བོད་ཀྱི་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༠༥ཉིན་སྤེལ། ཟླ་ ༡༢ ཚེས་ ༡༠ ཉིན་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་ བསྒྲགས་སྤེལ་ནས་མི་ལོ་ ༥༥ འཁོར་བའི་དུས་དྲན་གྱི་ཉི་མོ་གལ་ཆེ་ཞིག་རེད། རྒྱལ་སྤྱིའི་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་འགོག་ཐབས་སུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའིཐོབ་ཐང་སྲུང་སྐྱོབ་བྱེད་ཆེད་ཁྲིམས་གཞི་ཁག་གཅིག་གཏན་འབེབས་བྱས་ཡོད་ཀྱང་ཡུལ་གྲུ་འགའ་ཞིག་ནང་མུ་མཐུད་དེ་ཁྲིམས་གཞི་ཁག་ལ་རྒྱབ་འགལ་གྱིས་ཡུལ་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་མུ་མཐུད་དེ་གཏོང་བཞིན་ཡོད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གཞུང་ཟི་ཁྲོན་ཞིངཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་འབར་གས་དང༌། མེས་རྒྱལ་ཁ་བྲལ་གཏོང་བའི་ཉེས་མིང་འོག་དྲང་བདེན་གྱིས་ཁྲིམས་བཤེར་མེད་པར་བློབཟང་དོན་གྲུབ་སྲོག་ཐོག་བཏང་བ་དང༌། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ལོ་གཉིས་དུས་འགྱངས་ཀྱིས་སྲོག་ཁྲིམས་ལག་བསྟར་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་པས་སྤྲུལ་སྐུའི་གནས་སྟངས་ཀྱང་ཧ་ཅང་ཛ་དྲག་ཅན་ཞིག་ཆགས་ཡོད།

ཕྱི་ལོ་ ༢༠༠༣ ལོའི་ཟླ་དང་པོ་ནས་ད་བར་ང་ཚོསཤེས་རྟོགས་བྱུང་བར་བོད་ནང་ཆབ་སྲིད་ཀྱི་དྭོགས་གཞིའི་དབང་གིས་བོད་མི་ ༢༧ ཙམ་འཛིན་བཟུང་བྱས་ཡོད་པ་དང༌། ལོ་འདིར་བོད་མི་ ༡༨ ལ་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་ཁག་སོ་སོར་དུས་བཀག་བཙོན་འཇུག་ཟླ་དྲུག་ནས་ལོ་ ༡༢ བར་གྱི་ཁྲིམས་ཆད་བཏང་ཡོད།

བཙོན་ཁང་ནང་མུ་མཐུད་དེ་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་བའི་ཐབས་ལམ་ངན་པ་ལག་བསྟར་བྱེད་བཞིན་ཡོདཔ་དང༌། ཕྱི་ཟླ་ ༡༠ ནང་ཆབ་སྲིད་བཙོན་པ་ཉི་མ་གྲགས་པ་སྡུག་སྦྱོང་མནར་གཅོད་འོག་རྐྱེན་འདས་སུ་གྱུར་ཡོད། ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༢ཚེས་ ༢༡ ཉིན་ཆབ་སྲིད་དྭོགས་གཞིའི་དབང་གིས་འཇུ་བཟུང་བྱས་པའི་གཞི་རྩེ་ས་ཁུལ་ཁང་དམར་རྫོང་གི་གི་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་བསྟན་འཛིན་ཕུན་ཚོགས་ལགས་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་དབང་གིས་ཉེ་འཆར་ཕྱི་ཟླ་ ༩ ཚེས་ ༨ ཉིན་གཞི་རྩེ་ས་ཁུལ་གྱི་སྨན་ཁང་ཞིགནང་རྐྱེན་འདས་སུ་གྱུར་ཡོད། བོད་ནང་ནུབ་ཕྱོགས་གསར་སྤེལ་གྱི་ལས་གཞི་དང༌། མེ་འཁོར་ལྕགས་ལམ། ཆུ་མཛོད། ཆུ་གློག་སོགས་འཛུགས་སྐྲུན་ལས་འཆར་གྱིས་རྐྱེན་པས་བོད་མི་ཞིང་འབྲོག་མང་པོ་ཞིག་གི་འཚོ་གནས་ལ་དཀའ་ངལ་གསར་པ་འཕྲད་བཞིན་ཡོད་པ་དང༌། བཙན་དབང་ཐོགནས་ས་ཆ་གཞན་དུ་གནས་སྤོས་བྱེད་དུ་བཅུག་པ་སོགས་ཀྱི་བོད་མི་དེ་དག་གི་མ་འོངས་འཚོ་གནས་ཐད་བློ་འཚབ་ཆེན་པོ་ཆགས་ཡོད་ལ་ཁོར་ཡུག་སྐྱེས་ཁམས་དོ་སྙོམས་ལ་གནོད་སྐྱོན་འགྲོ་གི་ཡོད།

བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་ཁག་ལ་དམ་དྲག་བཀག་སྡོམ་ཆེན་པོ་བྱེད་བཞིན་ཡོད་པ་སྟེཕྱི་ཟླ་ ༧ ནང་སློབ་ཕྲུག་བརྒྱད་བརྒྱ་ཙམ་ཡོད་པའི་ཀིརྟི་ནང་བསྟན་སློབ་གླིང་སྒོ་བརྒྱབ་ཏུ་བཅུག་ཡོད་པ་དང༌། ཕྱི་ཟླ་ ༡༡ ནང་དཀར་མཛེས་ས་ཁུལ་གྱི་ཤང་ཁག་གཅིག་གི་བོད་མིའི་སྡོད་ཁང་ནང་ྋགོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད། བོད་ནང་གི་འགྲོབ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང༌། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་ཁག་རྒྱབ་འགལ་གྱིས་མུ་མཐུད་དེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་གཏོང་བཞིན་ཡོད། དེ་རིང་གོ་སྐབས་འདི་དང་བསྟུན་ནས་རྒྱའི་བཙན་འོགཏུ་འགྲོ་བ་མིའི་ཐོབ་ཐང་དང་བྲལ་ཞིང་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེས་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་དང༌།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༠༥ཉིན་སྤེལ། ཟླ་ ༡༢ ཚེས་ ༡༠ ཉིན་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་ ༥༥ འཁོར་བའི་དུས་དྲན་གྱི་ཉི་མོ་གལ་ཆེ་ཞིག་རེད། ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་འཁུར་དང་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཡ་ང་བའིབོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་དེ་གང་མགྱོགས་ལེགས་བཅོས་ཡོང་བའི་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན།། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་སྤེལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༢༢༠༠༩༡༩༣༢
ལི་ལྗོངས་ཀྱི་གངས་ཕྲུག
གནས་ཚུལ་དེ་བཟང་པོ་ཞིག་རེད་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།