བོད་ཀྱི་ས་ཁོངས་ཀྱི་་ཁྱབ་ཚད།

འདི་བཀོད་པའི་བོད་ཁམས་ཡོངས་ཀྱི་ས་མིང་ཞེས་པར་བསམ་ཚུལ་ཐུང་ངུ་ཞིག་ཡོད། འདིར་བཀོད་པའི་བོད་ཁམས་ཡོངས་ཀྱི་ས་མིང་ཞེས་པ་དེ་དེང་སང་རྒྱ་ནག་གིས་བོད་ཀྱི་མངའ་ཁུལ་ཁག་ཅིག་ལ་སྲིད་འཛིན་ས་ཁོངས་དབྱེ་བ་དེ་རེད་མ་གཏོགས། བོད་ཁམས་ཀྱི་ཐ་སྙད་མི་འཇུག རྒྱུ་མཚན་འདིར་བཀོད་པའི་བོད་ཁམས་ཡོངས་ཀྱི་ས་མིང་ཞེས་པའི་ཁྱབ་ཚད་དམ་དེའི་ཁོངས་གཏོགས་སུ་མ་ཚུད་པའི་བོད་ཀྱི་ས་ཁོངས་མང་པོ་ཞིག་ལྷག་ཡོད། དཔེར་ན། མདོ་སྨད་བྱང་རྒྱུད་དང་ཤར་རྒྱུད། ལྷོ་རྒྱུད་དང་སི་ཁྲོན་དང་ཡུན་ནན་བཅས་སུ་ད་ལྟ་ད་རུང་བོད་ཀྱི་འདུས་སྡོད་ཀྱི་ས་ཆ་མང་པོ་ཞིག་ལྷག་ཡོད། དེ་དག་ནི་བོད་བཙན་པའི་སྐབས་ནས་ས་གནས་དེ་དག་ཏུ་གཏན་སྡོད་བྱས་པ་ཡིན། འདི་དག་ལ་དོ་སྣང་མ་བྱས་པར་དེང་སང་གི་སྲིད་འཛིན་ས་ཁུལ་ཁག་ཅིག་ལ་བལྟས་ཏེ་བོད་ཁམས་ཡོངས་ཞེས་སྦྱར་ན་མི་འོས་སོ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་ཁམས་ཡོངས་ཀྱི་ས་མིང།"



བརྗོད་གཞི་གཞན་ཁག་ལ་གཟིགས།