ནོར་བཅོས།

ཡོ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་སྦེལ་ཇམ་གྱི་རྒྱལ་ས་སྦུ་རུ་སར་རང་དབང་སློབ་གླིང་ནང་ཚོགས་པའི་དྲུག་བཞིའི་དོན་རྐྱེན་གླེང་བའི་གསར་འགྱུར་དེ་ག་དྲ་བའི་ནང་བཏང་བར་ཐུགས་རྗེ་ཆེ། འོན་ཀྱང་གནས་ཚུལ་ངོ་མ་མ་ཡིན་པ་ཁག་གཅིག་བྲིས་འདུག་པ་དེར་ངེས་པར་ནོར་བཅོས་བྱ་དགོས་ངེས་རེད་འདུག སྦེལ་ཇམ་ཐེབས་རྩ་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༥༥་ཞེས་པ་དེ་བདེན་པ་མ་རེད། དེ་བཞིན་ཚོགས་གཙོ་ནི་བློ་བཟང་དབང་འདུས་ཡིན་པ་ལས་བློ་བཟང་དབང་ལྡན་མ་རེད། བློ་བཟང་ཉི་མ་ལགས་ནི་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་དང་། ཡོ་རོབ་བོད་རྒྱ་འབྲེལ་མཐུད་པ་ཡིན་པ་ལས་སྦེལ་ཇམ་གྱི་དོན་གཅོད་ལས་བྱེད་མ་ཡིན། གསར་འགྱུར་ཞེས་པ་དེ་དངོས་ཡོད་གནས་ཚུལ་ཤེས་ནས་སྤེལ་དགོས་པ་ལས་གང་བྱུང་སྤེལ་ན་མ་འོངས་པར་ཡིད་ཆེས་དཀའ་བ་ཞིག་ལ་འགྱུར་ཉེན་ཡོད་པས་དེ་དོན་དགོངས་འཇགས་འཚལ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བྷེལ་ཇམ་ནས་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་རྗེས་དྲན།"



བརྗོད་གཞི་གཞན་ཁག་ལ་གཟིགས།