དུས་གསུམ་གྱི་སྐོར།

གུས་པ་མཐོ་སློབ་ཆུང་ངུ་བཞིན་དུ་འགྲིམས་སྐབས། འགོས་པདྨ་རྒྱལ་མཚན་མཆོག་མཐོ་སློབ་དེར་ཕེབས་ཏེ་ཉིན་གྲངས་བཅུ་ཡས་མས་ཤིག་ལ་སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་བ་མུ་ཏིག་ཕྲེང་མཛེས་ཀྱི་དཀའ་གནད་ཁག་ངོ་སྤྲོད་གནང་སོང་། དེའི་སྐབས་སུ་ཁོང་གི་སློབ་མ་ཧི་མ་ལ་ཡའི་རི་རྒྱུད་ཁུ་ནུ་ག་ཞག་ཕྱོགས་ནས་ཡིན་པ་ཞིག་གིས་བྲིས་པའི་དུས་གསུམ་སྐོར་པར་ལོག་ཅིག་བཀྲམས་སོང་། དེབ་དཔར་དགོས་རྒྱུ་ཡིན་ཚུལ་གསུངས་སོང་། དེ་ལ་དང་པོར་དུས་གསུམ་སྤྱི ། བྱེ་བྲག ཐོར་བུ། ཁྱབ་མཉམ་བཅས་བཞིར་ཕྱེས་འདུག དེ་རེ་རེ་ལ་ཆ་འདྲ་རེ་རེ་སྟེ་སྤྱིའི་ཆ་འདྲ། བྱེ་བྲག་གི་ཆ་འདྲ། ཐོར་བུའི་ཆ་འདྲ། ཁྱབ་མཉམ་གྱི་ཆ་འདྲ་སྟེ་དབྱེ་བ་བཞི་སྟེ་ཁྱོན་དབྱེ་བ་བརྒྱད་ཕྱེས་འདུག བདག་གིས་བསམ་ན་བོད་ཡིག་སྦྱོང་མཁན་ཚང་མས་དུས་གསུམ་གྱི་རྩ་འཛིན་སྦྱོང་དེབ་དེ་ག་རང་བྱེད་ན་ཞེ་དྲག་གི་ཡག་པོ་འདུག་དྲན་བྱུང་། གཞན་དུས་གསུམ་སྤྱི་དང་བྱེ་བྲག་ཐོར་བུ་སྟེ་དབྱེ་བ་གསུམ་གྱི་ལུགས་དང་དེའི་ཁར་ཁྱབ་མཉམ་བསྣན་ཏེ་དབྱེ་བ་བཞིའི་ལུགས་བྱས་ནའང་བསྡུས་དྲགས་ནས་རིགས་པ་འགྲེ་དཀའ་བར་འདུག་གོ བོད་ཀྱི་བརྡ་སྤྲོད་རིག་པ་ལ་ལེགས་སྐྱེས་འབུལ་མཁན་གནའ་དེང་གི་མཁས་པ་སྐྱ་སེར་ཕོ་མོ་ཀུན་ལ་གུས་པས་འདུད་པར་བྱའོ།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རྟགས་འཇུག་གི་དུས་གསུམ་རྣམ་གཞག་བློ་གསར་ལམ་སྟོན།"



བརྗོད་གཞི་གཞན་ཁག་ལ་གཟིགས།