རང་གི་ཞྭ་མོ་ནག་པོ་གཞན་ལ་གཡོག་རྩིས་བྱེད་མཁན་རྐུན་ཇག་ཚོ།
མཐའ་མའི་བསྐྱར་བཅོས། (༢༥༢༠༡༠༡༦༢༡) ༢༤༢༠༡༠༡༣༥༣
ཀ་ན་ད་ནས་ཡིན་པ་བཀྲིས་སྟོབས་རྒྱལ་ཟེར་བ་ཁ་ཡང་སྤྱི་རྒྱུ་སྒེར་བཟོས་བྱེད་མཁན་གྲངས་དེ་ཡིན་པ་ཐག་ཆོད། ཁོང་གི་སྐད་ཆ་བཤད་སྟངས་ལ་བལྟས་ན་ཁོང་སྔ་མ་བོད་གཞུང་གི་ཟ་ཁང་དང་། བཟོ་ཚོང་ཁང་ནས་ལོ་མང་རིང་རྐུན་ཇག་བརྒྱབས་མཁན་ནག་ཉེས་ཅན་ཞིག་ཡིན་ངེས་ཏེ། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་ཟ་ཁང་དང་བཟོ་ཚོང་ཁང་སོགས་གཞུང་ལ་ཁེ་མེད་གྱོང་གུན་ཅན་རྣམས་བཙོང་སྟེ་རྐུན་མ་ཁོ་ཚོའི་གྲངས་ཀྱི་ཁ་ལ་རྡོ་རྗེ་རྒྱ་གྲམ་རེ་རེ་བརྒྱབས་པས། རྒྱུ་མཚན་དེར་བརྟེན་བཀའ་ཁྲི་མཆོག་ལ་ཉེས་མེད་ཉེས་འཛུགས་བྱས་པ་རེད། མདོར་ན་རང་ཉིད་ཀྱི་སྐྱོན་ཚང་མ་དོན་ལ་ཁྲོམ་བསྒྲགས་བྱས་པ་རེད། བོད་གཞུང་ནི་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཡིན་ཙང་རྐུན་མ་ཇག་པ་དེ་ཚོའི་བྱས་ཉེས་ཡོད་ཚད་མཐོང་ནའང་མི་མང་གི་མདུན་ལ་ཕྱི་སྒྲོག་བྱས་མེད་པ་རེད། ཡིན་ནའང་ཁོ་རང་ཚོས་འདི་དང་འདི་བཞིན་བྱས་པ་ཡིན་ཞེས་རང་སྒྲོག་བྱས་འདུག་ལ་དེ་ནི་དགོད་བྲོ་བའི་གནས་ཤིག་རེད། །
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བཀའ་བློན་ཁྲི་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་བྱ་རྒྱུ་ཡིན་ཟེར།"
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|