དེ་༡༩༨༥བར་བརྒྱ་ཆ་༤༦ཉུང་དུ་སོང་ཟིན་པས་ཧེཀ་ཊར་ས་ཡ་༡༣།༥༧ལས་ལྷག་མེད།གནས་སྟངས་འདི་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན།རྒྱ་ནག་རང་གི་རོབ་བརྩིས་ལྟར་བྱས་ཀྱང༌།ད་ཆ་བོད་ཀྱི་ཤིང་ནགས་ཀྱི་བརྒྱ་ཆ་༨༠རྩ་རླག་ཏུ་བཏང་ཟིན།ཕྱི་ལོ་༡༩༥༩ནས་༡༩༨༥བར་རྒྱ་ནག་གིས་བོད་ཀྱི་ས་ཐོག་ནས་ཨ་རིའི་ཌོ་ལར་ཐེར་འབུམ་༥༤རེ་བའི་ཤིང་སྡོང་གཅོད་འབྲེག་བྱས་ཀྱང༌།ལས་དོན་ཚགས་འཚུད་མེད་པའི་རྐྱེན་གྱིས་ཤིང་ཆ་མང་པོ་ཞིག་ཆུ་འགྲམ་དང་ཤིང་མཛོད་ཁག་ཏུ་རུལ་སུངས་བེད་མེད་དུ་གྱུར་ཡོད།ཤིང་སྣ་བསྐྱར་གསོའི་ལས་དོན་ཅུང་ཟད་ཙམ་བྱས་པ་རྣམས་ཀྱང་ལམ་ལྷོང་ལྡན་པ་ཉུང་ཤས་ལས་བྱུང་མེད།
ཤིང་ནགས་ཧ་ཅང་མང་པོ་འབྲེག་གཅོད་དང༌།གཏེར་ཁ་བསྔོག་འདོན།ས་རྒོད་ཞིང་སར་བསྒྱུར་བའི་དབང་གིས་སྟེང་ས་རིམ་འཛད་འགྲོ་བ་མ་ཟད།རྒྱུག་ཆུའི་སྙིགས་བསགས་ཇེ་མང་དུ་སོང་བར་བརྟེན་ཆུ་ལོག་དང་ས་རུད་ཀྱི་གནོད་སྐྱོན་ཇེ་ཆེར་འགྲོ་བ་དང༌།རྒྱ་ནག་གིས་རོབ་རྩོས་ལྟས་ན།བོད་དང་རྒྱ་ནག་ས་ཁུལ་དུ་ཀི་ལོ་མི་ཊར་གྲུ་བཞི་མ་ཆིག་འབུམ་ཉིས་ཁྲི་ཙམ་བྱེ་ཐང་དུ་འགྱུར་ཟིན་པ་དེ་རང་འབྱུང་གི་འགྱུར་བ་ཞིག་མ་ཡིན།མདོ་སྨད་ཁུལ་དུ་བྱེ་ཐང་རྒྱ་སྐྱེད་འགྲོ་བའི་འཕེལ་ཚད་དེ་ལོ་རེར་ཧེཀ་ཊར་༦༧༠༠༠ཟིན་ཅིང༌།བོད་ཀྱི་ཁྱིམ་མཚེས་ཡུལ་གྲུ་མང་པོར་སྔར་མ་གྲགས་པའི་ཆུ་ལོག་གི་གནོད་སྐྱོན་གྱི་རྐྱེན་རྩ་བོད་ནང་ཤིང་ནགས་རྩ་གཏོར་བཏང་བས་རེད་ཅེས་ཚན་རིག་པ་ཚོས་ཀྱང་ཁས་ལེན་གྱི་ཡོད།
རྡུལ་ཕྲན་མཚོན་ཆ་དང་དམག་དཔུང་ཁྱབ་སྤེལ།
བོད་ཀྱི་ས་ཐོག་ཏུ་ཕལ་ཆེར་དམག་མི་གྲངས་འབུམ་གསུམ་ནས་ལྔ་བར་ཡོད་ཚོད་ཀྱི་ཁོངས་ནས་འབུམ་གཉིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཏན་འཇོག་བྱས་ཡོད།
གསང་བའི་རེ་ཌར་ས་ཚིགས་༡༧དང་དམག་གྲུའི་གནམ་ཐང་༡༤ལྷ་ས་དང༌།ནག་ཆུ།གོར་མོ།ཚ་འདམ།ཀོང་པོ་ཉིང་ཁྲི་སོགས་ས་གནས་བརྒྱད་དུ་མེ་ཤུགས་འཕུར་མདའི་རྟེན་གཞི།
ཉུང་མཐར་ཡང་གླིང་ཆེན་ཕན་ཚུན་ཐད་སྐྱོད་སྒྲོགས་མདའ་༨༡དང་རྒྱང་ཐག་འབྲིང་པའི་འཕུར་མདའ་༧༠རྒྱང་ཐག་ཉེ་བའི་འཕུར་མདའ་༢༠བཅས་ཡོད།
ཡར་རྒྱས་འཛུགས་སྐྲུན་ལ་ཁ་གཡར་བའི་བཤུ་གཤོག
དོན་དངོས་ཀྱི་ཆ་ནས་ཤེས་ཡོན་སློབ་གསོ་དང༌།འཕྲོད་བསྟེན།འཚོ་ཐབས་ལས་རིགས།གྲོང་གསེབ་དང་འབྲོག་སའི་ཁུལ་གྱི་ཡར་རྒྱས་སོགས་ནི།ཁ་ཚ་གོ་གཏུགས་ཀྱི་གནད་དོན་འགའ་ཤས་ཡིན།བོད་རིགས་ཕལ་ཆེ་བར་འགྲོ་གྲོན་གཏོང་ཐུབ་ངེས་དང་དགོས་ངེས་ལྟར་གྱི་འཕྲོད་བསྟེན་མཐུན་རྐྱེན་ཐོབ་ཀྱི་མེད་པ་མ་ཟད།འཚོ་ཐབས་ལས་རིགས་དང༌།འཕྲོད་བསྟེན།ཤེས་ཡོན།ཆབ་སྲིད་ཀྱི་ངོ་ཚབ་བཅས་ཀྱི་ནང་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་དབྱེ་འབྱེད་བྱེད་བཞིན་པར་བརྟེན།བོད་ཡར་རྒྱས་ཀྱི་ལས་དོན་ནང་བོད་མི་ཚོས་མཐེ་ཞུགས་དང་མཉམ་ཞུགས་བྱ་རྒྱུར་འགོག་རྐྱེན་ཡོད་མུས་ཡིན།རྒྱ་ནག་གི་ཡར་རྒྱས་སྲིད་བྱུས་ཁག་ཏུ་བོད་རིགས་ཕལ་མོ་ཆེ་འཚོ་གནས་བྱེད་སའི་ཞིང་འབྲོག་ས་ཁུལ་ཁག་ལ་དོ་སྣང་བྱེད་མ་ཐུབ་པར།བོད་ཡར་རྒྱས་ཀྱི་ལས་དོན་རྣམས་ཉེན་སྲུང་དང༌།གཏན་ལྷིང༌།རྒྱལ་མཚམས་སྲུང་སྐྱོབ།སྤྱི་ཚོགས་འཆམ་མཐུན་ཟེར་བའི་འབོད་ཚིག་འདི་དག་གི་ཕྱོགས་སུ་དྲངས་པ་ཙམ་མ་གཏོགས།བོད་མི་མང་གི་དགོས་མཁོ་དང་ཧ་ཅང་ཀ་གཉན་པའི་བོད་ཀྱི་སྣོད་བཅུད་ལ་བསམ་གཞིགས་བྱེད་ཀྱི་མེད།དེར་མ་ཟད་སྒྲོམ་གཞིའི་འཛུགས་སྐྲུན་ཆེ་ཁག་བཙན་འགེལ་བྱེད་པ་ཙམ་ལས།བོད་མིའི་ཤེས་ཡོན་དང༌།སྦྱོང་བརྡར།མཉམ་ཞུགས་གོ་བསྡུར་སོགས་ལ་དོ་སྣང་བྱེད་ཀྱི་མེད།མདོར་ན་བོད་ཡར་རྒྱས་དང་དེང་དུས་ཅན་དུ་བསྒྱུར་རྒྱུ་ཟེར་བའི་ལས་དོན་རྣམས།བོད་མིར་མཐེ་བྱུས་ཀྱི་དབང་ཆ་གང་ཡང་མེད་པར་རྒྱ་ནག་ མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐག་གཅོད་བྱས་པ་ཤ་ཏག་ཡིན།
སྐུ་ཞབས་ཨལ་གོར་རྐྱརྡ གྣཔྱྟགྱིས་རང་གི་ཕྱག་དེབ་ཀྱཀྱདོ་༠༡མཉམ་པའི་སའི་གོ་ལ་ཀཁྱཎཔྱྤད དྲརྣ ྤདྟ སྐྱཎརྡཎརྣཏྲྟཞེས་པའི་ནང༌།འདས་པའི་ལོ་བཞི་བཅུའི་རིང་བོད་ཐོག་རྒྱ་ནག་གིས་དྲག་པོའི་དབང་གནོན་བྱེད་བཞིན་པར་བརྟེན།རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་སྣོད་བཅུད་གཏོར་རླགས་གཏོང་བཞིན་པ་དེ་འགོག་ཐབས་བྱ་རྒྱུར་བོད་མི་ཚོར་དབང་ཆ་དང་ནུས་པ་གང་ཡང་མེད་ཅེས་གསལ།
ལམ་སྟོན་འདི་དག་སྐོར་ཞིབ་ཕྲ་མཁྱེན་འདོད་ཡོད་ན་འདི་ག་ལས་ཁུངས་སུ་འབྲེལ་བ་གནང་བའམ།ཡང་ན་དྲ་རྒྱ་འདིར་གཟིགས་རོགས་http:www.tibet.net/en/pubs/edi/guide
རང་ཉིད་གནས་ཡུལ་སྤྱི་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གྱིས།
བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཟབ་སྦྱོང་དང་ཚོགས་འདུ།གྲོ་གླེང༌།འགྲེམ་སྟོན་སོགས་གང་ལ་ཅི་འོས་གོ་སྒྲིག་གྱིས།
མང་ཚོགས་ཀྱི་འདུ་འཛོམས་ཁག་ནང་མཉམ་ཞུགས་ཀྱིས་བོད་ཀྱི་ཁོར་ཡུག་སྐོར་གླེང་ཐབས་གྱིས།
བོད་ཀྱི་ཁོར་ཡུག་དང་ཡར་རྒྱས་ལས་དོན་སྐོར་གྱི་པར་དང་ཁུངས་ལྡན་གནས་ཚུལ་རྣམས་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་དང་འཛུགས་སྐྲུན་ཚན་པར་གཏོང༌།
བོད་ཀྱི་ཁོར་ཡུག་སྐོར་ཉམས་ཞིབ་སློབ་སྦྱོང་དང་ཁོར་ཡུག་དང་འབྲེལ་བའི་ལས་འཆར་སོགས་ཀྱི་ཆེད་སློབ་ཡོན་དང་མཐུན་རྐྱེན་ཐོེབ་ཐབས་གྱིས།
རང་གི་ངོ་ཤེས་དང་གྲོགས་པོ་གྲོགས་མོ་ཚོར་བོད་ཀྱི་གནས་སྟངས་འགྲེལ་བཤད་དང༌།འདི་གའི་དྲ་རྒྱའི་ཁ་བྱང་ངོ་སྤྲོད་གྱིས་བྱེད་སྒོ་ཁག་ནང་དངོས་སུ་མཉམ་ཞུགས་གནང་མ་ཐུབ་ཀྱང༌།ལས་དོན་གྱི་འགྲོ་གྲོན་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཡང་དགའ་བསུ་ཡོད།