སྡུག་ཚོད་མ་ཟིན་པའི་རྒྱ་དམར་པོ།
མཐའ་མའི་བསྐྱར་བཅོས། (༠༤༢༠༡༠༡༣༣༨) ༠༢༢༠༡༠༡༣༤༨
རྒྱ་དམར་པོ་འདིས། སྤྱི་ལོ་༡༩༥༩ནས་བཟུང་སྟེ་བོད་ལ་སྡུག་རྩུབ་དང་གཉའ་གནོན་བྱས་པ་གྲངས་ཀ་མེད། ཕ་བསད་པའི་མི་ཚད་བྲོ་རྡུང་དང་། ཟོག་བསད་པའི་མི་ཚད་རྔ་མའི་དར་ཕྱར་ཟེར་བའི་དཔེ་ལྟར། བོད་ས་བཙན་བཟུང་བྱས་པས་མི་ཚད་བོད་མི་བསད། བོད་དབང་བཟུང་བྱས་པས་མི་ཚད་གཏེར་ཁ་སྔོག ༧གོང་ས་རྒྱལ་བའི་དབང་པོ་ཕྱི་ཡུལ་དུ་བཀྲད་པས་མི་ཚད་སྐུལ་འདེབས་དང་ངན་སྨྲས་བྱས། ངོ་ཚ་རྒྱུ་མེད་པའི་སྐྱག་རྫུན་དང་། ཞེ་ཁྲེལ་རྒྱུ་མེད་པའི་ཧམ་པ་དེ་ཚོད་གཅིག་ཀྱང་མི་འདུག བོད་དེ་རང་བཙན་གཙང་མ་ཡིན་མིན་ང་ཚོས་འགྲེལ་བརྫོད་བྱེད་དགོས་དོན་མེད། ནམ་ཡང་རང་བཙན་ཡིན། རང་བཙན་གཙང་མ་ཡིན།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ཆེས་མཐོའི་རང་སྲིད་རང་སྐྱོང་གིས་རྩ་ཁྲིམས་ལ་གཏོར་བཤིགས་བཏང་སོང་ཟེར།"
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|